Donate

རྒྱལ་ཁབ་ཚོའི་དབར་མཚོ་ཆུ་སྟངས་འཛིན་ཟུང་འབྲེལ་བྱེད་དགོས།

རྒྱལ་ཁབ་ཚོའི་དབར་མཚོ་ཆུ་སྟངས་འཛིན་ཟུང་འབྲེལ་བྱེད་དགོས།

ཐོ་སྒང་བོད་ནང་འཁྱག་རོམ་ཅན་གྱི་མཚོ་མང་པོ་ཞིག་གི་ཆུའི་གཤོང་ཚད་ཚད་ལས་བརྒལ་བཞིན་པས་རྒྱལ་ཁབ་གཞན་ཚོར་ཉེན་ཁ་འཕྲད་བཞིན་པ། མཐོ་སྒང་བོད་ནང་འཁྱག་རོམ་ཅན་གྱི་མཚོ་མང་པོ་ཞིག་གི་ཆུའི་གཤོང་ཚད་ཚད་ལས་བརྒལ་བཞིན་པའི་དབང་གིས་ཆུ་རླབས་ཀྱི་ཉེན་ཚབས་སུ་གནས་ཡོད་སྟབས། རྒྱ་ནག་དང་ཆུ་རྒྱུགས་ས་འབྲེལ་རྒྱལ་ཁབ་ཚོའི་དབར་མཚོ་ཆུ་སྟངས་འཛིན་བྱ་ཕྱོགས་ཐད་ཟུང་འབྲེལ་གྱི་ལས་དོན་སྤེལ་དགོས་པའི་སྐོར་ཉམས་ཞིབ་པ་ཚོས་སྐུལ་མ་གནང་འདུག ཉེ་སྔོན་ཕྱི་ཟླ་༨ པའི་ནང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་སྤྱིའི་ས་གཤིས་རིག་པའི་ཚོགས་ཆེན་ཐེངས་ ༣༣ པ་ཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་ཚན་རིག་པས་ཞིབ་འཇུག་གི་སྙན་ཐོའི་ནང་། བོད་ནང་ཉུང་མཐར་འཁྱག་རོམ་ལས་གྲུབ་པས་མཚོ་དྲུག་གི་ཆུའི་གཤོང་ཚད་ལས་བརྒལ་བཞིན་ཡོད་པ་དང་། མཚོ་ཆུའི་འཕེལ་ཚད་སྔོན་འགོག་མ་བྱུང་ཚེ་ཆུ་ལོག་ལ་སོགས་པའི་རང་བྱུང་གི་གནོད་འཚེ་ཛ་དྲག་ཅན་དུ་འགྱུར་རྒྱུའི་སྔོན་བརྡ་བཏང་ཡོད་འདུག བལ་ཡུལ་རྒྱལ་ས་ཀཱ་ཐ་མན་ཀྲུའུ་Kathmandu ལ་རྟེན་གཞི་བྱེད་པའི་ ICIMOD ཞེས་པའི་ས་གཤིས་སྔོན་བརྡའི་ཞིབ་འཇུག་ལྟེ་གནས་ཁང་གི་ས་གཤིས་རིག་པ་བ་ Pradeep Mool གིས། འདས་པའི་ལོ་ཤས་ནང་། བོད་ནང་འཁྱག་རོམ་ཅན་གྱི་མཚོ་ ༣༣ གྱི་ཆུའི་གཤོང་ཚད་བརྒལ་ཏེ་ཆུ་ལོག་གི་དོན་རྐྱེན་བྱུང་ཡོད་པ་ངོ་སྤྲོད་གནང་འདུ།

གནས་ཚུལ་ནང་གསལ་ལྟར་ན། སྤྱི་ལོ་ ༡༩༨༡ ལོར་བལ་ཡུལ་ས་མཚམས་ནས་རྒྱང་ཚད་སྤྱི་ལེ་ ༡༤ སར་ཆགས་པའི་བོད་ནང་འཁྱག་རོམ་ཅན་གྱི་ཆུའི་གཤོང་ཚད་བརྒལ་ཏེ་འཁྱགས་རོམ་ལས་བྱུང་བའི་གངས་རུད་ཀྱི་དོན་རྐྱེན་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་སྤྱིར་བོད་ནང་གྲོང་སྡེ་ཞིག་དང་ཟམ་པ་ཞིག་རྩ་གཏོར་སོང་ཡང་མི་ཤི་སྐྱོན་ཆགས་ཀྱི་གནས་ཚུལ་བྱུང་མེད་རུང་། asiaཆུ་རྒྱུགས་ཡུལ་བལ་ཡུལ་ནང་གངས་རུད་རྐྱེན་པས་ཆུ་ལོག་འོག་མི་ལྔ་རྐྱེན་ལམ་ཕྱིན་ཡོད་པ་མ་ཟད། སྡོད་ཁང་ ༤༧ དང་། ཆུ་མཛོད། བལ་ཡུལ་དང་བོད་བར་ཀྱི་ཚོང་ལམ་སོགས་གཏོར་བཤིག་སོང་སྟེ། ཉུང་མཐར་ཡང་མ་གནས་ཨ་སྒོར་ས་ཡ་༤་ཙམ་གྱི་དཔལ་འབྱོར་ཀྱི་གྱོང་གུན་ཐེབས་ཡོད་པ་རེད། གང་ལྟར་ཀྱང་མཐོ་སྒང་བོད་ཀྱི་འཁྱག་རོམ་ལས་གྲུབ་པའི་མཚོའི་ཆུ་ཚད་བརྒལ་ཚེ་དེས་རྐྱེན་པས་ཆུ་ལོག་དང་གངས་རུད་ཀྱི་གནོད་འཚེ་དེ་བཞིན་བོད་ཙམ་མ་ཟད། བལ་ཡུལ་དང་རྒྱ་གར་ལ་སོགས་པའི་ཆུ་རྒྱུག་ཡུལ་ཁག་ལ་རང་བྱུང་གི་གནོད་འཚེའི་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ་ཡིན་པའི་སྐོར་ཉེན་བརྡ་བཏང་བ་དང་མཉམ་རྒྱལ་ཁབ་ཚོའི་དབར་མཚོ་ཆུ་སྟངས་འཛིན་བྱ་ཕྱོགས་ཐད་ཟུང་འབྲེལ་གྱི་ལས་དོན་སྤེལ་དགོས་པའི་སྐོར་ཉམས་ཞིབ་པ་ཚོས་སྐུལ་མ་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42416 བཀླགས་འདུག