Donate

ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་འགུལ་ནང་དང་བླངས་བ་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་འགུལ་ནང་དང་བླངས་བ་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད་པ་རེད།

 དེ་ཡང་ཕྱི་ལོ་༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་རེས་གཟའ་སྤེན་པར་ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྐབས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་སློབ་ཕྲུག་དེ་བཞིན་ཚོོགས་པའི་དང་བླངས་བ་དང་ཐབ་ཚང་ནང་ཞལ་ལག་མཆོད་མཁན་སོགས་མཉམ་ཞུགས་གནང་ཡོད་པ་རེད་། དེ་ཡང་མེགྷ་བཞི་མདོ་ནས་འགོ་བཙུགས་ཏེ་སྲང་ལམ་གཡས་གཡོན་དང་གཙུག་ལག་ཁང་གི་གཡས་གཡོན།དེ་བཞིན་གླིང་སྐོར་གྱི་ཕེབས་ལམ་གཡས་གཡོན་གྱི་ནགས་ཚལ་བཅས་སོགས་སུ་ཤོག་འགྱིག་གི་རིགས་དང་གོན་པ་རྙིང་རུལ་དྲི་ངན་ཁ་བའི་རིགས་མང་དག་ཡོད་པ་རྣམས་གཙང་སེལ་གྱི་སོ་སོའི་ལག་ཏུ་ཡོད་པའི་སྒྱེ་མོ་ནང་བླུགས་ཏེ་རྒྱ་ལམ་ཉེ་འགྲམ་བར་དབོར་འདྲེན་བྱས་ཏེ་སྙིགས་འདྲེན་རླངས་འཁོར་ནང་བཀང་ཡོད་པ་རེད། སྙིགས་རོ་རྣམས་དབོར་འདྲེན་ཟིན་རྗེས་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་ཚོར་ང་ཚོའི་སྤྱི་ཐབ་ནང་གོ་སྒྲིག་ཞུས་ཡོད་པ་རེད། སྤྱིར་སྟངས་ང་ཚོས་ཟླ་བ་གཅིག་གི་ནང་རེས་གཟའ་སྤེན་པ་གསུམ་པར་རྒྱུན་དུ་འདི་གར་རྒྱལ་བའི་ཕོ་བྲང་གཡས་གཡོན་དང་། གླིང་སྐོར་ལམ་ཁ་གཙོས་ང་ཚོའི་འཚོ་གནས་བྱེད་ས་ཁོར་ཡུག་འདི་གད་སྙིགས་མེད་པར་གཙང་མ་བཟོ་ཐབས་ལ་འབད་བཞིན་ཡོད་ན། རྣམ་པ་ཚོས་རང་དོན་རང་གཅེས་ཀྱི་ཐོག་ནས་ང་ཚོའི་ཁོར་ཡུག་གཙང་བཟོ་འདིར་རྒྱབ་སྐྱོར་དང་ལས་འགུལ་ལ་ཕྱར་བ་གྲུ་འདེགས་ཀྱི་མཉམ་ཞུགས་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡོད།

ཐེངས་ 42786 བཀླགས་འདུག