Donate

རྩི་ཤིང་གིས་སྲོག་རླུང་སྦྱིན་སྟངས།

ཚན་རིག་པ་དང་ནང་པ་སོགས་ཆོས་ལུགས་ཁག་ཅིག་གིས་རྩི་ཤིང་ལ་ཚེ་སྲོག་ཡོད་པར་འདོད་པས་མ་ཚད། རྩི་ཤིང་གིས་ང་ཚོ་འགྲོ་བ་མིའི་རིགས་ལ་སོགས་པའི་སྲོག་ལྡན་སྐྱེ་འགྲོ་ཀུན་ལ་གལ་ཆེའི་དངོས་པོ་ཞིག་ལེགས་སྐྱེལ་འབུལ་བཞིན་ཡོད་པ་དེ་ནི། དབུག་རྔུབ་ལེན་བྱ་རྒྱུའི་ Oxygen སྲོག་འཛིན་རླུང་༼སྲོག་རླུང་༽ཡིན། 

Tree give us Oxygenཚན་རིག་པས་རྩི་ཤིང་རང་ཉིད་ཀྱི་དབུག་གཏོང་ལེན་ནམ་རྒྱུ་སྟངས་ནི། རྩི་ཤིང་གི་ལོ་མ་ལྗང་ཁུ་དེ་དག་ལ་རྡུལ་ཁུངས་ཆུང་ཆུང་གྲངས་ལས་འདས་པ་ཡོད་པ་དེ་དག་བརྒྱུད། Carbon Dioxide ནག་རླངས་ཉིས་འགྱུར། ༼དབུགས་རླངས།༽ རྔུབ་ལེན་གྱིས་ཕྱི་རོལ་གྱི་རླུང་ཁམས་གཙང་མར་བཟོ་བ་དང་། མ་ཚད་རྩི་ཤིང་གཅིག་གིས་རྩི་ཤིང་གཞན་ལའང་ཕན་ཐོགས་ཆེན་པོ་ཡོད་པར་བཤད།
རྩི་ཤིང་གིས་ང་ཚོར་ཇི་ལྟར་བྱེད་ནས་ Oxygen སྲོག་རླུང་སྦྱིན་སྟངས་ནི། གོང་དུ་བརྗོད་པ་ལྟར་རྩི་ཤིང་རང་ཉིད་ཀྱིས་ Carbon Dioxide ནག་རླངས་ཉིས་འགྱུར། ༼དབུགས་རླངས།༽ རྔུབ་ལེན་བྱས་པ་བརྒྱུད། ནག་རླངས་དེ་དག་ Oxygen སྲོག་རླུང་དུ་བསྒྱུར་བ་དང་། དེའི་བརྒྱུད་རིམ་ལ་ Photosynthesis འོད་ཀྱི་སྦྱོར་སྡེབ་ཟེར། 
Photosynthesis འོད་ཀྱི་སྦྱོར་སྡེབ། ནི་རྩི་ཤིང་ཚོགས་ཀྱིས་ཉི་འོད་ལ་བརྟེན་ནས་ནག་རླངས་ཉིས་འགྱུར་དང་ Water ཆུ་༼ཆུའི་ཆ་ཤས་ hydrogen༽ རྔུབ་ཏེ་སྲོག་རླུང་གཙང་མར་འགྱུར་བཏང་ཚུལ་ལ་གོ་བ་དང་། རྩི་ཤིང་གིས། ཉི་འོད་ནུས་པར་བརྟེན་ནས་ Carbon dioxide ནག་རླངས་ཉིས་འགྱུར་དང་། ཆུ། Carbon ནག་རླངས་གསུམ་སྦྱོར་སྡེབ་བྱེད་ནས་ Carbohydrate བཅུད་རྫས་བཟོ་བ་དང་། གོ་བདེ་ཙམ་བརྗོད་ན། Sugar ཀ་ར་ཡིན། 
ཀ་རའམ་མངར་རྩི་དེ་ནི་རྒྱུན་དུ་མི་ཚོས་ཀ་ར་དང་མངར་རྩི་བཟའ་བ་ལྟར་ཤིང་སྡོང་གི་ཀྱང་ཟས་ལྟར་མེད་དུ་མི་རུང་བ་ཞིག་ཡིན། ཤིང་སྡོང་གིས་བཅུད་རྫས་བཟོ་སྐབས་ཆུ་ལས་ལྷག་ཏུ་སྲོག་འཛིན་རླུང་གི་ནུས་པ་ཆེས་ཆེར་འཕེལ་ནས། སྲོག་རླུང་དེ་དག་རླུང་ཁམས་ལ་ཁྱབ་ནས་ང་ཚོར་སྲོག་རླུང་རག་ནས་དབུག་འབྱིན་རྔུབ་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་རེད། 
སའི་གོ་ལའི་རླུང་ཁམས་ནི་སྲོག་འཛིན་རླུང་ Oxygen  དང་། ནག་རྫས།  Carbon ཟེ་རླངས་ Nitrogen སོགས་ལས་གྲུབ་ཡོད་ཅིང་། ང་ཚོས་རྔུབ་པའི་ཁ་དབུགས་རེ་རེ་བཞིན་སྲོག་འཛིན་རླུང་ལས་བྱུང་བ་དང་། དབུགས་ཕྱིར་གཏོང་དུས་ནག་རླངས་ཉིས་འགྱུར་  Carbon dioxide ཕྱིར་གློད་པ་རེད། འོན་ཀྱང་། ལྗོན་ཤིང་གིས་དབུགས་གཏོང་ལེན་བྱེད་སྐབས་ནག་རྫས་ཉིས་འགྱུར་ནང་དུ་ལེན་པ་དང་སྲོག་འཛིན་རླུང་ཕྱིར་གཏོང་གི་ཡོད། དེ་ནི་ང་ཚོས་དབུགས་གཏོང་ལེན་བྱེད་པའི་བརྒྱུད་རིམ་དང་ལྡོག་ཕྱོགས་ཡིན། 
ཤིང་སྡོང་དར་མ་ཅིག་ལ་མཚོན་ན། དེས་ Cell ཕྲ་ཕུང་གྲངས་ Trillions དུང་ཕྱུར་ཁྲི་གཅིག ༡༠༠༠༠༠༠༠༠༠༠༠༠ བཟོ་བ་དང་། ཤིང་སྡོང་གི་ལོ་མའི་ཕྲ་ཕུང་དེ་དག་ལས་ Photosynthesis འོད་ཀྱི་སྦྱོར་སྡེབ་ཐོན་གྱི་ཡོད་པ་རེད། དམིགས་བསལ་གྱི་ཕྲ་ཕུང་གི་ཆ་ཤས་ལ་ Chloroplasts ལྗང་རྫས་ཟེར་ཞིང་། ཤིང་སྡོང་གི་ཕྲ་ཕུང་རེ་རེས་ལྗང་རྫས་ ༡༠༠ མཁོ་འདོད་བྱེད་ཀྱི་ཡོད་ཅིང་། ལྗང་རྫས་ཀྱི་ཚོན་ཕྲན་ Pigments ལ་འོད་རླབས་འཐེན་པའི་ནུས་པ་ལྡན། ལྗང་རྫས་དེ་དག་གི་མཚོན་མདོག་ཧ་ཅང་ལྗང་ཁུ་ཡིན་པར་བརྟེན་རྒྱུན་དུ་ང་ཚོས་རྩི་ཤིང་དང་ཤིང་སྡོང་ལོ་མ་མང་ཆེ་བ་ལྗང་གུ་མཐོང་གི་ཡོད་པ་རེད། 
རྩི་ཤིང་གིས་རླུང་ཁམས་གཙང་མ་བཟོ་བ་དང་། གནམ་གཤིས་ཚ་གྲང་སྙོམས་པ། ཤཱ་འོད་དང་ཆུ་གློག་འགོག་པ། སའི་ནུས་པ་བཟང་དུ་དང་བརྟན་དུ་གཏོང་བ། ཆུའི་རྒྱུན་འཁོར་ལ་ཕན་ཐོགས་ཆེན་པོ་ཡོད་པས་མ་ཚད། ས་གཞི་སྔོ་ལྗང་ཅན་དུ་བསྒྱུར་ཏེ་ཁོར་ཡུག་མཛེས་པར་བྱེད་ཀྱི་ཡོད། 
འོན་ཀྱང་ཡ་ང་སྙིང་རྗེ་མེད་པར་ཤིང་ནགས་གཅོད་འབྲེག་བྱེད་པ་ནི་ཚབ་ཆེ་བའི་ནག་ཉེས་ཤིག་གོ། 

ཐེངས་ 42261 བཀླགས་འདུག