Donate

རྒྱ་གར་རང་བཙན་དུས་ཆེན་ཉིན་ཁོར་ཡུག་གཙང་བཟོ་ལས་འགུལ།

རྒྱ་གར་རང་བཙན་དུས་ཆེན་ཉིན་ཁོར་ཡུག་གཙང་བཟོ་ལས་འགུལ།

ཕྱི་ལོ་༢༠༡༨ཟླ་༨ཚེས་༡༥ཉིན་ ང་ཚོའི་གནས་ཡུལ་རྒྱ་གར་གྱི་རང་བཙན་དུས་ཆེན་དང་སྟབས་བསྟུན་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ Waste Warriors གཉིས་མཉམ་རུབ་ཀྱི་ཐོག་ནས་རྡ་སའི་ཉེ་འཁོར་དུ་གད་སྙིགས་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་མེག་ལོག་གྷན་ཇི་སུམ་མདོ་ནས་འགོ་བཙུགས་ནས་བྷསུ་རླངས་འཁོར་བབས་ཚུགས་བར་སྙིགས་རོ་རྣམས་གཙང་སེལ་གྱིས་ཕྱོགས་སོ་སོའི་སྙིགས་སྣོད་ཡོད་སར་སྐྱེལ་འདྲེན་བྱས་ཡོད་པ་རེད།སྤྱིར་ང་ཚོས་ཟླ་བ་རེ་བཞིན་རེས་གཟའ་སྤེན་པ་གསུམ་པར་ཁོར་ཡུག་གཙང་བཟོ་ལས་འགུལ་སྤེལ་བཞིན་ཡོད་ནའང། ཐེངས་འདིའི་གཙང་བཟོ་ལས་འགུལ་དེ་ཆེད་དུ་རྒྱ་གར་གྱི་རང་བཙན་དུས་ཆེན་ཉིན་སྤེལ་དགོས་པའི་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་འདི་ལོ་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་མཚོན་ཆེད་དང་། གཉིས་ནི་སྐབས་དེ་དུས་མི་དམངས་འདུ་འཛོམས་ཆེ་བའི་ཁྲོད་རང་ཉིད་གནས་སའི་ཁོར་ཡུག་དེ་ཉིད་གཙང་མ་ཉར་དགོས་པ་དང་། གད་སྙིགས་གང་སར་དོར་མི་རུང་བའི་གོ་རྟོགས་ལས་འགུལ་ཞིག་ཀྱང་ཡིན། ཐེངས་འདིར་གཙང་བཟོ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་། སློབ་ཕྲུག  དེ་བཞིན་ Waste Warriors ཚོགས་པའི་ལས་བྱེད་དང་འབྲེལ་ཡོད་ཚང་མར་ང་ཚོའི་ཚོགས་པས་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ཐེངས་ 427783 བཀླགས་འདུག