Donate

མཚོ་སྔོན་པོའི་མཚོ་ཆུང་ནོར་བུ་གློ་བུར་དུ་དམར་པོར་གྱུར་བ།

ཕྱི་ཟླ་ ༤ བའི་ཚེས་ ༡༢ ཉིན་གྱི་ཉིན་གུང་། མཚོ་སྔོན་པོའི་མཚོ་རྒྱུད་ཀྱི་མཚོ་ཆུང་ནོར་བུ་གློ་བུར་དུ་དམར་པོར་གྱུར་བའི་སྣང་ཚུལ་དེ་ཡུལ་དེའི་མང་ཚོགས་ཀྱིས་མཐོང་ནས་དེ་མུར་སྐད་འཕྲིན་ཐོག་བཀྲམ་པ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་ཐོབ་ཅིང་། རྒྱས་པར་གཟིགས།….

བོད་ཡུལ་དུ་སྔར་མཐོང་མྱོང་མེད་པའི་ཁྲུང་ཁྲུང་ཞིག་བྱུང་འདུག

༄༅།། འཛམ་གླིང་སྟེང་ཁྲུང་ཁྲུང་ལ་རིགས ༡༥ཡོད་ལ།  ཀྲུང་གོར་རིགས ༩ ཡོད། བོད་ཁམས་སུ་ད་བར་རིགས ༣ ལས་ཟིན་བྲིས་སུ་བཀོད་མྱོང་མེད། ཕྱི་ལོ་ ༢༠༡༧ ལོའི་ ཟླ་ ༣ ཚེས་ ༢༥ ཉིན། མགོ་ལོག་ཆིག་སྒྲིལ་རྫོང་། སོག་རུ་ཡུལ་ཚོའི་རྫ་ར་འགབ་མའི་མདའ་འབྲིང་བོའི་འགྲམ་དུ་ལ་ཏེན་རིག་མིང་ལ Grus Canadensis ཞེས་པའི་ཁྲུང་ཁྲུང་ཞིག་ཡོད་པ་གཉན་ཚོགས་ཀྱི་ཁྲུང་ཁྲུང་ཆེད་སྲུང་པ་བུ་མོ ༡༦ ཡོད་པ་ལས་སྣང་པོས་མཐོང་ཞིང་ཁ་པར་གྱིས་པར་ཞིག་བརྒྱབ་སྟེ་མགོ་ལོག་ཀུན་དགའ་ཚངས་དབྱངས་ལ་སྤྲད། རྒྱས་པར་གཟིགས།….

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གཅན་གཟན་དང་རི་དྭགས་རིགས་མང་བ།

ཉེ་བའི་ལོ་ཤས་ནང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་གཅན་གཟན་དང་རི་དྭགས་རིགས་ཀྱི་རྗེས་ཤུལ་ཡང་ཡང་མཐོང་རྒྱུ་ཡོད་ཅིང་། ཉེ་དུས་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ཐོག་ནས་མངོན་པར། རྒྱས་པར་གཟིགས།….

རྒྱ་ནག་གི་ཆུ་རགས་ལ་བརྟེན་ནས་མི་མང་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད

ཉམས་ཞིབ་པ་མེ་དྷི་ལིན་ལེ་ཕོ་ལེ་ཞེས་པས་བོད་ཀྱི་གཙང་པོར་རྒྱ་ནག་གི་ཆུ་རགས་ཀྱི་ལས་གཞི་བསྐྲུན་པའི་རྐྱེན་གྱིས་ ༢༠༢༥ ནང་ཚུན་དུ་འཛམ་གླིང་གི་མི་ཐེར་འབུམ་ ༡.༨ ལ་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཤད་ཡོད་རེད་ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷས་བརྗོད་སོང་། རྒྱས་པར་གཟིགས།….

གསེར་རྟ་དང་ཁྱུང་མཆུ་སོགས་སུ་གངས་སྐྱོན་བྱུང་ནས་ཕྱུགས་ཟོག་མང་པོ་ཤི་བ།

དམངས་སྲིད་པུའུ་ཡི་དྲ་བར་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་༣ཚེས་༧ཉིན་ནས་བཟུང་། སི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་དང་དཀར་མཛེས་ཁུལ་གསེར་རྟ་རྫོང་སོགས་སུ་ རྒྱས་པར་གཟིགས།….

གངས་ཤུགས་ཆེན་བབས་ནས་སྒོ་ཕྱུགས་སྟོང་ཚོ་བརྒལ་བ་ཤི་འདུག

གཞིས་ཀ་རྩེ་ས་ཁུལ་དུ་གངས་ཤུགས་དྲག་པོ་བབས་པའི་རྐྱེན་གྱིས་སྒོ་ཟོག་སེམས་ཅན་བཞི་སྟོང་ལྷག་རྐྱེན་ལམ་དུ་སོང་འདུག རྒྱས་པར་གཟིགས།….