ང་ཚོའི་གཤིན་རྒྱུའམ་ལུད་ཉར་ཚགས་བྱེད་པ།
གཤིན་རྒྱུ་ནི་གཏེར་རྫས་དང་། སྐྱེ་ལྡན་དངོས་པོ། གཤེལ་ཁུ། རླངས་རྫས། དབང་པོའི་མ་ལག་སོགས་འདྲེས་ནས་གྲུབ་ཅིང་དེ་དག་མཉམ་འདུས་ཀྱིས་ཚེ་སྲོག་ལ་རམ་འདེགས་བྱེད་ཀྱི་ཡོད། དེ་ནི་སའི་གོ་ལའི་སྣོད་བཅུད་རྟེན་འབྲེལ་གྱི་ཆ་ཤས་ཆེ་ཤོས་ཤིག་ཡིན། (Soil, Wikipedia)འདིར་གཟིགས། ) ཚེ་སྲོག་གི་འབྱུང་ཁུངས་འདིར་བོད་དང་ཧི་མ་ཅལ་མངའ་སྡེའི་ནང་སྲུང་སྐྱོབ་ལེགས་པོ་ཇི་ཙམ་བྱས་ཡོད་དམ། གཤིན་རྒྱུ་དག་མ་ཞིག་གི་བརྒྱ་ཆའི་ ༥༠ སྲ་གཟུགས་དང་། ༤༥ གཏེར་རྫས། ༥ སྐྱེ་ལྡན་དངོས་པོ་ཡིན། བརྒྱ་ཆའི་ ༥༠ ནི་ཕྱེད་ཆུ་དང་། ཕྱེད་རླངས་རྫས་ཀྱིས་བཟུང་བའི་སྟོང་སང་ཡིན། (McClellan,2017) གཤིན་རྒྱུའི་ཚན་རིག་པ་རྣམས་ཀྱིས་གཤིན་རྒྱུའི་ཁྱད་ཆོས་ལ་བསྟུན་ནས་སྡེ་ཚན་ཕྱེས་པ་དང་། བཟོ་བཀོད་ཀྱི་སྤྱོད་སྒོའི་ཁྱད་པར་ལ་གཞིག་པའི་འཆར་འགོད་བྱས་ཡོད། (Soil classification,Wikipedia)འདིར་གཟིགས།དབྱེ་བ་འདི་ནི་གཤིན་རྒྱུ་ཉར་ཚགས་བྱེད་སྐབས་གལ་ཆེན་པོ་ཡིན། ང་མཚོས་མཐོང་འགྱུར་ལྟར་ཉིལ་འཛད་འགྱུར་ལྡོག་དང་སྙིག་རོ་སྟང་འཛིན་གྱི་མངོན་གྱུར་གྱི་མཐོང་རྒྱ་སོགས་ཆེད་ལས་གཅིག་གིས་གཞན་ཞིག་ལ་གོ་གོ་རྟོག་གོང་འཕེལ་བྱེད་ཐུབ། དང་པོར་ང་ཚོས་གཤིན་རྒྱུ་ཚད་ལྡན་ཞིག་དང་དེའི་འོག་གོ་རྡོ་ཧྲུག་སོགས་ཀྱི་སྐོར་ལ་གླེང་མོལ་མདོར་བསྡུས་ཤིག་བྱེད་དང་། (དཔེ་རིས་དང་པོར་གཟིགས།) གཤིན་རྒྱུ་ཨོ་ (O) དང་། ཀ (A) (topsoil)*[1] ཡང་ཟེར་ལ་ཕལ་ཆེ་བ་སྐྱེ་ལྡན་ཡིན་ཞིང་། སྔོ་ལུད་ཀྱང་ལྡན། གཏེར་རྫས་ཕྲ་མོའི་རིགས་དང་དྲེས་ཡོད། ས་བོན་རྣམས་གཤིན་རྒྱུ་ཨོ་ (O) ཡི་ནང་དུ་མྱུ་གུ་འབུས་པ་དང་། ཀ་ (A) པའི་ནང་དུ་འཚལ་ལོངས་བྱེད་པ་རེད།
དཔེ་རིས་དང་པོའི། (ས་རྒྱུ། ཨོ། O ཀ A ཁ། B ག C སོགས་དང་། སྔོ་རིགས) སོགས་ལ་གཟིགས། |
དཔེ་རིས་དང་པོ། (ས་རྒྱུ་ཨོ་ (O) ཀ་ (A) ཁ་ (B) ག་ (C) སོགས་དང་། སྔོ་རིགས།) སོགས་ལ་གཟིགས། ས་རྒྱུ་ཁ་ (B) ལ་ས་རིམ་གཉིས་པ། (subsoil) ཞེས་ཀྱང་འབོད་ལ། ཧ་ལམ་རྫ་དང་། རྒྱུག་ཆུའི་སྙིགས་འདམ་མམ་བྱེ་མ། སྒང་གི་ཆགས་རིམ། རྩི་ཤིང་གི་རྩ་བར་ཆུ་སྤྲོད་བྱེད་ལས་གཏེར་རྫས་གསོག་འཇོག་བྱས་པ་སོགས་འདུས་ཀྱི་ཡོད། (ཨོ་ (O) ཀ་ (A) ཁ་ (B) སོགས་ནི་རྩི་ཤིང་ལོ་ཐོག་སོགས་སྐྱེ་འཚལ་བྱེད་པར་གཤིན་པོ་ཡོད་པའི་ཆ་ནས་གཤིན་རྒྱུ་ཞེས་ཟེར)[2] ས་རྒྱུ། ག་པར་ས་འོག་གི་བྲག་རིམ་ཆག་རོ་ཆུང་ངུས་གྲུབ་ཡོད། ཆགས་རིམ་དེའི་ནང་དུ་སྤྱིར་བཏང་རྩི་ཤིང་གི་རྩ་བ་འཛུལ་མི་ཐུབ་པ་དང་། འཛུལ་བ་ཡིན་ན་ཆགས་རིམ་དེར་གས་ཆག་འགྲོ་ཉེན་ཡོད་ཅིང་། གཞི་སྒྲོམ་གྱི་ཁྱད་ཆོས་སྤུས་ཞན་པོ་ཡོད། ཆགས་རིམ་དེའི་འོག་ཏུ་རིན་ཐང་ཆུང་བའི་ས་འོག་གི་བྲག་རིམ་ལམ་དང་ཁག་པ་བཟོ་བ་སོགས་རྨང་གཞིའི་འཛུགས་སྐྲུན་ལ་སྤྱད་ཆོག་པ་དེ་ཡོད། ལས་སླ་པོར་བཤད་ན་གཤིན་རྒྱུའི་ཚན་རིག་པ་དང་། ཞིང་པ་རྣམས་གཤིན་རྒྱུ་ཨོ་ (O) དང་། ཁ་ (B) ལ་འདེབས་ལས་བྱེད་རྒྱུར་དགའ་མོས་བྱེད་པ་དང་། འཆར་འགོད་པ་དང་། རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་གཏོང་མཁན་རྣམས་ཀྱིས་གཤིན་རྒྱུ་ག་ (C) དང་། ས་འོག་གི་བྲག་རིམ་ལ་དགའ་མོས་བྱེད། ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དག་གི་ནང་དུ་བཟོ་ལས་འཆར་འགོད་པ་རྣམས་གཤིན་རྒྱུ་ཨོ་ (O) ནས་ ཁ་ (B) བར་དུ་སྤྲོ་སྣང་སླེབས་མཁན་མང་དུ་འགྲོ་བཞིན་ཡོད། གང་ཡིན་ཞེ་ན། དེ་ཚོས་དམའ་སའི་གཤིན་རྒྱུ་རྣམས་སྲུང་ཐུབ་པ་དང་། ལྡུམ་ར་སོགས་སུ་རྩི་ཤིང་འདེབས་པར་ཡང་སྤྱད་ཆོག་པས་རེད། གཤིན་རྒྱུ་འདིའི་ཉིལ་འཛད་འགྱུར་ལྡོག་གིས་དཀའ་ངལ་གཉིས་ཀྱི་རྐྱེན་བྱེད་ཀྱི་ཡོད། ཉིལ་འཛད་འགྱུར་ལྡོག་གིས་ས་གཞིར་གང་ཞིག་བྱེད་ཐུབ་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད། རིམ་འཛད་དུ་ཕྱིན་པའི་གཤིན་རྒྱུ་ནི་རྩི་ཤིང་སྐྱེ་བར་ཕན་པའི་རྒྱུ་གལ་ཆེན་ཞིག་མེད་པར་གྱུར་བ་རེད། གཤིན་རྒྱུ་རིམ་འཛད་དུ་སོང་བའི་སྙིགས་རོ་དེ་དག་གིས་ཁད་དམའ་བའི་ས་ཆར་བཙོག་སྐྱོན་གཏོང་སྲིད། དཔེར་ན། གཤིན་རྒྱུ་གང་རུང་གི་གཏེར་རྫས་ཀྱིས་ཆུ་བོའི་འབབ་རྒྱུན་དུ་གནས་པའི་སེམས་ཅན་དང་རྩི་ཤིང་གི་རང་བྱུང་འཚོ་གནས་ལ་བཙོག་སྐྱོན་དང་། གནོད་འཚེ་གཏོང་སྲིད། དེ་དང་འདྲ་བར་ས་ཉིལ་བའི་ནང་གི་གཤིན་རྒྱུ་དང་། རྡོ་སོགས་ཀྱིས་གནོད་སྐྱོན་ཚབས་ཆེན་བྱེད་ངེས། འོན་ཀྱང་བཙོག་ཆུའི་ཡུར་བ་སྤུས་ལེགས་ཤིག་ལ་བརྟེན་ནས་གཤིན་རྒྱུའི་ཉིལ་འཛད་དང་། སྙིགས་རོའི་སྐྱོན་ལ་སྟངས་འཛིན་བྱེད་པ་གཉིས་ཀ་ཡག་པོ་ཡོད་རེད། འདིར་རྩོམ་པ་པོས་བོད་དང་ཧི་མ་ཅལ་མངའ་སྡེ་ནས་མཐོང་བའི་ཞིང་ཁ་དང་། རྩྭ་ཐང་གི་གཤིན་སའི་པར་ཡོད།
མེག་གྷན་དང་ཉེ་བའི་ཀཱ་རེར་རི་ (Kareri) གྲོང་གསེང་ (དྷ་ས་མེག་གྷན་གྱི་སྒང་ལ་ཡོད་པའི་དྷ་རམ་ཀཱོ་ཊི་ (dharamkot) ནས་ཡར་འགྲོ་སའི་གྷ་ལུ་དྷ་ཝི་ལྷ་ཁང་ (Galu Devi temple) ཡོད་སའི་རྒྱབ་ཀྱི་ཞིང་པ་རེད་ཅེས་རྩོམ་པ་པོས་གསུངས་བྱུང་) [3] ཀྱི་ཞིང་པ་རྣམས་ཀྱིས་གཤིན་རྒྱུའི་སྐོར་ཤེས་རྟོག་བྱུང་འདུག འདས་པའི་ལོ་བརྒྱ་ཕྲག་མང་པོའི་རིང་གཤིན་རྒྱུ་ ཨོ་ (O) དང་། ཀ (A) ཁ་ (B) སོགས་འཕྲོ་བརླག་སུ་མི་འགྲོ་བའི་ཆེད་རི་ཞིང་སྐས་རིམ་བཅན་བཟོས་འདུག་པ་དང་། ཞིང་ས་གཤིན་པོར་བཟོ་ཕྱིར་ཆུ་འཐེན་པ་སོགས་ཐབས་ཤེས་དཔྱད་འདུག ཁོང་ཚོའི་ལོ་ཏོག་དང་ཚེ་སྲོག་ནི། ཉིལ་འཛད་དམ་རིམ་འཛད་དང་། སྙིགས་རོ་སྟངས་འཛིན་ལ་རག་ལུས་ཡོད།
ཛ༡ པོ། (S1) ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་ཀཱ་ར་རི་ (Kareri) གྲོང་པས་སྐས་ཞིང་བཟོས་ཏེ་ཆུ་དྲངས་ནས་ཞིང་ཁ་རྨོས་ཟིན་པའི་རྣ་པ།
འདྲ་པར། ཛ༢ པ། (S༢) རང་བྱུང་དྲག་ཆར་གྱིས་རྐྱེན་པས་འཛད་ཟད་དུ་གྱུར་པའི་བོད་ཀྱི་རྩྭ་ཐང་ལ་ང་ཚོས་སྔོན་འགོག་དེ་ཙམ་བྱེད་མི་ཐུབ།
འདྲ་པར། ཛ༣ པ། (S༣) ལ་ལྟོས། ཇོན་ཀཱ་རྫོང་ (Jonkha Dzong) གི་ཉེ་སར་ཉིལ་འཛད་དུ་གྱུར་པའི་བོད་ཀྱི་རང་བྱུང་གྲོག་ཤུར། བོད་ནང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠
གཤིན་རྒྱུའི་འགུར་སྐྱོད་བརྟན་པོ་བཟོ་བར་སྔོ་རྩྭ་དང་། རྩི་ཤིས་བསྐྱར་འདེབས་ངེས་པར་དུ་བྱེད་དགོས་མོད། དེ་འདྲའི་མིག་དཔེ་བཟང་པོ་བོད་ནང་ནས་དེ་སྔོན་མ་མཐོང་། དེར་བརྟེན་བྱེ་མ་དང་བྱེ་ཕུང་རྣམས་མུ་མཐུད་ནས་ཉིལ་ཟད་དུ་འགྲོ་བ་དང་། རླུང་གིས་གང་སར་འདེད་བཞིན་ཡོད།
འདྲ་པར་ཛ༣ པ། (S3) ལ་ལྟོས། ཁ་རྒོ་ (Cogo) ཉེ་སར་བྱེ་མ་དང་བྱེ་ཕུང་བརྟན་པོར་བཟོ་བཞིན་པ། བོད། ཕྱི་ལོ་ ༢༠༡༧ ཟླ་ ༡༠
འདིར་བོད་དང་ཧི་མ་ཅལ་ཁུལ་དུ་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་ཀྱི་སྐབས་སུ་གཤིན་རྒྱུ་དང་ས་ལ་བཀོད་སྒྲིག་བྱེད་ཐབས་ལ་རྩོམ་པ་པོས་དོ་སྣང་བྱུང་བའི་དཔེ་མཚོན་འགའ་ཞིག་ཡོད།
བཟོ་ལས་འཆར་འགོད་པ་དང་། རྡོ་བཟོ་བ། ཁང་ལས་པ་སོགས་ས་ཆ་ཞིག་ལ་གསར་དུ་སླེབས་པའི་མིས་གནས་དེའི་ས་གཤིས་སྐོར་ལེགས་པོ་ཞིག་ཕལ་ཆེར་མི་ཤེས། དཔེར་ན། ཨོ་སི་ཋི་རེའེ་ལི་ཡའི་ (Australia) ནང། བཟོ་ལས་འཆར་འགོད་པ་དང་། རྡོ་བཟོ་བ་སོགས་ཀྱིས་ཁྱིམ་དང་ལམ་རྒྱི་འཛུག་སྐྲུན་ལྟ་བུའི་རྨང་གཞིའི་ཡར་རྒྱས་འཛུག་སྐྲུན་གྱི་ནང་ཉམས་ཆག་འགྲོ་སླ་བའི་ས་གཞིར་ཉིལ་འཛད་དང་། སྙིགས་རོ་སྟངས་འཛིན་ (E&SC) ལ་ངེས་པར་དུ་འབད་བརྩོན་བྱེད་དགོས། ཉིལ་འཛད་དང་། སྙིགས་རོ་སྟངས་འཛིན་ (E&SC) ལ་འགྲོ་གྲོན་འཕར་མ་དགོས་ཀྱང་ས་གཞི་སྲུང་སྐྱོབ་བརྟན་པོ་ཡོང་བ་དང་། རྨང་གཞིའི་འཛུག་སྐྲུན་དེར་ལྟ་སྐྱོང་ཅུང་ཟད་ལས་མི་དགོས་པར་ལོ་མང་པོར་གནས་ཐུབ་པ་ཡོང་བ་ཡིན། དེ་ནི་ བཟོ་ལས་འཆར་འགོད་པ་དང་། རྩོམ་པ་པོའི་ (ཆེད་རྩོམ་འདིའི་རྩོམ་པ་པོ) ལོ་ངོ་སུམ་བཅུའི་ཉམས་མྱོང་ཡིན། བཟོ་ལས་འཆར་འགོད་ཀྱིས་རྐྱེན་པའི་ལམ་ཟུར་གྱི་ཐག་རིང་ས་དང་། ཉེ་སའི་ཉིལ་འཛད་ལ་དོ་སྣང་གྱིས། ཤུགས་རྐྱེན་ཆེ་བའི་ཆུའི་ཡུལ་བ་དང་། སྙིགས་རོའི་སྟངས་འཛིན་མེད་པར་མངོན་པ་སོགས་ལ་ཡང་དོ་སྣང་གྱིས།
མེག་ལོ་གྷན་རྗི་ན་ཉིལ་འཛད་དང་། སྙིགས་རོ་སྟངས་འཛིན་ (E&SC) མཐོང་རྒྱུ་མེད་པར་ལྟོས་དང་། འདྲ་པར་དེའི་ནང་གཤིན་རྒྱུ་རྣམས་མགྱོགས་སྨྱུར་སྐམས་པར་ངེས་པའི་ཤིང་སྡོང་ཞིག་དང་། ཕྱེད་བརྡིབས་ནས་ཡོད་པའི་མ་ནི་ལག་འཁོར་གྱི་ཁང་པ་དེ་གཉིས་ཀྱིས་གནས་སྐབས་ཙམ་ལ་ཉར་འཚགས་བྱས་ནས་འདུག
འདྲ་པར། ཛ༥ པ། (S5) ལ་ལྟོས། གཙུག་ལག་ཁང་གི་སྐོར་ལམ། ཕྱི་ལོ་ ༢༠༡༧ ཟླ་ ༡༠
བཟོ་འགོད་ཟིན་པའི་ཆུ་ཡུལ་གྱིས་ཆུ་བཞུར་ཤུགས་མགྱོགས་སུ་བཏང་སྟེ་ཆུ་ཡུལ་དེ་དང་། དེའི་གཤམ་དུ་གནོད་སྐྱོན་བཟོ་བ། ད་དུང་ཉིལ་འཛད་དང་། ས་སྙིགས་རྡོ་སྙིགས་བཟོ་བ། ལུང་པ་ཁ་ཤས་ནང་ཆུ་ཡུལ་དེ་དང་འདྲ་བ་རྣམས་མེད་པར་བཅོས་ཏེ་ཆུ་བོའི་འབབ་རྒྱུན་ལ་རང་བྱུང་གི་འབབ་ཕྱོགས་འཚོལ་བཅུག་གི་ཡོད་པ་རེད། (འདི་ཆུ་ཡུལ་དྲང་པོ་བཟོ་བ་དང་། ཡུལ་བའི་རྩིག་ངོས་འཇམ་པོ་བཟོས་ཚེ་ཆུ་བཞུར་ཤུགས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་སྟེ་ཆུ་ཡུལ་རང་གི་གཡས་གཡོན་གྱི་ངོས་དང་། གཤམ་གྱི་ས་ཆ་ཁག་ལ་གནོད་སྐྱོན་ཚབས་ཆེ་རུ་འགྲོ་བའི་སྐོར་ལ་གསུངས་པ་རེད)[4]
འདྲ་པར། ཛ༦ (S6) ལ་ལྟོས། ས་སྐྱའི་ཁུལ། བོད། ཕྱི་ལོ་ ༢༠༡༧ ཟླ་ ༡༠
སྐྱེ་འཚལ་བྱེད་པ་དང་ཉིལ་འཛད་འགོག་པ་སོགས་ལ་ས་བཟང་པོ་གལ་ཡིན་པའི་སྐོར་གོང་དུ་བཤད་ཟིན། ཧི་མ་ལ་ཡའི་ས་ཁུལ་གང་དུ་ཡང་རྨང་གཞིའི་འཛུགས་སྐྲུན་སྐབས་མ་འོངས་པར་བེད་སྤྱོད་བྱེད་ཕྱིར་ཉར་ཚགས་བྱས་པའི་གཤིན་རྒྱུ་ས་ཕུང་བྱས་པ་མཐོང་རྒྱུ་མེད། (བོད་ནང་དུའང་དེ་སྔོན་རྩ་བ་ནས་མ་མཐོང་) གཤིན་རྒྱུ་ཉར་ཚགས་བྱས་རྗེས་ཀྱི་སྤྱོད་སྒོ་ནི་དཔེར་ན། ལམ་བཟོ་བ་དང་འཛུགས་སྐྲུན་གཞན་ཡང་བྱས་ཏེ་རི་གདོང་དང་ས་དུམ་བུར་བཅད་ནས་ཡོད་པ་སོགས་ནས་ས་རུང་མི་ཡོང་བར་བརྟན་པོ་བཟོ་ཕྱིར་ཁང་པའི་ཉེ་སྐོར་སོགས་སུ་ཤིང་སྡོང་སྐྱེ་སྤེལ། སྔོ་ཚལ་རིགས་འདེབས་པ་སོགས་བྱེད་པར་སྤྱད་ཆོག ས་རྒྱུ་གཉིས་པོར་གཉེར་སྲུང་བྱེད་པ་ནི་སོ་ནམ་པ་དང་། ཉིལ་འཛད་དང་། སྙིགས་རོ་སྟངས་འཛིན་ལག་ལེན་གྱི་ཚད་གཞི་ལྟ་བུ་ཡིན།
གཤིན་རྒྱུའི་བཀོད་བྱུས་སྙིགས་རོའི་དཔེ་མཚོན་རི་མོའི་རྗེས་སུ་ངེས་པར་དུ་འབྲངས་དགོས། (སྙིགས་རོ་ཉུང་དུ་གཏོང་བ་དང་རྒྱུ་ཆ་བེད་སྤྱོད་ཅེས་པའི་རྩོམ་ཡིག་ལ་ལྟོས) བསྐྱར་སྤྱོད་བྱེད་པ་གད་སྙིགས་འདོར་བ་སོགས་ལས་ལེགས་ཀྱང་སྔོན་འགོག་ནི་བསྐྱར་སྤྱོད་ལས་དགེ་མཚན་ཆེ། སྒང་དུ་གླེང་སློང་བྱས་པ་རྣམས་གཙོ་བོར་གད་སྙིག་སྔོན་འགོག་དང་། རང་བྱུང་གི་གཉིས་རྒྱུ་བྲི་ཚད་ཉུང་དུ་གཏོང་རྒྱུའི་སྐོར་ཡིན། སའི་དབྱེ་བ་མི་འདྲ་ཞིང་། བཙོག་སྐྱོན་ཕོག་པའམ་རྫས་ངན་གྱིས་སྦགས་པའི་ས་ཇི་ལྟར་འགྱུར་འགྲོའམ། ས་དེ་འདྲ་བས་མིར་གནོད་སྲིད་དམ། དཔེར་ན། རྫས་སྦྱོར་དང་བཅས་པའི་ས་ཉེལ་གྱི་ཆུ་སོགས་ལྟ་བུ། ས་དང་ཡུལ་ལུང་གི་སྦགས་བཙོག་ནི་སའི་རིན་ཐང་ལ་རྩི་མཐོང་མ་སྤྲས་པའི་རྐྱེན་གྱིས་ཡོང་གི་ཡོད། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་རྩི་འཇོག་མ་བྱས་པ་དེར་ཁས་ལེན་དང་བཅས་ཏེ་བསྐྱར་གསོའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།
ད་ལྟ་ཁྱེད་རང་གིས་སའི་སྐོར་ནས་ཅུང་མང་ཙམ་ཤེས་ཡོད། ཁྱེད་ཀྱི་འཁྲིས་སུ་ས་ལ་བྱ་སྤྱོད་ཇི་ལྟར་བཟུང་ཡོད་པ་དང་། ཁྱེད་ཀྱིས་ཇི་ལྟར་འཛིན་གྱི་ཡོད། གཤན་གྱི་གནད་དོན་ལ་བསམ་གཞིག་གྱིས།
ཐུང་ཐུང་དང་། འབྲེང་། དུས་ཡུན་རིང་པོའི་ཤུགས་རྐྱེན་དང་གོ་སྐབས།
ཁོར་ཡུག་དང་། སྤྱི་ཚོགས། རིན་གོང་། (ལག་ལེན་རྒྱུན་སྐྱོང་ཞེས་པའི་རྩོམ་ལ་ལྟོས།)
སྙིག་རོའི་དཔེ་མཚོན་རི་མོ། དངོས་རྫས་བེད་སྤྱོད་དང་། སྙིགས་རོ་ཉུང་དུ་གཏོང་བ་ཞེས་པར་གཟིགས།
ཆུ་དང་ལྷན་དུ་མཛའ་རྩེའི་འབྲེལ་བ། ང་ཚོའི་ཆུའི་སྤུས་ཚད་ལེགས་སུ་གཏོང་བ་ཞེས་པའི་རྩོམ་ལ་གཟིགས།
ལན་འདི་འདྲ་ཞིག་གིས་བོད་དང་ཧི་མ་ཅལ་མངའ་སྡེ་གཉིས་ཀྱི་ནང་དུ་གཤིན་རྒྱུ་ཉར་ཚགས་ཇི་ལྟར་བྱས་ཡོད་མེད་ཐག་གཅོད་བྱེད་པར་རོགས་ཕལ་ཆེར་བྱ་ཐུབ།
ང་ཚོའི་ས་གཞིར་སྲུང་སྐྱོབས་བྱས་པ་ལས་ང་ཚོའི་ཚེ་སྲོག་སྲུང་སྐྱོབ་བྱེད་པར་རོགས་ཧ་ལམ་བྱ་ཐུབ།
སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝེལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།
{གསལ་བཤད}
༡༽ སྤྱིར་ན་རྩོམ་ཡིག་འདི་སྒྱུར་ཁག་པོ་འདུག་ལ་ནང་དོན་ཁ་ཤེས་ལ་ཐེ་ཚོམ་ཡང་ཡོད། འོན་ཀྱང་རྩོམ་པ་པོས་ཇི་ལྟར་བྲིས་པ་བཞིན་དུ་དོན་སྒྱུར་བྱེད་གང་ཐུབ་བྱས་ཡོད།
༢༽ རྩོམ་ཡིག་འདིའི་ནང་དུ་བཏབས་པའི་སྒྱུར་མཁན་གྱི་མཆན་དག་ལ་ “སྒྱུར་མཁན་གྱི་མཆན་” ཞེས་གཤམ་དུ་ཡིག་ཆུང་ནང་གསལ་བཤད་ཞུས་ཡོད།
དཔྱད་གཞིའི་ཡིག་ཆ།
References
McClellan, Tai. “Soil composition”. University of Hawai‘i – College of Tropical Agriculture and Human Resources. Retrieved 11 June 2017
Soil classification, Wikipedia
Best Practice Erosion and Sediment Control, 2008
Types of remediation, Technology Water, 9 December 2014)
[1] སྐྱེ་ལྡན་དངོས་པོ་དང་། སྐྱེ་དངོས་ཕྲ་རགས། འབུ་སྲིན། ཆུ་སོགས་ལས་གྲུབ་ཅིང་། ས་འོག་ཏུ་ཨིན་ཆི་གཅིག་ནས་བདུན་ཙམ་གྱི་སར་ཡོད། ལོ་ཐོག་སོགས་སྐྱེ་བར་ཤིན་ཏུ་ཕན་པའི་གཤིན་རྒྱུ་ཞིག སྒྱུར་མཁན་གྱིས་མཆན་བཏབས།
[2] སྒྱུར་མཁནགྱི་མཆན།
[3] སྒྱུར་མཁན་གྱི་མཆན།
[4] སྒྱུར་མཁན་གྱི་མཆན།
ཐེངས་ 427488 བཀླགས་འདུག