Donate

གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དང་བྱ་འགུལ།

གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དང་བྱ་འགུལ།

 གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་གང་འདྲ་ཡིན་ནམ། ང་ཚོས་དེའི་སྐོར་ལ་གང་ཞིག་བྱེད་ཐུབ་བམ།

   གནམ་གཤིས་འགྱུར་བཞིན་པ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྩ་འཛུགས་བྱས་ཤིང་སུ་སིར་རྟེན་གཞི་བྱས་པའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཞིན་འཇུག་གནང་མཁན་གྱི་ལྷན་ཚོགས “Intergovernmental panel on Climate Change (IPCC)” ཀྱིས་ཚད་མཐོའི་བདེན་དཔང་གནང་ཟིན་པ་ནི་ཚན་རིག་དང་མཐུན་ཞིང་། ཧི་མ་ཅལ་ཁུལ་གྱི་ཆར་དུས་ཀྱི་འགྱུར་ལྡོག་ལྟ་བུའི་དཔེ་མཚོན་ལས་མི་ཕལ་ཆེ་བས་གནམ་གཤིས་འགྱུར་བཞིན་པའི་དན་རྟགས་གསལ་པོར་མཐོང་གི་ཡོད།

གནམ་གཤིས་འགྱུར་ལྡོག་གི་ཚན་རིག་སྤྱད་ནས་ཆ་རྐྱེན་གཙོ་བོ་གཉིས་ལ་བསམ་གཞིག་བྱེད་ཀྱི་ཡོད།  ༡ རླངས་རྫས་མཁའ་དབུགས་ནང་འབྱིན་པ་དེས་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་བྱེད་པ། ༢ འགྱུར་ལྡོག་དེས་གནོད་སྐྱོན་ནོ།། དང་པོ་དེ་སྟངས་འཛིན་བྱེད་པར་རླངས་རྫས་ཉུང་འཕྲི་དང་ཚད་འཇལ་བྱེད་དགོས། གཉིས་པ་དེར་འགྱུར་ལྡོག་ཀྱི་སྣོད་སྐྱོན་དེར་གོམས་འདྲིས་བྱེད་དགོས། རླངས་རྫས་མཁའ་དབུགས་ནང་འབྱིན་ཚད་ཉུང་འཕྲི་བྱེད་པ་ནི་འགྱུར་ལྡོག་གི་གནོད་སྐྱོན་ལ་གོམས་ཐབས་བྱེད་པ་ལས་ལེགས་པ་ཡོད། གང་ཡིན་ཞེ་ན། ཉུང་འཕྲི་བྱེད་ཚད་ཀྱིས་མ་འདང་བ་ཡིན་ན། གཞི་ནས་འགྱུར་ལྡོག་ལ་གོམས་ཐབས་བྱེད་དགོས་པས་སོ།། ས་འོག་ནས་ཐོན་པའི་འགྱུར་རྡོའི་རིགས དཔེར་ན། རྡོ་སྣུམ་དང་། རྡོ་སོལ་སོགས་ཀྱི་ཚབ་ཏུ་བསྐྱར་གསོ་བྱེད་རུང་བའི་ནུས་ཤུགས་ (ཉི་འོད་ལས་བྱུང་བའི་གློག་སོགས་ནི་ཁོར་ཡུག་ན་གནོད་པ་ཧ་ལམ་མེད་པའི་ནུས་ཤུགས་ཡིན) བེད་སྤྱོད་བྱེད་པ་ནི་རླངས་རྫས་མཁའ་དབུགས་ནང་འབྱིན་ཚད་ཉུང་འཕྲི་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་རེད་ལ། དེས་ཕལ་ཆེར་ཧི་མ་ཅལ་ཁུལ་དུ་གངས་ཀྱི་འབབ་ཚད་མང་བ་སོགས་ལ་ཤུགས་རྐྱེན་ཐེབ་སྲིད།

འཁྱགས་པའི་མཆོད་རྟེན་ (ལ་དྭགས་ཁུལ་དུ་ཆུས་མི་འདང་བའི་དཀའ་ངལ་ཡོད་སྟབས་ཁོང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ས་འོག་ནས་ཆུ་འཕྲན་བུ་ཕྱིར་བྱུང་བ་དེ་དག་ས་ཐོག་ཏུ་འཁྱགས་པའི་ངོ་བོར་ཉར་ཐབས་བྱེད་ཅིང་། དཔྱིད་ཀར་དེ་དག་ཞུ་བ་ལས་ཞིང་ཁར་ཆུ་འདྲེན་ཆོག འཁྱགས་པའི་དབྱེབས་མཆོད་རྟེན་ལྟ་བུར་ཡོད་པས་ན་མི་རྣམས་ཀྱིས་འཁྱགས་པའི་མཆོད་རྟེན་ཟེར་ཞིང་ཐབས་ལམ་འདི་གསར་གཏོད་གནང་མཁན་ལ་བྱ་དགའ་ཆེན་པོ་ཐོབ་མྱོངས) བེད་སྤྱད་པས་ལ་དྭགས་པ་རྣམས་ལ་སྐམས་ཤེས་ཆེ་བའི་དུས་སུ་ཆུས་ཕན་ཐོགས་ཆེན་པོ་བྱུང་ཞིང་། རྒྱལ་སྤྱི་ནས་བྱ་དགའ་ཐོབ་པ་དེ་གནམ་གཤིས་འགྱུར་ལྡོག་གི་གནོད་སྐྱོན་ལ་གོམས་འདྲིས་བྱེད་པའི་དཔེ་མཚོན་ལེགས་ཤོས་ཤིག་རེད།

དཔྱིད་ཀའི་ཟླ་ཤས་ནང་འཁྱགས་པ་དེ་དག་ཞུ་ནས་ལོ་ཐོག་ལ་ཆུ་མཁོ་འདོན་བྱེད་པ་དང་། དགུན་ཁར་བཟོ་བཅོས་དང་འཕྲུལ་ཆས་གང་ཡང་མི་དགོས་པར་བསྐྱར་དུ་ཆགས་ཡོང་བ་རེད།

   གནམ་གཤིས་འགྱུར་ལྡོག་སྐོར་ལ་ཞིན་འཇུག་གནང་མཁན་གྱི་ལྷན་ཚོགས་ “Intergovernmental panel on Climate Change (IPCC)” ཀྱི་སྙན་ཐོ་འདོན་དུས་ནི་ཕྱི་ལོ་ ༢༠༢༢ ལོར་ཡིན་ཞིང་། དེས་ཕྱི་ལོ་ ༢༠༡༥ ལོར་ཕཱེ་རེ་སིར་བཞག་པའི་གྲོས་མཐུན་དང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཀྱི་སྒྲོམ་གཞི་ལ་ཕན་ཐོགས་ཡོང་གི་རེད། ལོ་སྔོན་མར་རྒྱལ་ཁབ་ ༡༦༩ ཡིས་ཕཱེ་རེ་སིའི་གྲོས་མཐུན་གཏན་འབེབས་བྱས་པ་རེད། ཁོང་ཚོས་དུས་རབས་འདིའི་ནང་གོ་ལའི་དྲོ་ཚད་ (Celsius) (སྤྱིར་ཆུའི་འཁོལ་ཚད་ཀྱི་ཚ་ཚད། 100 དང་འཁྱག་ཚད། 0 ཡིན་པར་བརྩིས་པའི་ཚ་དྲོད་བརྩི་ཚུལ) ༢ འོག་ཏུ་འཛིན་རྒྱུ་དང་། ཚ་དྲོད་ཀྱི་འཕར་ཚད་ལ་ཚད་བཀག་ཡོང་བར་འབད་བརྩོན་བྱེད་རྒྱུ། དེར་མ་ཟད་དྲོ་ཚད་གོང་གི་དེ་ལས་ཀྱང་ཆུང་བར་ ༡,༥ འོག་ཏུ་གཏོང་ཐབས་བྱེད་པ་སོགས་ལ་གྲོས་མཐུན་བྱུང་བ་རེད།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལུང་པ་ཚང་མས་གྲོས་མཐུན་དེར་ས་ཡིག་བརྒྱབ་སོང་། ཁོར་ཡུག་གི་སྣོད་སྐྱོན་ལ་གོམས་འདྲིས་དང་། རླངས་རྫས་མཁའ་དབུགས་ནང་འབྱིན་ཚད་ཉུང་འཕྲི་ལ་ལེགས་སྐྱེས་འབུལ་བར་ལུང་པ་སོ་སོ་ལ་ནུས་སྟོབས་མ་འདྲ་བ་རེ་རེ་ཡོད། བོད་ནི་རྒྱ་ནག་གིས་སྦས་སྐུང་བྱས་ནས་ཡོད་སྟབས་རྒྱ་གར་དང་མི་འདྲ།

གོ་ལའི་ཚ་དྲོད་ཚོད་འཛིན་བྱ་ཕྱིར་རྒྱལ་ཁབ་ཚང་མས་རླགས་རྫས་མཁའ་དབུགས་ནང་འབྱིན་ཚད་མྱུར་དུ་ཉུང་འཕྲི་བྱ་དགོས།

འོན་ཀྱང་རྒྱལ་ཁབ་གཅིག་གི་གཞི་རྒྱ་ཆེ་བའི་རླངས་རྫས་མཁའ་དབུགས་ནང་འབྱིན་ཚད་ཉུང་འཕྲིའི་ལས་འཆར་གྱིས་ལུང་པ་གཞན་ཞིག་ལ་ཕན་ཐོག་དེ་ཙམ་མི་ཡོང་། དཔེར་ན། རྒྱ་གར་དུ་འབབ་བཞིན་པའི་ཆུ་བོར་བསྐྲུན་པའི་བོད་ཀྱི་ཆུ་གློག་ས་ཚུགས་ཀྱི་ཆུ་མཛོད་ལྟ་བུ། དེ་དག་ནི་རྒྱ་མིའི་རླངས་རྫས་བེད་སྤྱོད་ཉུང་དུ་གཏང་བའི་སྲིད་ཇུས་ཡིན་པས་བོད་པར་ཕན་སྲིད་མོད། འོན་ཀྱང་རྒྱ་གར་ལ་ཕན་པ་ལས་གནོད་ཆེ་སྟེ། དེས་དུས་ཐུང་ནང་ལུང་པའི་དམའ་སར་ཆུ་ལོག་མི་བྱུང་བར་ཕན་པ་དེ་བཟང་ཕྱོགས་ཀྱིས་ཁོར་ཡུག་གི་གནོད་སྐྱོན་ལ་གོམས་འདྲིས་བྱེད་པ་ཡིན་ཡང་། དེས་རྒྱ་གར་བ་རྣམས་འཐུང་ཆུ་གཞན་པ་ཞིག་འཚོལ་ཐབས་བྱེད་དགོས་པར་བཟོ་སྲིད་པས་དེ་ནི་ལྡོག་ཕྱོགས་ཀྱིས་ཁོར་ཡུག་གི་གནོད་སྐྱོན་ལ་གོམས་འདྲིས་བྱེད་པ་ཙམ་ཡིན།

དཀའ་རྙོག་དེ་དག་གིས་བསྟན་དོན་ནི་སྤྱི་ཚོགས་ཀྱིས་གནང་ཕྱོགས།

  • ཡུལ་ལུང་ཁག་གི་རླངས་རྫས་ཉུང་འཕྲི་ (NDC) དང་མཐུན་པར་དགོས་པ།
  • རླངས་རྫས་ཉུང་འཕྲི་དང་གོམས་འདྲིས་སྟེན་ཕྱོགས་ཀྱི་ལས་འཆར་གང་མང་མང་གི་ཆེ་དུ་དམིགས་དགོས་པ།
  • རྒྱལ་སྤྱིའི་རང་བཞིན་གྱིས་སྙན་ཐོ་ཞིབ་ཚགས་དགོས་པ།
  • (COP) སྡེ་ཁག་གི་ལོ་འཁོར་ལྷན་ཚོགས་བྷོནཱ་ (Bonn) རུ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་འཇལ་མན་ (Germany) དུ་ཚོགས་པ། ༢༠༡༨ ཟླ་ ༡༢ པར་ཕཱོ་ལན་ཌི་ (Poland) སོགས་སུ་ཚོགས་པ་རྣམས་ལ་གཞི་བྱས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཡོད་པ་སོགས་ཡིན་དགོས།

ཁོར་ཡུག་བྱ་འགུལ་སྐོར་གྱི་དཔྱད་ཞིབ་འགའ་ལྟར་ན། ད་ལྟ་རྒྱ་གར་གྱིས་ཡག་པོ་གནང་བཞིན་ཡོད་པ་དང་། རྒྱ་ནག་ལས་བཟང་བར་ཡོད། རྒྱ་ནག་གི་ཁོར་ཡུག་སྐོར་གྱི་བྱ་འགུལ་ནི་ཧ་ཅང་གིས་ནུས་མེད་ཡིན་པར་གསལ། (see Climate Action Tracker, 18 Sept 2017) འདིར་གཟིགས།

སྤྱི་ཚོགས་དང་། ཁྱིམ་ཚང་། དེ་བཞིན་མི་སྒེར་པ་སོགས་ནས་སྒྱུར་བཅོས་འགོ་འཛུགས་བྱེད་པ་ནི་ལས་སླ་ཤོས་སུ་མཐོང་། ཁྱེད་རང་གིས་རླངས་རྫས་མཁའ་དབུགས་ནང་གཏོང་ཚད་ཉུང་དུ་ཐོངས། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཁོར་ཡུག་ཉམ་ཆག་ལ་གོམས་འདྲིས་གྱིས། མཁའ་རླུང་གི་སྦགས་བཙོག་ཉུང་དུ་གཏོང་ཆེད་དྲ་ཐོག་གི་ལམ་སྟོན། དཔེར་ན། ICICI bank carbon calculator ལྟ་བུའམ་དེ་ལས་རྒྱས་པ། དཔེར་ན། . Earthday India ལྟ་བུར་ལྟོས།

      ཁྱེད་རང་གིས་མཁའ་དབུགས་ནང་རྫས་རླངས་ཇི་ཙམ་གཏོང་གི་ཡོད་མེད་རྟགས་བྱེད་གཅིག་དགོས། དེ་རྗེས་རང་གིས་ཁོར་ཡུག་ལ་གནོད་པའི་བྱ་བ་ཉུང་དུ་གཏོད་ཆེད་དྲ་ཐོག་གི་བསླབ་བྱ་ལ་ཡང་སེམས་པར་བྱ་ཞིང་། མི་གཞན་ལས་རོགས་རམ་ཡང་འཚོལ་ཆོག དཔེར་ན། རྩོམ་པ་པོས་སྣོད་བཅུད་སྐོར་གྱི་རང་གི་བྱ་ལས་ཀྱི་རྟགས་ཆས་བསྐྲུན་ཟིན་ཅིང་། གཞན་གྱིས་རོགས་རམ་ཐོབ་མྱོང་བ་དང་། ཁོར་ཡུག་ལ་གནོད་སྐྱོན་གཏོང་ཚད་ཉུང་དུ་གཏོང་ཕྱིར་རང་ཉིད་ཀྱི་གོམས་གཤིས་ལ་འགྱུར་བ་བཏང་བ། རྐང་འཁོར་ཞོན་པའམ་རྐང་ཐང་དུ་འགྲོ་བ། ཕལ་ཆེ་བར་ཤ་མེད་བཟའ་མ་ཟ་བ། ཁང་པ་ཆུང་ཆུང་གི་ནང་དུ་སྡོད་པ་སོགས་ལྟ་བུ་རེད།

ཁོར་ཡུག་གི་གནོད་སྐྱོན་ལ་གོམས་འདྲིས་བྱེད་པར་དྲ་ཐོག་གི་རྩོམ་ཡིག་ལ་ལྟ་ཆོག་ཅིང་། གོམས་འདྲིས་བྱེད་པར་ས་གནས་ཀྱི་དམིགས་བསལ་གནས་ཚུལ་དེ་སྤྱིའི་ཆ་ནས་གནོད་སྐྱོན་ཉུང་འཕྲི་བྱེད་པ་ལས་གལ་ཆེ་བ་ཡིན།

ཁོར་ཡུག་ཉམས་ཆག་གི་གནོད་སྐྱོན་གྱིས་ཟས་མི་འདང་བ་དང་། ནད་རིག་ཁྱབ་པ། ཡུལ་སྤོ་སྐྱབས་བཅོལ་དུ་འགྲོ་བ། ནམ་དུས་རྒྱུན་ལྡན་མིན་པ། ཐན་པ། ཚ་བ། ནགས་ལ་མེ་ཤོར་བ། ས་ཉིལ་བ། ཆུ་ལོག་བྱུང་བ་སོགས་ཀྱིས་ཁྱོད་དང་ཁྱོད་ཀྱི་ནང་མིར་བྱུང་བའི་དཀའ་ངལ་དང་ཤུསག་རྐྱེན་ལ་སེམས་པར་བྱ་ཞིང་། དེ་དག་ནི། དཔེར་ན། འཕྲོད་བསྟེན་དང་། སྤྱི་ཚོགས། དཔལ་འབྱོར་ལ་སོགས་ཡིན་ཆོག་སྟེ། དཔེར་ན། སི་རེ་ཡའི་ནུབ་རྒྱུད་དུ་བྱུང་བའི་གནམ་གཤིས་འགྱུར་ལྡོག་གིས་ཡུལ་ལུང་དེའི་ནང་འཁྲུག་ལ་ཧ་ལམ་རམ་འདེགས་བྱས་པ་ལྟ་བུ་རེད། ཁྱེད་རང་རང་གིས་རང་ལ་དྲི་བ་ཐོངས། གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ཅལ་ཁུལ་དང་། བོད་ལ་ནུས་ལྡན་གྱི་ཤུགས་རྐྱེན་ཅི་ཞིག་ཐེབས་པ། ཁྱོད་ཀྱིས་དོ་སྣང་བྱུང་བ་དེ་གང་རེད་དམ།

མིས་ཚོད་འཛིན་མེད་ན་ང་ཚོའི་གནམ་གཤིས་ནི་མུ་མཐུད་ནས་འགྱུར་ངེས་ཡིན། ཁོར་ཡུག་གི་གནོད་སྐྱོན་ལ་གོམས་འདྲིས་དང་། རླངས་རྫས་ཉུ་འཕྲི་བྱེད་པའི་འུ་ཅག་གི་ལས་དོན་ནི་ཇི་ཙམ་གྱིས་ནུས་ལྡན་དང་། ཅི་ཙམ་གྱིས་མགྱོགས་པོ་ཡོད་མིན་ང་ཚོས་ཚོད་ལྟ་བྱས་ཟིན་པ་རེད། ང་ཚོས་ལྟ་སྡོད་པ་ལས་གང་ཡང་མི་བྱེད་ཅེས་བརྗོད་ཀྱི་མེད། ང་ཚོས་ཁྲིམས་རྩོད་ཞུ་གཏུག་བྱས་ནས་བཟོ་གྲྭ་དང་། སྲིད་གཞུང་རྣམས་ལ་འགན་འཁྲི་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས་ཤིང་། ང་ཚོ་རང་ཉིད་ཀྱིས་ཀྱང་འགན་འཁྲི་ཁུར་དགོས།

སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།

 (སེ་མཱོན་ (Simon) གྱིས་མི་ཚེར་འགྱུར་བ་བཏང་བས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉུང་བ་ཡོད་པར་མ་ཟད། ད་ལྟ་རྒྱ་གར་དུ་སྡོད་བཞིན་པས་དེ་ལས་ཀྱང་ཉུང་བ་ཡོད)

དཔྱད་གཞིའི་ཡིག་ཆ།

Ice stupas

http://www.rolexawards.com/profiles/laureates/wangchuk_sonam/project1

IPCC, home

UNFCCC Paris Agreement list

UNFCCC NDCs

COP23

COP 24

Climate Action Tracker, 18/9/17

ICICI bank calculator

Earth day India

AMS, 2014

ཐེངས་ 42708 བཀླགས་འདུག