འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་ཆེད་རྩོམ་ཡིག་འགྲན་སྡུར།
༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩིའི་ཆེད་བོད་ཡིག་དང་ཨིན་ཡིག་གཉིས་ཀའི་ཐོག་ནས་རྩོམ་ཡིག་འགྲན་བསྡུར་ཞིག་བྱ་འཆར་ཡོད་ཅིང། བརྗོད་གཞི་ནི་”འགྱིག་ཤོག་རིགས་ཀྱིས་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་”ཅེས་པ་དེ་ཡིན། བོད་ཡིག་ཐོག་གི་རྩོམ་ཡིག་འབྲུ་ཆིག་སྟོང་ལྔ་བརྒྱ་ནས་ཆིག་སྟོང་བརྒྱད་བརྒྱ་བར་ཡིན། རྩོམ་ལུས་ནི་དཔྱད་རྩོམ་ཡིན་དགོས།
དེ་ཡང་རྩོམ་ཡིག་དེ་དོ་བདག་རང་ཉིད་ཀྱིས་འབྲི་རྩོམ་གནང་བ་ཡིན་དགོས་པ་ལས་དྲྭ་ཐོག་དང་དེབ་གཟུགས་སུ་བཀོད་ཟིན་པ་དང་མི་གཞན་དང་མཉམ་དུ་བྲིས་པའི་རིགས་སོགས་ཡིན་ཚེ་ངོས་ལེན་ཞུ་ཐབས་བྲལ། གོང་གསལ་རྩོམ་ཡིག་དེ་ཉིད་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༥ ཉིན་གྱི་ཆུ་ཚོད་ ༥ པའི་ནང་ཚུད་འདི་གར་ཡིག་ཚང་དུ་ངེས་པར་དུ་འབུལ་འབྱོར་ཐུབ་པ་དགོས་ཤིང་། གོང་གསལ་ཟླ་ཚེས་དང་དུས་ཚོད་ནང་འབུལ་འབྱོར་མ་ཐུབ་ཚེ་རྩོམ་ཡིག་དེ་ངོས་ལེན་ཞུ་རྒྱུ་མིན། རྩོམ་ཡིག་གཏང་སྐབས་དོ་བདག་གི་མིང་དང་། འབྲེལ་གཏུག་ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་བཅས་ཁ་གསལ་ངེས་པར་དུ་མཉམ་འབུལ་དགོས། བོད་ཨིན་གཉིས་ནང་ནས་རྩོམ་ཡིག་ཡག་ཤོས་གསུམ་ཚོགས་པས་གཙོ་གཉེར་བྱེད་བཞིན་པའི་ཁོར་ཡུག་དྲ་ཚིགས་ tibetnature.net དང་འབྲེལ་གཏུག་དུས་དེབ་ www.contactmagazine.net གཉིས་ཀྱི་ནང་འགོད་སྤེལ་བྱ་རྒྱུ་ཡིན། འཛམ་གླིང་ཁོར་ཡུག་ཉིན་མོར་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་གོང་མཐོར་གཏོང་ཆེད་རྩོམ་ཡིག་འགྲན་སྡུར་འདིར་བྱ་དགའ་ཨང་རིམ་གསུམ་ཕྱེ་ཡོད།
ཨང་དང་པོར་བྱ་དགའ་ཧིན་སྒོར་ ༧༠༠༠ ཡོད།
ཨ་གཉིས་པར་བྱ་དགའ་ཧིན་སྒོར་ ༥༠༠༠ ཡོད།
ཨང་གསུམ་པར་བྱ་དགའ་ཧིན་སྒོར་ ༣༠༠༠ བཅས་འབུལ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༥ ཉིན་ཨང་རིམ་གསལ་བསྒྲགས་ཞུ་རྒྱུ་ཡིན་པ་དེ་དོན་དགོངས་མངའ་ཡོང་བར་མཁྱེན།།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན།
རྩོམ་སྐུར་སའི་གློག་འཕྲིན་ཁ་བྱང་། office@lhasocialwork.org
ཁ་པར་ཨང་གྲངས། 91 9882323455/9882646788
ཐེངས་ 42311 བཀླགས་འདུག