Donate

ཧི་མ་ལ་ཡའི་རི་རྒྱུད་ཇི་ལྟར་གྲུབ་པ་ཡིན། 

ཧི་མ་ལ་ཡའི་རི་རྒྱུད་ཇི་ལྟར་གྲུབ་པ་ཡིན། 

ཧི་མ་ལ་ཡའི་རི་རྒྱུད་ནི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བ་དང་ལོ་ན་ཆེས་གཞོན་པའི་རི་རྒྱུད་ཅིག་ཡིན་ལ། དེ་ནི་ཡ་གླིང་གི་ཀྲུང་གོ་བོད་རིགས་རང་སྐྱོང་ཁུལ་དང་པ་ཀི་སི་ཐན། རྒྱ་གར། བལ་བོ། འབྲུག་ཡུལ་བཅས་ཀྱི་རྒྱལ་ཁབ་ཀྱི་མཐའ་མཚམས་སྟེང་ལ་

ཧི་མ་ལ་ཡའི་རི་རྒྱུད།

ཧི་མ་ལ་ཡའི་རི་རྒྱུད།

ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྷག་དང་ལྷོ་བྱང་གི་དབར་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཡོད། མཚོ་བོད་མཐོ་སྒང་གི་ལྷོ་མཐའ་དང་ནུབ་སུ་ཀ་སྨིར་གྱི་ནན་ཅཱ––ཕ་འར་པ་ཐེ་རི་རྩེ་ནས་བརྩམས་ཏེ་ཤར་གྱི་ཡར་ཀླུང་གཙང་པོའི་དཀྱོགས་མཚམས་ཀྱི་ནན་ཅཱ་པ་ཝ་རི་རྩེ་ལ་ཐུག་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ 594,400 ཡོད། ཧི་མ་ལ་ཡ་རི་རྒྱུད་ལ་ཡང་ཅུང་དམའ་ཞིང་མཆེད་ཕྱོགས་མཉམ་པའི་རི་ཞོལ་འགའ་ཡོད་པ་ལས།རི་ཞོལ་དང་པོ་ནི་ཆེས་ལྷོ་མཐའ་རུ་ཡོད་དེ། མཐོ་ཚད་ལ་ཧ་ལམ་སྨི་སྟོང་དང་། ཞི་ཝ་ལི་ཁེ་རི་རྒྱུད་ཅེས་འབོད་པ་ཡིན། ཡང་དེའི་བྱང་ཕྱོགས་སུ་སོང་ན་མཐོ་ལ་སྨི་ཉིས་སྟོང་ནས་སུམ་སྟོང་ཡོད་པའི་ཧི་མ་ལ་ཡ་ཆུང་བའི་རི་ཁུལ་ཡོད། དབྱིན་ཇིའི་སྐད་དུ། (Lower Himalayan Range) ཧི་མ་ལ་ཡ་རི་རྒྱུད་ནི་རྒྱལ་ཁབ་ལྔ་འཕྲེད་བརྒལ་བྱས་ཡོད་དེ། དེ་དག་ནི་རྒྱ་གར། བལ་བོ། འབྲུག་ཡུལ། ཀྲུང་གོ་དང་པ་ཀི་སི་ཐན་ཡིན། ཧི་མ་ལ་ཡ་རི་རྒྱུད་དེ་གཙོ་ཆེ་བོར་མདུན་གྱི་རྒྱལ་ཁབ་གསུམ་པོའི་རྒྱལ་ཁོངས་མངའ་ཁོངས་སུ་ཡོད། ཧི་མ་ལ་ཡ་རི་རྒྱུད་ཀྱི་ནུབ་བྱང་ཕྱོགས་ནི་ཞིང་ཏུའུ་ཁུའུ་ཧྲེན་རི་རྒྱུད་དང་ཁཱ་ལ་ཁུ་ནུ་རི་རྒྱུད་ཡིན་ལ། བྱང་མཐའ་ནི་མཚོ་བོད་མཐོ་སྒང་དང་ལྷོ་མཐའ་ནི་ཧིན་རྡུ་ཆུ་བོ—ཆུ་བོ་གང་གཱའི་བདེ་ཐང་ཡིན། འཛམ་གླིང་སྟེང་གི་ཆུ་བོ་གལ་ཆེན་དག་གི་ཁྲོད་ཧིན་རྡུ་ཆུ་བོ། ཆུ་བོ་གང་གཱ་དང་ཡར་ཀླུང་གཙང་པོ་ (སྨད་རྒྱུད་ནི་པུའུ་ལ་མ་ཕུའུ་ཐེ་ལ་ཆུ་བོ) ཡོངས་ནི་ཧི་མ་ལ་ཡ་རི་རྒྱུད་ནས་བྱུང་བ་ཡིན། ཧིན་རྡུ་ཆུ་བོ་དང་ཡར་ཀླུང་གཙང་པོའི་ཡོང་ཁུངས་ནི་གངས་རིན་པོ་ཆེ་རི་རྩེའི་ (གངས་ཏེ་སི) ཉེ་འགྲམ་ཡིན་ལ། ཆུ་བོ་གང་གཱ་ནི་རྒྱ་གར་གྱི་པེ་ཨ་ཁན་ཏེ་པང་ནས་ཡོང་བ་ཡིན། ཆུ་བོ་འདི་དག་གི་འབབ་ཡུལ་དུ་ཧ་ལམ་མི་དུང་ཕྱུར་དྲུག་འཚོ་སྡོད་བྱས་ཡོད་པ་རེད། ཧི་མ་ལ་ཡ་རི་རྒྱུད་ཀྱིས་ཡ་གླིང་ལྷོ་མའི་རིག་གནས་ལ་ཤུགས་རྐྱེན་མང་པོ་ཐེབས་ཡོད་ལ། རི་རྒྱུད་མང་པོའི་ཁྲོད་ཀྱི་རི་མཐོ་ནི་སངས་རྒྱས་ཆོས་ལུགས་དང་རྒྱ་གར་ཆོས་ལུགས་ཀྱི་གནས་འགངས་ཆེན་ཡིན། ས་གཤིས་བརྟག་དཔྱད་པས་ཁུངས་འཚོལ་ར་སྤྲོད་བྱས་པ་ལྟར་ན། ལོ་ངོ་ཁྲི་བདུན་སྟོང་གི་སྔོན་ལ།འདི་ནི་ད་རུང་མཚོ་ཆེན་པོ་ཞིག་རེད། ཧ་ལམ་ལོ་ངོ་ཁྲི་བཞི་སྟོང་སྔོན་ལ།ས་ཤུན་འགུལ་སྐྱོད་ཀྱི་དབང་གིས་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་ཀྱི་ལྷོ་རྒྱུད་གདོང་ཐུག་བྱུང་སྟེ་ཧི་མ་ལ་ཡ་རི་རྒྱུད་གྲུབ་པ་ཡིན། ལོ་ངོ་དུང་ཕྱུར་གཉིས་ཀྱི་སྔོན་ལ་སའི་གོ་ལའི་ཆགས་རྣམ་ནི་ད་ལྟའི་ཚུལ་ལྟར་མིན་ཏེ། སྐབས་དེར་སྐམ་ས་ཡོངས་མཉམ་དུ་དམ་པོར་འབྲེལ་ནས་ཕན་ཀུའུ་སྐམ་ས་ཆེན་པོ (སྐམ་ས་ཡོངས་ཀྱི་དོན) ཞིག་གྲུབ་ཡོད།

ཧི་མ་ལ་ཡའི་རི་རྒྱུད།

ཧི་མ་ལ་ཡའི་རི་རྒྱུད།

སྐམ་སའི་སྣེ་གཅིག་ནི་རྒྱ་མཚོ་ཡིན་ལ། ཐིག་དམར་རྒྱ་མཚོ་དེ་ཚེ་སྲོག་གི་གར་སྟེགས་སུ་རིམ་འགྱུར་བྱུང་། འོན་ཀྱང་སྐམ་སའི་ཟབ་རིམ་ལ་འགྱུར་ལྡོག་བྱུང་སྟེ་སའི་གོ་ལའི་ནང་ཁུལ་གྱི་ཚ་ཤུགས་ཀྱིས་སྐམ་སའི་ཁུལ་ཡར་བཏེགས་ནས་ཚ་ཚད་ཕྱིར་གཏོང་གི་བགྲོད་ལམ་འཚོལ་བ་དང་། ས་ཤུན་ཡར་བཏེགས་རྗེས་གས་སྲུབས་བྱུང་བ་མ་ཟད། ཚ་ཤུགས་གི་བྱེད་ནུས་འོག་གས་སྲུབས་འདི་དག་རྒྱུན་མི་ཆད་རྒྱ་བསྐྱེད་དེ་མཚོ་ཆུ་གས་སྲུབས་ནང་འཛུལ་ནས་ཧིན་རྡུ་དང་ཧྥེ་གླིང་སོ་སོར་ཕྱེས། ས་ཤུན་འགུལ་སྐྱོད་ཀྱི་དབང་གིས་ཧིན་རྡུ་དུམ་ལེབ་བྱང་སུ་སྤོ་འགུལ་བརྩམས་པ་རེད། ཡ་ཡོབ་དུམ་ལེབ་དང་ཧིན་རྡུ་དུམ་ལེབ་རྒྱུན་ཆད་མེད་པར་ཉེ་བར་བཅར་ཏེ། ཁོ་ཚོའི་བར་གྱི་མཚོ་ཆུ་ཕྱིར་འགྲོ་བྱེད་མགོ་བརྩམས་ལ། མཚོ་ཆུའི་ཁྲོད་སྔར་གནས་པའི་དིམ་བསགས་དངོས་པོ་ནི་དུམ་ལེབ་གཉིས་བར་གྱི་བྱེད་ནུས་དབང་གིས། བཙིར་གནོན་དང་འཁྱོག་པོར་བཟོས་ནས་ཕན་ཚུན་གཡོག་པ་དང་། རི་རྩེ་ཆུ་ངོས་ལས་ཕྱིར་ཐོན་ཏེ་གླིང་ཕྲན་དུ་གྱུར་བ་རེད།

ཧི་མ་ལ་ཡའི་རི་རྒྱུད་གྲུབ་ཚུལ། ཚན་རིག་པའི་དཔེ་རིས།

ཧི་མ་ལ་ཡའི་རི་རྒྱུད་གྲུབ་ཚུལ། ཚན་རིག་པའི་དཔེ་རིས།

ལོ་ངོ་ཁྲི་བཞི་སྟོང་ཡན་ཆད་ལ་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་ཀྱི་ལྷོ་རྒྱུད་ཕན་ཚུན་གདོང་ཐུག་བྱུང་ནས་ཧིན་རྡུ་དུམ་ལེབ་དེ་ཡ་ཡོབ་དུམ་ལེབ་ཀྱི་ནང་དུ་བབས་འཛུལ་བྱས་ནས་དཀྱིལ་ན་གནས་པའི་གླིང་ཕྲན་དང་ཡ་ཡོབ་དུམ་ལེབ་ཀྱི་ལྷོ་རྒྱུད་རྒྱུན་ཆད་མེད་པར་མཐོ་རུ་བཏེགས་པས་ཧི་མ་ལ་ཡ་རི་རྒྱུད་དང་དེའི་རྗེས་ཀྱི་མཚོ་བོད་མཐོ་སྒང་བྱུང་། ཧིན་རྡུ་དུམ་ལེབ་ཀྱི་བབས་འཛུལ་དབང་གིས་ཧི་མ་ལ་ཡ་རི་རྒྱུད་དེ་བལྟས་ཚོད་ཀྱིས་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་བར་གྱི་གྱང་མཐོན་པོ་ཞིག་དང་མཚུངས། བསྡུ་སྒྲིག གཡུ་སྒྲོན་ལྷ་མོ། ཡིག་བསྒྱུར། ཟོན་ཐར་སྐྱིད། ཞུ་དག དབང་མོ། རྩོམ་སྒྲིག བསྟན་འཛིན་རྣམ་རྒྱལ། ཚ་ལུ་མའི་ཚན་རྩལ་དྲ་གནས་ལས་དྲངས།

 

ཐེངས་ 42659 བཀླགས་འདུག