རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲིམས་ཡིག་ངོ་སྤྲོད་གཅེས་བཏུས། (IUCN)
ལྷན་ཚོགས་འདིའི་ལས་ཁུངས་ཨ་མ་སུད་སི་རྒྱལ་ས་ཇིན་ནི་ཝར་ཡོད་ཅིང༌། ལྷན་ཚོགས་འདི་རྒྱལ་ཁབ་ ༧༠ ལྷག་གི་ཚོགས་མི་ལས་གྲུབ་ཡོད་ལ། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་བརྒྱ་ཕྲག་ལྷག་དང་མཉམ་འབྲེལ་བྱེད་བཞིན་པ་དང༌། ལས་བྱེད་ ༨༢༠ དང་བླངས་ ༨༠༠༠ ལྷག་གི་རྒྱལ་ཁབ་ ༤༠ ནང་སྲུང་སྐྱོབ་ལས་དོན་འདྲ་མིན་བྱེད་ཀྱི་ཡོད་པ་རེད། ལྷན་ཚོགས་ཀྱི་འཚོགས་འདུ་དེ་ལོ་གསུམ་མམ་བཞིའི་ནང་ཐེངས་རེ་བསྐོང་འཚོགས་བྱེད་ཀྱི་ཡོད་པ་དང༌། ལས་དོན་གཙོ་བོ་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྣམས་ཛ་དྲག་ཟིན་ཐོ་དམར་པོར་འགོད་རྒྱུ་དང༌། སྐྱེད་ཚལ་དང་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དོ་དམ་བྱེད་རྒྱུ། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ཀྱི་ཁྲིམས་གཞི་ཁག་ལ་དོ་དམ་ཉར་ཚགས་བྱ་རྒྱུ་སོགས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ནི་རིགས་རྒྱུད་སྟོངས་ལ་ཉེ་བའི་སྲོག་ཆགས་རྣམས་ཀྱི་ཛ་དྲག་གི་སྲུང་སྐྱོབ་དང་འབྲེལ་ལྷན་ཚོགས་དེའི་སྲོག་ཆགས་འཚོ་གནས་ལྟ་སྐྱོང་ཡན་ལག་ལས་ཁུངས་ཁག་བརྒྱུད་ནས་དུས་ཡུན་ལོ་ངོ་བཅུ་ཕྲག་བཞི་རིང་བདག་མེད་སྲོག་ཆགས་རྣམས་ཀྱི་སྲུང་སྐྱོབ་གནས་བབ་དང༌། དེ་དག་གི་བྱེ་བྲག རིགས་རྒྱུད་རྣམས་ལ་རྟོག་ཞིབ་བྱས་དང་བྱེད་མུས་ཡིན་པ་མ་ཟད་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་དག་སྲུང་སྐྱོབ་བྱ་རྒྱུར་སྐུལ་མ་གཏོང་ཆེད་དུ་ཐ་ན་འཛམ་གླིང་རང་བཞིན་ཅན་གྱི་སྲོག་ཆགས་ཀྱི་འབོར་ཚད་བྱེ་བྲག་འགའ་ཡང་འདེམས་བཏོན་བྱས་ཡོད། གོང་གི་སྲོག་ཆགས་འཚོ་གནས་ལྟ་སྐྱོང་ཡན་ལག་ལས་ཁུངས་དེ་བཞིན་འཛམ་གླིང་ཁྱོན་དུ་སྟོངས་ལ་ཉེ་བའི་སྐྱེ་དངོས་སྐོར་གྱི་མིག་སྔའི་གནས་བབ་སྐོར་ལ་རྒྱུ་མཚན་ལྡན་ལ་ཚན་རིག་གི་རང་བཞིན་ལྡན་པའི་ཆ་འཕྲིན་མཁོ་འདོན་བྱ་རྒྱུར་རྒྱུན་དུ་འབད་བརྩོན་བྱེད་བཞིན་ཡོད།
ཐེངས་ 42285 བཀླགས་འདུག