Donate

རྒྱལ་བའི་ཕོ་བྲང་གཡས་གཡོན་དང་མེག་གྷན་ནས་རྡ་སྟེང་བོད་ཁྱིམ་རྒྱ་ལམ་གཙང་བཟོ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་གང་ཡིན་ལ་རྡ་ས་ཉེ་འཁོར་གཡས་གཡོན་དུ་གཙང་བཟོ་ལས་འགུལ་སྤེལ་མུས་ལྟར། ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༦ ཉིན།  ང་ཚོའི་ཚོགས་པའི་སློབ་ཕྲུག་དང་དྭངས་བླང་བ་བཅས་མཉམ་རུབ་ཀྱིས།
གཙུག་ལག་ཁང་ངམ་རྒྱལ་བའི་ཕོ་བྲང་གཤམ་འོག་གི་ལམ་ཁ་གཡས་གཡོན་དང་།  མེན་གྷན་ནས་རྡ་སྟེང་བོད་ཁྱིམ་འགྲོ་སའི་རྒྱ་ལམ་གཡས་གཡོན་གྱི་ཤིང་ནགས་བཅས་སུ་འགྱིག་ཤོག་དང་། གོས་རྙིང་རིགས།  ཤེལ་དམ་རིགས་བཅས་ཕོན་ཆེན་གང་སར་དོར་ཡོད་པ་རྣམས་གཙང་མ་བཟོ་ཡོད་ཅིང་། གཙང་བཟོ་བྱས་པའི་སྙིགས་རོ་རྣམས་ཉེ་འཁོར་དུ་ཡོད་པའི་སྙིགས་སྣོད་དུ་བསྐྱལ་ཡོད་པ་རེད། སྔ་དྲོ་ཆུ་ཚོད་༡༠ཙམ་ནས་འགོ་འཛུགས་ཀྱིས་གཙང་བཟོ་བྱས་མཐར་ཉིན་ཆུ་ཚོད་༡ཐོག་ལྷ་སྤྱི་ཐབ་ཁང་ནས་ཉིན་གུང་ཞལ་ལག་གོ་སྒྲིག་ཀྱང་གནང་ཡོད་པ་རེད།

ཐེངས་ 42327 བཀླགས་འདུག