Donate

གོ་ལའི་གནམ་གཤིས་དང་འབྲེལ་བའི་རྒྱ་ནག་གི་རྐང་རྗེས།

རྒྱ་ནག་ནང་གི་ནུས་ཤུགས་དང་འབྲེལ་བ་ཡོད་པའི་ཁོར་ཡུག་གི་དཀའ་ངལ་དེ་ཚོ་གཙོ་ཆེ་རྡོ་སོལ་བེད་སྤྱོད་དང་ཐོན་སྐྱེད་དབང་གིས་བྱུང་བ་ཡིན། སྤྱིར་བཏང་རྡོ་སོལ་ནང་བོང་ཚད་ཀྱི་ཆ་ནས་མུ་ཟི་བརྒྱ་ཆ་ ༢ ནས་ ༣ བར་ཡོད་ཅིང་། རྡོ་སོལ་ཏུན་གཅིག་མེ་སྲེག་གཏོང་བར་གྲུབ་རྫས་རང་ལྗིད་ཀྱི་ནག་རྫས་ ༨༠༠༠༠ ཙམ་འཚིགས་བརླག་སུ་འགྲོ་བཞིན་པ་དེས་ཀར་བོན་འཚོ་རླུང་གཉིས་ལྡན་གྷ་རམ་ ༡༨ ༠༠ ཐོན་སྐྱེད་བྱེད་ཀྱི་ཡོད།སྐྱེ་དངོས་འདུས་ཕུང་གི་ཚད་བརྒལ་བེད་སྤྱོད་ཀྱིས། གྲོང་གསེབ་ས་ཁུལ་དུ་སྐྱེ་ཁམས་ཉམས་ཆག་སོང་བའི་མཇུག་འབྲས་འཐོན་བཞིན་པ་དང་མཉམ་དུ།

རྡོ་སོལ་གཞི་རྒྱ་ཧ་ཅང་ཆེན་པོ་བེད་སྤྱོད་བྱས་པའི་འབྲས་བུར་རླུང་ཁམས་འབག་བཙོག་སུ་གྱུར་བཞིན་ཡོད། ཆེས་མྱུར་མགྱོགས་ཀྱི་དཔལ་བྱོར་ཡར་རྒྱས་དང་བཟོ་ལས་ཅན་དུ་བསྒྱུར་བའི་བྱ་བཞག་གིས། ད་དུང་གནས་སྟངས་ཁག་ཉེན་ཚབས་ཇེ་ཆེར་གཏོང་བཞིན་ཡོད། རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་དང་གོ་ལའི་ནུས་ཤུགས་བེད་སྤྱོད་ཀྱི་གནས་སྟངས་ནང་གལ་གནད་ཆེ་བའི་གནས་བབས་བཟུང་ཡོད་སྟབས། ཁོར་ཡུག་དང་འཚམ་པའི་ནུས་ཤུགས་བེད་སྤྱོད་ཀྱི་སྣེ་ཁྲིད་བྱ་རྒྱུ་ནི། རྒྱ་ནག་རང་ཉིད་གཅིག་པུ་མིན་པར་ས་ཁུལ་ཡོངས་རྫོགས་ལ་ཁེ་ཕན་ཡོད་པ་ཞིག་ཡིན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༤ ཚུན་གྱི་དྲོད་ཁང་རླངས་རྫས་ཇི་ཙམ་གློད་གཏོང་བྱས་མིན་གྱི་ཐོ་གཞུང་ཡིག་ཆ་གཅིག་པུ་དེ་ཉེ་ལམ་པར་འདེབས་བྱས་ཡོད། འོན་ཀྱང་རྒྱལ་སྤྱིའི་ནུས་ཤུགས་ལས་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། རྒྱ་ནག་གིས་ཕྱི་ལོ་ ༢༠༠༥ ལོར་གློད་གཏོང་བྱས་པའི་དྲོད་ཁང་རླངས་རྫས་ལས་ཀར་བོན་འཚོ་རླུང་གཉིས་ལྡན་ཀྱི་འབོར་ཚད་དེ་ཏུན་ས་ཡ་ ༧,༥༢༧ ཟིན་ཡོད་པ་དང་། འདི་ནི་ཕྱི་ལོ་ ༡༩༩༠

ལོའ་ིདྲོད་ཁང་རླངས་རྫས་གློད་གཏོང་གི་ཚད་གཞི་དང་བསྡུར་ན་བརྒྱ་ཆ་ ༡༥ ༢
འཕར་ཡོད། ཕྱི་ལོ་ ༢༠༠༥ ལོའ་ིདྲོད་ཁང་རླངས་རྫས་གློད་གཏོང་འདིའི་ནང་ནས་ནག་རྫས་འབར་རླངས་ཀྱིས་བརྒྱ་ཆ་ ༧༨ ཟིན་ཡོད་པ་དང། ན་རླངས་ཀྱིས་བརྒྱ་ཆ་ ༡༣ ། ཟེ་རླངས་ཀྱིས་བརྒྱ་ཆ་ ༨ ཟིན་ཡོད། ད་དུང་བཤད་ན། རྒྱ་ནག་གིས་ཕྱི་ལོ་ ༢༠༠༦ ནས་ ༢༠༠༧ བར་གྱི་ཀར་བོན་འཚོ་རླུང་གཉིས་ལྡན་གློད་གཏོང་གི་ཚད་གཞི་དེ་བརྒྱ་ཆ ༨ ལ་འཕར་ཡོད་པ་དང་། འདིས་ཕྱི་ལོ་ ༢༠༠༧ ལོའི་གོ་ལ་ཁྱོན་ཡོངས་ཀྱི་ཀར་བོན་འཚོ་རླུང་གཉིས་ལྡན་གློད་ཚད་ཀྱི་གསུམ་ཆ་གཉིས་ཟིན་གྱི་ཡོད་འདུག ཕྱི་ལོ་ ༢༠༠༦ ལོར་ནེ་ཐར་ལན་ཌའི་ཁོར་ཡུག་ཉམས་ཞིབ་ལས་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། རྒྱ་ནག་ནི་ནག་རྫས་གློད་གཏོང་བྱེད་མཁན་རྒྱལ་ཁབ་ཁག་གི་ཐོ་གཞུང་གི་ཨང་རིམ་དང་པོ་དང་། ཨ་རི་ལས་བརྒྱ་ཆ་ ༨ ཀྱིས་མཐོ་བ་བསླེབས་ཡོད་ཅིང།
ཁྱོན་བསྡོམས་ནག་རྫས་འབར་རླངས་ཏུན་ས་ཡ་ ༦༢༠༠ ཙམ་གློད་ཡོད་པའི་ཚོད་དཔག་བྱས་ཡོད། ཀར་བོན་འཚོ་རླུང་གཉིས་ལྡན་གློད་གཏོང་གི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཨར་འདམ་བཟོ་སྐྲུན་གྱི་བྱ་བ་དེ་ཡིན། དེས་ཀར་བོན་གློད་གཏོང་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༢༠ ཟིན་གྱི་ཡོད།
རྒྱ་ནག་གི་ནུས་ཤུགས་ཀྱི་དགོས་མཁོའ་ིསུམ་ཆ་གཉིས་ཀྱིས་རྡོ་སོལ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ད་དུང་རྡོ་སོལ་གྱི་གཏེར་ཁ་འབོར་ཆེན་ཞིག་འདོན་བཞིན་ཡོད་པའི་ཆ་ནས། རྡོ་སོལ་དེ་དུས་ཡུན་གང་ཙམ་རིང་མུ་མཐུད་དེ་བུད་རྫས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གནས་རྒྱུ་ཡིན་པ་ནི་ཐེ་ཚོམ་མི་དགོས་པའི་གནད་དོན་ཞིག་རེད། རྒྱ་ནག་གི་ནང་སྤྱི་སྙོམ་བྱས་ན། བདུན་རེར་རྡོ་སོལ་བེད་སྤྱོད་བྱེད་མཁན་གྱི་བཟོ་གྲྭ་གསར་པ་རེ་གསར་འཛུགས་བྱེད་ཀྱི་ཡོད། ཆེས་ཉེ་དུས་་རྒྱ་ནག་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་ལྟར་ན། རྡོ་སོལ་གྱིས་ནུས་ཤུགས་སྤྱིའི་བརྒྱ་ཆ་ ༧༠ མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། རྡོ་སྣུམ་གྱིས་བརྒྱ་ཆ་ ༢༠། རླངས་རྫས་ཀྱིས་བརྒྱ་ཆ་ ༣། ལྷག་མ་བརྒྱ་ཆ་ ༧ དེ་ཆུ་ཤུགས་གློག་འདོན་དང་རྡུལ་ཕྲན་ནུས་ཤུགས་ཀྱིས་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་གསལ་ཡོད། ཨ་རི་དང་བསྡུར་ན། ད་ལྟའི་ཆར་རྒྱ་ནག་གིས་རྡོ་སོལ་ལྡབ་གཉིས་ཙམ་གྱིས་མང་བ་བེད་སྤྱོད་བྱེད་ཀྱིན་ཡོད།
འོན་ཀྱང་ཕྱི་ལོ་ ༢༠༠༧ ལོའ་ིརྒྱ་ནག་ཁྱོན་ཡོངས་ཀྱི་ནུས་ཤུགས་དགོས་མཁོ་དེ་ཨ་རི་དང་བསྡུར་ན་བརྒྱ་ཆ་ ༢༡ གི་དམའ་བ་ཡོད། སྐུ་ཞབས་གོར་ཌོན་(Gordon Feller) གྱིས་བཤད་པ་ལྟར་ན། རྒྱ་ནག་གི་ནུས་གས་ཀྱི་དགོས་མཁོ་བརྒྱ་ཆ་ ༧༠ ཙམ་ཞིག་མུ་མཐུད་རྡོ་སོལ་ལ་བརྟེན་བཞིན་ཡོད། ཡར་ཐོན་རྒྱལ་ཁབ་གཞན་ཁག་ལས་རྡོ་སོལ་བརྒྱ་ཆ་ ༢༢.༥ མང་བ་བེད་སྤྱོད་གཏོང་བཞིན་ཡོད།
ཁོང་ཚོས་བཟོ་གྲྭའི་འབག་བཙོག་གི་རྫས་བརྒྱ་ཆ་ ༢ ངེས་པར་དུ་ཉུང་དུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཁུལ་ཡང་། ཕྱི་ལོ་ ༢༠༠༦ ལོ་སྟོད་ཀྱི་ཟིན་ཐོའ་ིནང་འབག་རྫས་བརྒྱ་ཆ་ ༣ ནས་ ༤ བར་འཕར་ཡོད་པ་གསལ་
སྟོན་བྱས་འདུག འདི་ལྟའི་འབག་བཙོག་གི་རྫས་འཕེལ་ཚད་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ནི། སྟངས་འཛིན་མེད་པའི་དཔལ་འབྱོར་འཕེལ་རྒྱས་ཆེས་མྱུར་པ་དེ་ཆགས་ཡོད། ཕྱི་ལོ་ ༢༠༠༥ ལོའི་ཕྱི་ཟླ་ ༡ ནས་ ༩ བར་རྒྱ་ནག་གི་བཟོ་ལས་འཕེལ་རྒྱས་དེ་བརྒྱ་ཆ་ ༡༧ .༢ འཕར་ཡོད་ཅིང་།           ལྕི་བའི་བཟོ་ལས་བརྒྱ་ཆ་ ༡༨ .༢ འཕར་ཡོད། ད་དུང་ཁོང་གིས་གསལ་བཤད་བྱས་པར། ཁྲོམ་རའི་ནང་རྡོ་སོལ་ལྟ་བུ་གནའ་སྲོལ་གྱི་མི་གཙང་བའི་ནུས་ཤུགས་རྒྱུ་ཆ་ཁག་འགྲོ་རྒྱུགས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་མུ་མཐུད་གནས་མུས་ཙམ་མ་ཟད། རྒྱལ་ནང་ཐོན་སྐྱེད་རྩ་འབོར་མཐོ་རུ་གཏོང་བའི་ཆེད་དུ། ཕྱོགས་མང་པོས་རྒྱ་ཆེ་བའི་ནུས་རྫས་ཐོན་ཁུངས་དང་། འཛུགས་སྐྲུན་ལས་གཞི། བཟོ་ལས་སོགས་ཀྱི་ནང་མ་འཇོག་ཧ་ཅང་ཆེན་པོ་བྱེད་རྒྱུར་གདམ་ཀ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོའ་ིསི་ཁྲོན་ཞིང་ཆེན་ནང་གི་རྒྱ་བོད་ས་མཚམས་སུ་ས་ཡོམ་གྱི་གནོད་སྐྱོན་ཁག་བསྐྱར་བཟོའི་ཆེད་དུ་འཛམ་གླིང་དངུལ་ཁང་ནས་ཨ་སྒོར་ས་ཡ་ ༧༡ ༠ ཡི་དངུལ་བུན་གཡར་ཡོད་ཅིང་། དེ་དག་ཨར་ལས་འཛུགས་སྐྲུན་ལ་ཉེ་བར་མཁོ་བའི་ཨར་འདམ་བཟོ་སྐྲུན་གྱི་ཆེད་རྡོ་སོལ་ཁྱོན་ཆེ་བེད་སྤྱོད་བྱེད་རྒྱུར་ངེས་ཤིང་། སྤྱིར་བཏང་ས་ཡོམ་གྱི་གནོད་སྐྱོན་ཤུགས་ཆེ་ཐེབས་ཡུལ་རྒྱ་ནག་གི་ཞིང་ཆེན་གཉིས་ནང་འཕྲོད་བསྟེན་དང་། ཤེས་ཡོན་རྨང་གཞིའི་འཛུགས་སྐྲུན་བསྐྱར་གསོའི་ཆེད་དུ་དགོས་དངུལ་མཐུན་སྦྱོར་བྱེད་པ་ནི་བྱ་བ་བཟང་པོ་ཞིག་ཡིན་རུང་། འོན་ཀྱང་དོན་དངོས་ཀྱི་དཀའ་ངལ་ནི། རྒྱ་ནག་གི་ནུས་ཤུགས་སྲི་སྤྱོད་ཀྱི་ཚད་གཞི་དེ། ཨ་རི་དང་ཡུ་རོབ་ཀྱི་སྤྱི་ཚོགས་ལ་བསྡུར་བ་ཡིན་ན་བརྒྱ་ཆ་ ༢༥ ལས་སོན་གྱི་མེད་པ་རེད།

ལྕི་བའི་བཟོ་ལས་ཁག་ལས་གཞན་པའི་བཟོ་གྲྭ་འབྲིང་རིམ་དང།
ཆུང་ཙག་གི་རིགས་ནི་ཨེ་ཤི་ཡའི་མངའ་ཁུལ་ནང་གསར་ཐོན་འབྱུང་བཞིན་པའི་བཟོ་ལས་ཀྱི་གཙོ་བོའི་གྲས་ཤིག་ཆགས་ཡོད། ཨེ་ཤི་ཡའི་མངའ་ཁུལ་གྱི་གནམ་གཤིས་དང་ཁོར་ཡུག ནུས་ཤུགས་སྐོར་གྱི་ཞིབ་འཇུག་ལས་འཆར་ར་ན། བཟོ་གྲྭ་ཆུང་གྲས་དང་འབྲིང་རིགས་ཀྱི་གྲངས་འབོར་དེ་ཨེ་ཤི་ཡའི་མངའ་ཁུལ་གྱི་བཟོ་སྐྲུན་ལས་རིགས་ན་ཡོངས་ཀྱི་བརྒྱ་ཆ་ ༨༥ ལས་མང་བ་ཟིན་གྱི་ཡོད་སྐོར་བཤད་འདུག ནག་རྫས་གློད་གཏོང་བྱེད་པའི་ཚད་ཞི་བྱེ་བྲག་པའི་ཐོག་བསྡུར་དཔྱད་བྱེད་སྐབས། རྒྱ་ནག་ནང་གི་ལྕགས་རིགས་བཞུ་སྦྱོར་བཟོ་གྲྭ་དང་སོ་ཕག་གི་ཟོ་གྲྭ་ནས་གློད་གཏོང་བྱེད་པའི་ནག་རྫས་ཀྱིས་འབོར་ཚད་དེ་ལོ་རེར་ཏུན་ས་ཡ་ ༢༡༣ ལས་བརྒལ་གྱི་ཡོད་པའི་ཚོད་དཔག་བྱས་ཡོད།
མཐའ་དོན་དུ་བྱ་སྤྱོད་འདི་དག་ཡོངས་རྫོགས་ཀྱི་མཇུག་འབྲས་ཀྱི་ཆ་ནས་བཤད་ན། ཐལ་དུད་སྨུག་པོ་ rown clouds)དང་དྲོད་ཁང་རླངས་རྫས་ཀྱི་གནོད་སྐྱོན་ཚབས་ཆེ་ཁག་སུ་ལ་ཕོག་རྒྱུ་ཡིན་ནམ།
གངས་དང་། འཁྱགས་པ། ས་རྡུལ་སོགས་ཀྱི་ཐོག་ཉམས་ཞིབ་བྱས་པ་ལས། བོད་མཐོ་སྒང་དང་ཧི་མཱ་ལ་ཡའི་རི་རྒྱུད་དུ་མིས་བསྐྲུན་པའི་འབག་རྫས་༼ཞ་ཉེ་དང་ཀོ་ལྕགས། གཤའ་དཀར། ཟངས། དུག་ཆེན་བ་བླ། ཏི་ཚ།
སྐྱེ་ལྡན་ཚྭ་རླངས་ཀྱི་འབུ་སྨན།༽གྱི་འབོར་ཚད་ཧ་ཅང་མང་པོ་ཡོད་པ་ཤེས་རྟོགས་བྱུང་འདུག འབག་རྫས་འདི་དག་བོད་མཐོ་སྒང་ཐོག་དགུན་དུས་ཀྱི་ནུབ་ལྡང་ཆར་རླུང་དང་དབྱར་དུས་ཀྱི་ཤར་ལྡང་ཆར་རླུང་གཉིས་ཀྱིས་འཁྱེར་འདྲེན་བྱས་པ་ཡིན།
རྒྱ་ནག་གི་དུད་སྙིགས་ཀྱིས་དྲོད་ཁང་རླངས་རྫས་ལས་ཀྱང་གནོད་སྐྱོན་མང་བ་བཟོ་བཞིན་ཡོད་ཀྱང་། ཁོང་ཚོའི་ཧ་ཅང་ཆེ་བའི་བཟོ་སྐྲུན་འཕྲུལ་ཆས་ཀྱི་རིགས་རྣམས་མཚམས་འཇོག་བྱེད་ཐབས་མེད།

ད་དུང་ལས་མི་ས་ཡ་མང་པོ་གྲོང་ཁྱེར་ཆེ་ཁག་ནང་ལས་ཀ་འཚོལ་བར་ཡོང་བ་དེ་དག་ལ། རྒྱ་ནག་གཞུང་གིས་འདོད་པ་ཚིམས་ངེས་ཀྱི་ལས་ཀ་ས་ཡ་མང་པོ་གསར་གཏོད་བྱེད་དགོས་ཀྱི་ཡོད། གནས་སྟངས་འདིས་གང་ཞིག་མཚོན་པ་ནི་དུད་སྙིགས་ཀྱི་ཐལ་དུད་སྨུག་པོ་ཧ་ཅང་ཕོན་ཆེ་རླུང་ཁམས་ནང་ཁྱབ་ཏེ།
ཀེལི་ཕོར་ནི་ཡའི་མཚོ་འགྲམ་དུ་འཁྱམས་ཀྱིན་ཡོད་ལ་དེས་ཁོར་ཡུག་ཉམས་རྒུད་ཀྱི་རྒྱུ་རྐྱེན་ཡང་བྱེད་ཀྱིན་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42239 བཀླགས་འདུག