རང་བྱུང་ཆུ་ཚན་གྱི་བདེན་དཔང་གིས་བོད་ཀྱི་མིའི་ཆགས་རབས་ང་ཚོས་བསམ་པ་ལས་སྔ་བར་བྱུང་ཡོད་པར་བརྡ་བསྟན་པ།
བསྐྱར་དུ་ཞིབ་འཇུག་བྱས་པ་བརྒྱུད་རྐང་རྗེས་དང་ལག་རྗེས་ཀྱིས་མང་པོ་ཞིག་གིས་བསམས་མྱོང་བའི་བོད་ཀྱི་ཆབ་རབས་ལས་ཕལ་ཆེར་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ཡིན་པའི་ཚེས་གྲངས་བཀོད་ཡོད། འཛང་གླིང་ནང་གི་རི་རྩེ་མཐོ་ཤོས་ཡིན་པའི་རི་བོ་མཐོན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བོད་མཐོ་སྒང་ནི་རྒྱུ་སྐར་འདིའི་ཐོག་གི་འགྲོ་བ་མིས་བདག་བཟུང་བྱས་པའི་ས་ཆ་མཐའ་མ་དེ་རེད་བསམས་མྱོང་མོད། འོན་ཀྱང་བོད་མཐོ་སྒང་འདི་ཉིད་དེ་སྔོན་བསམས་པ་ལས་ཧ་ལམ་ལོ་སྟོང་ཕྲག་གིས་སྔ་བར་མི་རྣམས་ཀྱིས་བདག་བཟུང་བྱས་ཡོད་པར་ད་ཆ་ཚན་རིག་པ་རྣམས་ཀྱིས་རྙེད་ཡོད།
འཛམ་གླིང་གི་ཡང་ཐོག་ཏུ་འབོད་པའི་བོད་མཐོ་སྒང་འདི་ཉིད་ཨཱ་ལ་སི་ཁ་ (Alaska) ལས་རྒྱ་ཆ་ལྔ་བཅུ་ཙམ་གྱིས་ཆེ་ཞིང་། ས་ཁྱོན་ཁི་ལོ་མི་ཊར་ (Kilometers) གྲུ་བཞི་མ་ས་ཡ་ ༢‚༥ ཡན་ཟིན་པ་དང་། སའི་གོ་ལའི་སྒང་གི་ཐང་མཐོན་པོ་རྒྱ་ཆེ་ཤོས་དེ་རེད་ལ། ཆ་སྙོམས་གྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་ཧྥི་ཊི་ ༡༦‚༠༠༠ ཙམ་ཡིན། དེ་འདྲའི་མཐོ་སྒང་དེར་རྒྱ་མཚོའི་ངོས་ཀྱི་འཚོ་རླུང་གི་ཕྱེད་ཙམ་ལས་མེད། རྐྱེན་དེས་གལ་ཏེ་མི་རྣམས་མགྱོགས་མྱུར་ངང་དེ་འདྲའི་མཐོ་ཚད་ལ་སྤོར་བ་ཡིན་ན་ཀླད་པ་སྐྲངས་པ་དང་། གློ་བར་ཆུ་གསོག་པ་སོགས་ཀྱི་ནད་རྟགས་ཡོང་སྲིད་ཅེས་ཞིབ་འཇུག་འདིའི་སྣེ་འཁྲིད་མཁན་དང་། རྩོམ་པ་པོ། ཨོ་སི་ཁྲུ་རི་ཡ (Austria) འི་ནུབ་ཕྱོགས་སུ་ཡོད་པའི་ཨིན་སཱི་བྷ་རོཁི་ (Innsbruck) གཙུག་ལག་སློབ་ཆེན་གྱི་ས་གཤིས་དཔྱད་ཞིབ་རིག་པའི་མཁས་དབང་མཱེ་ཁལ་མཱེ་ཡཱར་ (Michael Meyer) གྱིས་གསུངས།
རྒྱ་མཚོའི་ངོས་ལས་ཧ་ཅང་མཐོ་བའི་བོད་མཐོ་སྒང་དེར། ཐ་ན་དེའི་ལུང་གཤོང་རྣམས་སུ་ཡང་མི་རྣམས་འཚོ་སྡོད་བྱེད་པ་དང་། བུ་ཕྲུག་གསོ་སྐྱོང་བྱེད་པར་འཚོ་རླུང་ཉུང་བའི་རླུང་སྲབ་པོ་དེར་སྐྱེ་འཕེལ་རང་བཞིན་གྱིས་གོམས་འདྲིས་མ་ཐེབ་པ་ཡིན་ན་ཧ་ཅང་དཀའ་མོ་ཆགས་ཡོད། དེར་གནས་པའི་མི་རྣམས་དམའ་སར་སྡོད་པའི་མི་དག་ལས་གློ་བ་ཆེ་ཙམ་ཆགས་ཡོད་པ་དང་། དབུངས་འབྱིན་རྔུབ་མགྱོགས་པ་ཡོད་ཅིང་། དེས་ཁོང་ཚོས་འཚོ་རླུང་ཉུང་བའི་གནས་སྟངས་དེར་གདོང་ལེན་བྱེད་པར་རོགས་བྱེད་ཀྱི་ཡོད་པ་གོང་གི་དཔྱད་ཞིབ་ལས་རྙེད་ཡོད་ཅེས་མཱེ་ཡཱར་ (Meyer) གྱིས་གསུངས་འདུག
བོད་མཐོ་སྒང་དུ་འགྲོ་བ་མིའི་གཞིས་གསར་ཆགས་ཀྱི་དུས་ནམ་ཞིག་ལ་ཡིན་མིན་ཐད་ཚན་རིག་པ་རྣམས་ཀྱིས་བགྲོ་གླེང་ལྷུག་པོ་གནང་ཡོད། མི་རྣམས་དུས་ནམ་ཞིག་ནས་གནས་དེར་གཏན་སྡོད་བྱས་ཡོད་པ་གསར་རྟོགས་བྱུང་ན་གནས་དེར་འགྲོ་བ་མིའི་ཆགས་རབས་ཀྱི་རྒྱུད་རིམ་ཐོག་གི་ལྟ་སྟངས་ལ་གྲུབ་འབྲས་བྱུང་ཐུབ། ཅེས་ཞིབ་འཇུག་དེའི་སྣེ་ཁྲིད་གཞོན་པ་དང་། རྩོམ་པ་པོ། ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མར་སི་ཌ་གཙུག་ལགས་སློབ་གྲྭ་ (the University of California, Merced,) ཡི་གནའ་རྫས་དཔྱད་ཞིབ་རིག་པ་བ་མཱར་ཁ་ཨན་ཌན་དྷར་ཧྥིར་ (Mark Aldenderfer) ཡིས་གསུངས།
བོད་མཐོ་སྒང་འདི་ཉིད་འགྲོ་བ་མིའི་རིགས་ཀྱིས་དུས་ནམ་ཞིག་ལ་དབང་སྒྱུར་བྱས་པའི་སྐོར་ལ་མང་དུ་ཤེས་ཕྱིར་ཚན་རིག་པ་རྣམས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་སུ་ཀི་ལོ་མི་ཊར་ (Kilometers) བརྒྱད་ཅུ་ཙམ་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༤‚༢༧༠ ཙམ་གྱི་སར་ཆགས་ཡོད་པའི་ཆུ་བཟང་ (Chusang) རི་གྲོང་གི་ས་གནས་ཤིག་ལ་དཔྱད་ཞིབ་བྱས་པ་དང་། ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མར་སི་ཌ་གཙུག་ལགས་སློབ་གྲྭའི་གནའ་རྫས་དཔྱད་ཞིབ་པ་མཱར་ཁ་ཨན་ཌན་དྷར་ཧྥིར་ (Mark Aldenderfer ལགས་ཀྱིས་ས་གནས་དེའི་ནང་ཡོད་པའི་རང་བྱུང་ཆུ་ཚན་དེས་འགྲོ་བ་མི་དང་། ལོ་ཏོག དེ་བཞིན་སེམས་ཅན་གཞན་སོགས་ལ་སྐྱབས་སྦྱིན་ལྟ་བུར་རོགས་རམ་བྱས་ཡོད་སྲིད་པ་རེད་ཅེས་གསུངས།
ས་ཁུལ་དེ་ནི་ཚན་རིག་པ་རྣམས་ཀྱིས་སྤྱི་ལོ་ ༡༩༩༨ ལོ་ཙམ་ལ་ཞིབ་འཇུག་བྱས་ཤིང་། དེར་མིའི་རྐང་རྗེས་དང་ལག་རྗེས་བསྡོམས་པའི་བཅུ་དགུ་ཙམ་བྲག་ཐོག་ཏུ་འགྱུར་རྡོར་གྱུར་ཡོད་པ་ལས་ཆེ་ཆུང་ལ་བརྟེན་ནས་ཧ་ལམ་ཕྲུ་གུ་གཉིས་ཐེ་བའི་མི་དྲུག་ཙམ་གྱིས་རྐང་རྗེས་དེ་དག་བསྐྲུན་ཡོད་པར་བརྡ་སྟོད་བྱས་ཡོད་པ་རེད། ཞིབ་འཇུག་སྔོན་མ་དེས་ཆུ་བཟང་ (Chusang) དུ་ཡོད་པའི་རྐང་རྗེས་དེ་རྣམས་རོབས་ཚོད་ལྟར་ན་ལོ་ ༢༠‚༠༠༠ ཙམ་གྱི་རྙིང་པ་ཡིན་སྐོར་གསལ་སྟོབ་བྱས་པ་རེད། འོན་ཀྱང་སྐབས་དེ་དུས་ཀྱི་དེའི་ཁུལ་གྱི་སྒྱུ་རྩལ་དངོས་རིས་དཀོན་པ་དང་། ས་གནས་དེའི་སྣ་མང་རྙོག་འཛིང་གི་རང་བྱུང་ནང་རྗེས་ཤུལ་དེ་ལྟ་བུ་སྐབས་དེ་དུས་ཇི་ལྟར་བཟོས་མིན་ལ་ཐེ་ཚོམས་ཡང་བྱུང་ཡོད་འདུག
བསྐྱར་དུ་དཔྱད་ཞིབ་བྱེད་པར་མེ་ཡཱར་ (Meyer) དང་། ཨན་ཌན་དྷར་ཧྥིར། (Aldenderfer) ད་དུང་ཁོང་གཉིས་ཀྱི་ལས་རོགས་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་ཐབས་གཉིས་ཏེ་ནག་རྫས་ཀར་བོན་གྱིས་དུས་དཔྱད་ཐབས་ (carbon dating) སམ། འོད་འཕྲོའི་ཁྱད་ནུས་ལྡན་པའི་ལྕགས་རིགས་ཁམས་རྫས། ཟེར་རླངས་ཅན་གྱི་ལྕགས་རིགས་ཁམས་རྫས་སོགས་སྤྱད་ནས་དུས་བརྟགས་ཐབས་ (uranium-thorium dating) དང་། མཐོང་རེག་གི་བསིལ་ཟེར་དང་འཕྲོ་མདངས་སོགས་ལ་བརྟེན་ནས་དུས་དཔྱད་ཐབས་ (optically stimulated luminescence dating) སོགས་སྤྱད་ནས་ཚོད་ལྟ་བཅུ་གཅིག་བྱས་ཡོད་པ་རེད། དེ་སྔོན་གྱི་བོད་མཐོ་སྒང་གི་འགྲོ་བ་མིའི་ཆབས་རབས་སྐོར་གྱི་ལྟ་སྟངས་ལྟར་ན་ས་མཐོའི་ཁུལ་དེར་ལོ་ ༥‚༢༠༠ ཙམ་གྱི་ཡར་སྔོན་དུ་འགྲོ་བ་མིའི་གཞིས་ཆགས་ཡོད་པར་འདོད་ཀྱང་། གསར་དུ་བསྐྱར་དཔྱད་བྱས་པ་ལྟར་ན་ཆུ་བཟང་ (Chusang) དུ་འགྲོ་བ་མི་གནས་སྡོད་བྱས་ནས་ཉུང་མཐར་ཡང་ལོ་ ༧‚༤༠༠༠ ཡར་སྔོན་ཙམ་དང་། ཕལ་ཆེར་ལོ་ ༡༢‚༧༠༠ ཡར་སྔོན་དུ་ཡིན་སྲིད་པའི་གྲུབ་དོན་རྙེད་ཡོད་འདུག
ཉམ་ཞིབ་པ་རྣམས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན་གནའ་བོའི་དུས་སུ་ས་ཁུལ་གཞན་དག་ནས་ཆུ་བཟང་ (Chusang) ལ་སྐོར་སྐྱོད་བྱེད་པར་རི་བོ་འབར་འབུར་དང་། ས་གཤིས་ཧ་ཅང་རྩུབ་ཅིང་བགྲོད་དཀའ་བ་སོགས་ཀྱིས་ཧ་ལམ་ཉིན་མང་པོ་འགོར་ངེས་ཡིན་ལ། གངས་ཀྱི་འབབ་ཚད་ཤིན་ཏུ་ཆེ་བའི་ལོ་ཟླ་དེ་དག་ནང་ས་ཕྱོགས་དེར་སྐྱོད་སའི་ལམ་ཁ་ཡང་ཕལ་ཆེར་ཡོད་མི་སྲིད་པ་རེད། ཆུ་བཟང་གི་ས་ཁུལ་དེ་ནི་ནམ་དུས་བཟང་སྐབས་སྐོར་སྐྱོད་བྱེད་ས་ཞིག་མིན་པ་ལྟར་དུ་སྣང་མོད། འོན་ཀྱང་ལོ་ངོ་དེ་དག་རིང་གནས་དེར་རྔོན་པ་དང་། ཤིང་ཏོག་དང་སྔོ་ལྡུམ་སོགས་སྡུ་རུབ་བྱེད་མཁན་གྱི་གཏན་འཇག་གཞིས་ཆགས་ཡོད་སྲིད་པ་རེད་ཅེས་མེ་ཡཱར་ (Meyer) གྱིས་གསུངས།
གསར་རྙེད་གྲུབ་དོན་འདི་དག་གིས་གནའ་བོའི་དུས་སྐབས་དེར་འགྲོ་བ་མིའི་ནུས་སྟོབས་སྐོར་གྱི་དེ་སྔོན་གྱི་མ་དཔེ་དག་སུན་འབྱིན་བྱས་ཚར་བ་རེད་ཅེས། གོང་གི་ཉམ་ཞིབ་དེའི་ནང་ཆ་ཤས་བླངས་མེད་ཅིང་། འཇལ་མན་གྱི་གྲོང་ཁྱེར་ཇཱེ་ནི་ཝའི་ནང་ཡོད་པའི་འགྲོ་བ་མིའི་བྱུང་རབས་ཚན་རིག་བསྟི་གནས་ཁང་མཱ་ཁི་སི་ཕི་ལན་ཁེ་ (Max Planck) ཡི་རྡུལ་ཕྲན་འདྲེས་སྦྱོར་གྱི་མི་རྒྱུད་དཔྱད་རིག་མཁས་པ་ཁཱི་རི་སི་ཋི་ཎ་ཝ་རིནར་ (Christina Warinner) གྱིས་གསུངས་གནང་འདུག ད་དུང་ཁོང་གིས། གལ་ཏེ་རང་བྱུང་ཆུ་ཚན་དེས་དྲོད་གཤེར་ལྡན་པའི་ས་ཁུལ་ཆུང་ངུའི་གནམ་གཤིས་ (Microclimate) དེ་བསྐྲུན་ཡོད་ཚེ་མི་རྣམས་བོད་དུ་ཡོང་བའི་འགུལ་སྐྱོད་ལ་མཐུན་རྐྱེན་གཞན་ཡོང་སྲིད་པ་ལས་ཀྱང་ལེགས་པ་བསྒྲུབས་ཡོད་ཅེས་ཀྱང་གསུངས།
ཚན་རིག་པ་རྣས་ཀྱིས་ཤེས་རྟོག་བྱུང་བར་ཟླ་དུས་ཚེས་གྲངས་དཔྱད་བསྡུར་བྱས་པ་དེ་དག སྔོན་གྱི་དེང་དུས་བོད་ཀྱི་མཐོ་སྒང་གི་མིའི་རིག་རྒྱུད་དཔྱད་ཞིབ་ “prior genetic analyses of modern Tibetan plateau peoples,” ཀྱིས་ཚོད་དཔག་བྱས་པ་དང་མཐུན་གྱི་ཡོད་པ་དང་། དགོངས་འཆར་དེས་(བོད་དུ་)གཏན་འཇག་གཞིས་ཆགས་མ་མཐར་ཡང་ལོ་ངོ་ ༨‚༠༠༠ ཡར་སྔོན་ནས་བྱུང་པར་བཤད་ཡོད་པ་རེ་འདུག དཔྱད་ཞིབ་གསར་པ་དེ་དག་ནི་ས་གནས་དེར་སྐབས་དུས་ཀྱི་དེ་ལས་དྲོ་ཙམ་དང་། དེ་ལས་གླན་ཙམ་གྱི་གནམ་གཤིས་ “a warmer, wetter climate in the region at that time.” ཞེས་པ་དང་ཡང་མཐུན་གྱི་ཡོད་པ་རེད།
སྐབས་ཤིག་ན་གོ་ལ་འདི་ག་ལེ་ག་ལེར་འཁྱགས་རོམ་གྱི་དུས་རིམ་མཐའ་མ་ལས་གྲོལ་བ་ན་ཆར་དུས་བསྐྱར་དུ་སླེབས་པ་དང་། བོད་མཐོ་སྒང་ཐེ་བའི་ཨེ་ཤི་ཡའི་ནང་དུ་རླན་གཤེར་འཕེལ་བ་རེད། ཅེས་མེ་ཡཱར་ (Meyer) གྱིས་གསུངས། ཁོར་ཡུག་བྱེ་བྲག་ཏུ་གནས་པའི་རྩི་ཤིང་དང་སྲོག་ཆགས་ཡོད་པའི་གཤིས་ས་རུ་གྱུར་ཡོད་ངེས་དང་། བོད་ཀྱི་མཚེའུ་རྣམས་ལ་ཆུ་གཙང་མས་ཁེངས་ནས་ཡོད་སྟབས་རྔོན་པ་དང་། ཤིང་ཏོག་སོགས་ཟས་རིགས་འཚོལ་མཁན་རྣམས་ཀྱིས་མཐོ་སྒང་འདི་ནས་གོ་སྐབས་གསར་པ་ཐོབ་ཆེད། མྱུལ་ཞིབ་བྱེད་རྒྱུར་ཧ་ལམ་འགོ་བཙུགས་ཚར་ཡོད་པ་རེད།
མ་འོངས་པར་ཉམ་ཞིབ་པས་བོད་མཐོ་སྒང་གི་ས་ཁུལ་དེ་ལས་ཀྱང་རྙིང་པའི་པྱོགས་སུ་བལྟ་ཆོག ངས་བསམ་པར་ཆུ་བཟང་འདི་མཐོ་སྒང་ནས་རྙེད་དུ་ཡོད་པའི་ས་ཁུལ་རྙིང་ཤོས་གཅིག་པུ་དེ་རེད་རྩ་བ་ནས་མི་དྲན། ཞེས་ཨན་ཌན་དྷར་ཧྥིར། (Aldenderfer) ལགས་ཀྱི་གསུངས།
ཚན་རིག་པ་རྣམས་ཀྱིས་ཁོང་ཚོའི་གསར་རྙེད་དེ་ཕྱི་ཟླ་དྲུག་པའི་ཚེས་དྲུག་གི་གླེང་གཞི་ཞེས་པར་ཚན་རིག་གི་འགྲུལ་བཞུད་ “ the Jan. 6 issue of the journal Science.” ཅེས་པའི་ནང་རྒྱས་བཤད་གནང་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བསྒྱུར།
ཐེངས་ 427357 བཀླགས་འདུག