Donate

རྒྱ་ནག་གིས་གཏེར་ཁ་སྔོག་འདོན་སོཊ་ཀྱི་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་གི་གཙང་ཆུ་ཁག་སྦག་བཙོག་བཟོ་བཞིན་པར་སྐྱོན་བརྗོད་གནང་འདུག

རྒྱ་ནག་གིས་གཏེར་ཁ་སྔོག་འདོན་སོཊ་ཀྱི་ལས་གཞིའི་འོག་བོད་ཀྱི་ཁོར་ཡུག་གི་གཙང་ཆུ་ཁག་སྦག་བཙོག་བཟོ་བཞིན་པར་སྐྱོན་བརྗོད་གནང་འདུག

བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་མཁས་དབང་(Claude Apri)ཡིས། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་བཟོ་ལས་འཛུགས་སྐྲུན་གྱི་ལས་འཆར་གཞི་རྒྱ་ཆེན་པོ་སྤེལ་བཞིན་པས། བོད་ཀྱི་རྩ་ཆེའི་གཙང་ཆུ་ཁག་སྦག་བཙོག་བཟོས་བཞིན་པར་གཤམ་འོག་རྒྱལ་ཁབ་ཁག་གི་མི་མང་མང་ཚོགས་ལ་གནོད་འཚེ་ཚད་མེད་བཟོ་བཞིན་ཡོད་སྐོར་སྐྱོན་བརྗོད་གནང་འདུག
ཁོང་གི་བཀའ་མོལ་དེ་ཕྱི་ཚེས་ ༢༥ ཉིན་མཇུག་སྒྲིལ་ཟིན་པའི་བོད་ཀྱི་ཕྱི་འབྲེལ་འགྲེམས་སྟོན་ཚན་པ་དང་། ཧིན་བོད་འབྲེལ་འཐུད་ཚོགས་པ་ཟུང་འབྲེལ་གྱིས་རྒྱ་གར་ལྷོ་ཕྱོགས་ Madras གཙུག་ལག་སློབ་གཉེར་ཁང་གི་ནང་གོ་སྒྲིག་ཞུས་པའི་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་གཉིས་ཀྱི་མཛད་སྒོའི་་མཇུག་སྒྲིལ་གྱི་གཏམ་བཤད་ནང་གསུངས་ཡོད་པ་རེད།
མཛད་སྒོའི་ཐོག་བོད་དང་རྒྱ་ནག་གི་གནད་དོན་ལ་དཔྱད་པ་གནང་མཁན་མཁས་དབང་Claude Apri ཡིས་བོད་དེ་རྒྱ་གར་གཙོས་ཨེ་ཤེ་ཡའི་མངའ་ཁུལ་ལ་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་སྐོར་གསུང་བཤད་རྒྱས་པོ་ཞིག་གི་གནང་བའི་ནང་། བོད་དེ་བཞིན་འཛམ་གླིང་ནང་གི་གཙང་ཆུ་གལ་ཆེན། ༡༠ ཡི་འབྱུང་ཁུངས་དེ་ཡིན་པ་དང་། བོད་ནས་འབབ་བཞིན་པའི་གཙང་ཆུ་དེ་ཚོ་གཤམ་འོག་རྒྱལ་ཁབ་ཁག་གི་མང་ཚོགས་འཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཙམ་གྱི་འཚོ་བའི་རྟེན་གཞི་རུ་གྱུར་ཡོད་ལུགས་གསུངས་ཡོད་པ་རེད།
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དེ་རྒྱ་གར་ཏ་མིལ་ན་ཌུ་མངའ་སྡེའི་རྒྱལ་ས་ཅེན་ནེའི་ Chennai ནང་རྟེན་གཞི་བྱས་པའི་མ་ད་ར་སི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་། ལྡི་ལི་རུ་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་གཉིས་ཀྱིས་ཟུང་འབྲེལ་ཀྱི་ཐོག་ནས་གོ་སྒྲིག་བྱས་པ་ཡིན་འདུག

གསར་འགོད་པ་བློ་བཟང་ཡེ་ཤེས།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས་ལས་དྲངས།

ཐེངས་ 42257 བཀླགས་འདུག