Donate

གནམ་གཤིས་འགྱུར་ལྡོག་ལ་རེ་བ་གསར་པ་ཞིག

<<མ་འོངས་པའི་ནག་རྫས་(carbon)མགྱོག་པོ་ཉུང་དུ་གཏོང་བའི་དུས་སྐབས།>>
ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ། ཨལ་གྷོ་རེ། (Al Gore)
ཕྱི་ལོ། ༢༠༡༤ ཟླ། ༦ ཚེས། ༡༨ ཉིན་སྤེལ།
གནམ་གཤིས་འགྱུར་ལྡོག་གི་དཀའ་ཉེན་སེལ་ཐབས་ཀྱི་འཐབ་རྩོད་ཁྲོད་དོ་སྣང་མ་བྱུང་བར་གཞི་རྒྱ་ཆེ་བའི་གནས་ཚུལ་ཞིག་འགྱུར་བ་འགྲོ་བཞིན་ཡོད། འགྲོ་བ་མིའི་དཔལ་ཡོན་མདུན་བསྐྱོད་ཁྲོད་མ་འོངས་པར་དཀའ་ངལ་དང་ཉེན་ཁ་མང་པོ་ཞིག་འཕྲད་སྲིད། འོན་ཀྱང་ད་ལྟ་གསལ་པོ་མཐོང་ཐུབ་པ་ནི་མ་འོངས་པར་ང་ཚོ་དཀའ་ཉེན་ལས་རྣམ་པར་རྒྱལ་ངེས་རེད། དྲི་བ་གཅིག་ཁོ་ན་ནི་ནག་རྫས་འཕེལ་རྒྱས་ཀྱི་རིམ་པ་དེ་ང་ཚོས་མགྱོག་མྱུར་ཇི་ལྟར་བྱེད་ནས་ཡོངས་རྫོགས་ཉུང་དུ་གཏོང་རྒྱུ་དེ་རེད།
མ་འོངས་ལོ་བཅུ་ཕྲག་འགའ་ཤས་ནང་ཐོག་མར་རེ་ཐང་ཆད་པའི་གནས་སྟངས་དེར་གདོང་ལེན་ཉེན་སྲུང་ལ་ཡིད་གཟབ་བྱ་དགོས། དེ་མིན་ནུས་པ་མི་ཐོན་པ་དང་འགལ་རྐྱེན་གཞན་ཞིག་ཆགས་སྲིད། གོ་ལའི་སྣོད་བཅུད་ལ་ཚབ་ཆེ་བའི་གཏོར་བཤིག་ཁག་ཅིག་ལས་གཡོལ་བར་ང་ཚོས་དུས་ཡུན་རིང་པོར་སྒུག་དགོས་པ་བདེན་པ་རེད་ལ། སྟབས་མི་ལེགས་པ་ཞིག་ལ་བསྐྱར་ལྡོག་བྱེད་མི་ནུས།
དེ་ལྟ་ནའང་ཚབ་ཆེ་བའི་གཏོར་བཤིག་དང་བྱུས་ཉེས་ཀྱི་འཕེལ་རིམ་དེ་དག་མཇུག་སྒྲིལ་བཞིན་པ་ང་ཚོས་ཤེས་གསལ་ལྟར་ཡིན་ལ། དཀའ་ཉེན་དེ་དག་ལས་གཡོལ་ཐུབ་རྒྱུ་ཧ་ལམ་གཏན་ཁེལ་ཚ་བ་ཞིག་རེད།
མ་ཟད་འགྱུར་རིམ་དེ་དག་ལག་ལེན་ནང་གལ་ཆེན་པོ་དང་ཚད་རན་པོ་ཞིག་ལ་སླེབས་ཡོད།

གོ་ལའི་ཚ་དྲོད་ཀྱི་གསར་རྟོགས་འཇིགས་ཉེན།
ཧང་སངས་བ་དང་ཧོན་འཐོར་རུང་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ནི། ང་ཚོའི་ནུས་པར་བརྟེན་ནས་ཉི་འོད་བེད་སྤྱོད་ཅན་ཞིག་ཏུ་བསྒྱུར་རྒྱུ་དང་། དེའི་ནུས་ཤུགས་དེ་རིན་གོང་གཞན་ལས་ལྡབ་འགའ་ཤས་ཆུང་བ་ཆགས་རྒྱུ་ཡིན་པ་སུ་ཞིག་གིས་ཀྱང་སྔོག་དཔག་ཐུབ་ཀྱི་ཡོད།
ཉུང་མཐར་ཡང་འཛམ་གླིང་གི་རྒྱལ་ཁབ་ ༧༩ ནང་། ཉི་འོད་ནུས་པའི་གློག་རྫས་(PV, solar cells) དེ་གློག་གི་ཐོན་ཁུངས་གཞན་ལས་བཟོས་པའི་གློག་རྫས་ལས་ཀྱང་གོང་ཆུང་བ་ཆགས་ཡོད་པ་གཅིག་མཚུངས་ཡིན།
ཉི་འོད་ནུས་པའི་ (Solar) གློག་གཞི་རྒྱ་ཆེ་རུ་འགྲོ་རྒྱུ་མ་ཟད་རིན་གོང་མུ་མཐུད་ཆགས་རྒྱུ་དང་། ཕྱི་ལོ་ ༢༠༢༠ སླེབས་དུས་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༨༠ ཉི་འོད་ནུས་པའི་གློག་བེད་སྤྱོད་ཀྱིས་ཐོན་ཁུངས་གཞན་ཁག་ལས་བསྐྲུན་པས་གློག་དང་འགྲན་ཟླ་ཆགས་ཀྱི་རེད།
མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྟོགས་འཆར་ལས་ནག་རྫས་ཀྱི་འབག་བཙོག་ཤུགས་ཆེ་སྐོར་བཤད་པ་དང་ལག་ལེན་ཇི་ལྟར་བྱེད་ཀྱི་ཡོད་ཀྱང་། ཁྲོམ་རྭའི་ནང་<<གོང་ཆེན་པོ་>>དང་<<གོང་ཁེལ་པོ་>>དབར་ཁྱད་པ་ཆེན་པོ་ཆགས་ཡོད་ལ། དེ་ནི་ཚ་གྲང་གི་ཚད་གཞི་ ༣༢ དང་ ༣༣ ལྟར་མི་འདྲ་བ་ཆེར་མེད་པ་ག་ལ་ཡིན། དེ་ནི་ཚ་གྲང་གི་ཚད་གཞི་ཨང་གྲངས་ ༡ གི་ཁྱད་པ་ཙམ་མིན་པར། ཁྲོམ་རྭ་ཞིག་འཁྱགས་པ་ཆགས་འགྲོ་བཞིན་པ་དང་ཡང་ན་གཅིག་ཤོས་དེ་ཆུར་བཞུར་འགྲོ་བའི་ཁྱད་པ་ཞིག་ཆགས་ཡོད།
གནས་ཚུལ་ཐོན་གསལ་ལྟར་ན་འཛམ་གླིང་ཁྱོན་ཡོངས་སུ། ནག་རྫས་ལྡན་པའི་བུད་རྫས་<<གཙོ་བོར་རྡོ་སོལ་>>(Fuels-primarily from coal) སྲེག་ནས་བཟོས་པའི་གློག་འདོན་འཕྲུལ་ཆས་ཚོང་མཁན་གྱི་གཏན་འཇགས་བཟོ་ཚོང་ཁང་ཁག་གིས་ཁོང་ཚོའི་ལས་རིགས་དེ་མཇུག་སྒྲིལ་སྲིད་པའི་ཞེད་སྣང་ཆེ་རུ་འགྲོ་ཡི་ཡོད་ལུགས་མངོན་གསལ་དོད་པོས་གླེང་སློང་བྱེད་བཞིན་ཡོད།
འཇར་མན་དང་ཡོ་རོབ་ཁུལ་དུ་བཟོ་ལས་གློག་ཁང་དེ་དག་ལ་གློག་རྫས་བསྐྱར་གསོ་རུང་བའི་རམ་འདེགས་ཁག་དམིགས་བསལ་ཚད་མཐོ་ཡོད་ཅིང་། ད་ཆ་ཉིན་ལྟར་རླུང་དང་ཉི་འོད་ལ་བརྟེན་ནས་མཁོ་འདོན་བྱེད་པའི་གློག་གིས་བརྒྱ་ཆ་ ༣༧ ཟིན་གྱི་ཡོད། གནས་དོན་དབྱེ་ཞིབ་པས་སྔོན་དཔག་བྱས་པར་ལྟར་ན་ཕྱི་ལོ་ ༢༠༢༠ ལོར་བརྒྱ་ཆ་ ༥༠ འཕར་རྒྱུ་ཡིན་པ་རེད། (དོན་དམ་འདི་ལོར་ཉིན་གཅིག་ལ་བསྐྱར་སྤྱོད་བྱེད་པའི་གློག་གིས་རྒྱལ་ཡོངས་ཀྱི་གློག་གི་བརྒྱ་ཆ་ ༧༤ ཟིན་གྱི་ཡོད།)

སྐམ་སྲེག་ཐེབས་པའི་ས་གཞི། གོ་ལའི་ངོས་སུ་གནམ་གཤིས་འགྱུར་ལྡོག་གི་ཐན་པ་ཇི་ལྟར་ཁྱབ་ཚུལ།

དེ་ལས་ཀྱང་འཇར་མན་གྱི་རྡོ་སོལ་སྲེག་མཁན་ཆེ་ཤོས་གཉིས་ཀྱི་འདས་པའི་ལོ་ ༤ གོང་ནས་མ་གནས་བརྒྱ་ཆ་ ༥༦ བརླག་པ་དང་། ༢༠༡༤ ལོའི་ལོ་སྟོད་ནས་མུ་མཐུད་ཉམས་རྒུད་དུ་འགྲོ་བཞིན་ཡོད། དེ་ནི་འཇར་མན་གཅིག་པུ་ག་ལ་ཡིན། ན་ནིང་ཡོ་རོབ་ཁུལ་གྱི་ཁེ་ལས་གཙོ་གྲས་ ༢༠ ཡིས་ཕྱི་ལོ་ ༢༠༠༨ ནས་བཟུང་ཁོང་ཚོའི་མ་གནས་ཕྱེད་ཀ་མར་ཆགས་ཡོད་པའི་སྙན་ཐོ་བཏོན་ཡོད་པ་དང་། སུད་སིའི་དངུལ་ཁང་ (UBS) ལྟར་ན་ད་ལྟ་ཨོ་རོབ་ཁུལ་གྱི་རྡོ་སོལ་དང་རླང་རྫས་བཟོ་ལས་ཁང་ ༡༠ ནང་ནས་ ༩ ཡི་ཁེ་འབབ་མར་ཆགས་ཡོད།
ཨ་རིའི་ནང་ཕྱི་ལོ་ ༢༠༡༢ ནང་གསར་དུ་ཐོན་སྐྱེད་བྱས་པའི་བརྒྱ་ཆ་ ༤༩ བསྐྱར་གསོ་རུང་བའི་ཅ་དངོས་ལས་ཡོང་གི་ཡོད་པ་དང་། འདས་པའི་ལོ་ངོ་༤དང་ཕྱེད་ཀའི་ནང་ཁྱོན་རྡོ་སོལ་སྲེག་ནས་བཟོས་པའི་གློག་འདོན་འཕྲུལ་ཆས་བཟོ་ལས་ཁང་ (Coal-fired electricity-generating plants) ༡༦༦ ཙམ་སྒོ་བརྒྱབ་པའམ་སྒོ་རྒྱག་བཞིན་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་ཐོག་ཕྱི་ལོ་ ༢༠༠༥ ནས་རྡོ་སོལ་བཟོ་ལས་ཁང་གསར་རྒྱག་གི་འཆར་གཞི་ཁག་ ༡༨༣ ཙམ་ཕྱིར་འཐེན་བྱས་ཡོད་པ་རེད།
དེ་དག་སྒོ་རྒྱག་དགོས་དོན་ནི་རླངས་རྫས་ (Gas) ཀྱིས་རྡོ་སོལ་ཚབ་བྱེད་ཐུབ་ཀྱི་ཡོད་པས་གསལ་པོ་རེད། འོན་ཀྱང་འགྱུར་བ་འགྲོ་བཞིན་པའི་ཨ་རི་དང་འཛམ་གླིང་གི་ནུས་ཤུགས་ཁྲོམ་ར་གཉིས་ཀ་འགྱུར་རྡོ་( Fossil Fuel- རྡོ་སོལ་དང་། སྣུམ། སོལ་རླངས་བཅོས་བཟོ་རུང་བའི་འགྱུར་རྡོ་) དེ་གཞན་ཞིག་གི་ཚབ་བྱེད་བཞིན་པ་ལས་ཀྱང་གལ་གནད་ཆེ་བ་ཆགས་ཡོད།
ང་ཚོས་མཐོང་གསལ་དུ། དེ་སྔོན་ཕྱི་ལོ་ ༡༩༨༠ ནས་དར་ཁྱབ་ཆེ་བའི་ཁང་ཐོག་ཏུ་ཉི་འོད་ནུས་པའི་ཀོ་ཤེལ་དང་། སྐམ་གློག་གསོག་མཛོད། གློག་སྐུད་ཕྲ་མོ་བཅས་ལས་གྲུབ་པའི་དཔེ་གཟུགས་དེ་ལས། བསྟི་བའི་སྡེ་ཁག་ནས་གཞི་རྒྱ་ཆེ་བའི་ནུས་ཤུགས་ཀྱི་དཔེ་གཟུགས་གསར་པ་ཞིག་ལ་སྤོ་འགོ་ཚུགས་བཞིན་འདུག་ལ། ཨ་རིའི་གློག་གི་ཚོང་ལས་ཀྱི་ངོ་ཚབ་གཙོ་བོ། ཨེ་ཏེ་སོན་གློག་ལས་ལྟེ་གནས་ (Edison Electric Institute) གིས་ཐོན་སྐྱེད་བྱས་པའི་གློག་གི་རྟགས་ཅན་དེ་དུས་ཐུང་ནང་དཀའ་ཉེན་གཞི་རྒྱ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་པ་དང་། སྔ་ལོའི་ཕྱི་ཟླ་ལྔ་པའི་ནང་དབྱིན་ཇིའི་བྷར་ཁཱ་ལའེ་སི་(Barclays རྒྱལ་ཁབ་འདྲ་མིན་གྱི་དངུལ་ཁང་དང་དཔལ་འབྱོར་ཞབས་ཞུ་)ཡི་ཨ་རིའི་གློག་ལས་སྡེ་ཁག་ཚང་མའི་མ་གནས་རིམ་པ་མར་ཆགས་ཡོད་པ་དང་། ཉི་འོད་ནུས་པས་ཐོན་སྐྱེད་བྱས་པའི་གློག་གི་རིན་གོང་མར་ཆགས་པ་དང་ཆབས་ཅིག རྒྱུན་ལྡན་གློག་གི་ཐོན་རྫས་ལ་དཀའ་ངལ་འཕྲད་རྒྱུ་མ་ཟད་མ་འཇོག་ཉུང་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

གོ་ལའི་ཚ་དྲོད་སྐོར་གླེང་ཉུས་ཤོས་ཀྱི་གནས་ཚུལ་ ༡༠ ལ་ལྟ་ཞིབ་བྱེད་པ།

འདི་ལོར་ཨ་རིའི་གྲོང་ཁྱེར་ཉེའུ་ཡོག་ཏུ་ཡོད་པའི་རྒྱལ་ཡོངས་དཔལ་འབྱོར་ཞབས་ཞུ་མཉམ་འབྲེལ་ (Citigroup) གྱིས་སྙན་ཐོ་བཏོན་པའི་ནང་། ཨ་རིའི་ནང་རང་བྱུང་སོལ་རླངས་མཁོ་ཆས་ལ་དཀའ་ངལ་འཕྲད་ནས། རྡོ་གཡམ་བརྩིས་ནས་བཟོས་པའི་སོལ་རླངས་དེ་མ་འོངས་པར་རྡོ་སོལ་གྱི་ཉེས་སྐྱོན་ལས་གདམ་ཁ་གཉིས་པ་ཞིག་ཆགས་སྲིད་སྐོར་ཡོངས་གྲགས་ཡིད་ཆེས་བྱེད་ཀྱི་ཡོད།
གང་ཡིན་ཟེར་ན་ཉི་ནུས་དང་རླུང་གིས་ཐོན་སྐྱེད་བྱེད་པའི་གློག་གི་རིན་གོང་མུ་མཐུད་ནས་ཆགས་འགྲོ་བཞིན་ཡོད་པས་རེད།
གནད་འགག་ཆེ་ཤོས་དེ་གློག་གསོག་འཕྲུལ་ཆས་ཀྱི་རིན་གོང་ཡིན་པ་དང་། གློག་གི་མ་ལག་གསར་པའི་འགོག་རྐྱེན་དེར་དུས་ཡུན་རིང་པོར་བསམ་གཞིག་བྱས་ཡོད། འོན་ཀྱང་དེ་ཡང་རིན་གོང་རྦད་དེ་ཆགས་པས་མ་ཚད། དེ་སྔོན་གློག་གསོག་འཕྲུལ་ཆས་གསར་པའི་དཀའ་ངལ་དེ་ཡང་ད་ཆ་ཚད་མཐོ་པོར་འཕེལ་རྒྱས་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་ཡིད་ལ་བབ་པ་ཞིག་ལ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་ལས་གཞི་ཁག་ཅིག་ལས་རྣམ་པ་རྒྱལ་ཞིང་། དེ་མཚུངས་སུ་ང་ཚོའི་འབད་བརྩོན་ལ་བརྟེན་ནས་ཕྱི་ལོ་ ༡༩༨༠ ནས་བཟུང་ཨ་རིའི་ནང་ཁྱོན་ནུས་ཤུགས་ཀྱི་ཚད་གཞི་བརྒྱ་ཆ་ ༤༩ ཉུང་འཕྲི་བྱས་ཡོད།
དྲན་གསོ་བྱེད་འོས་པ་ཞིག་ལ། གནད་འགག་ངོ་མ་འཛམ་གླིང་ཁྱོན་ཡོངས་སུ་ལོ་ངོ་གཅིག་གི་རིང་རང་བྱུང་འགྱུར་རྡོ་སྲེག་ནས་བཟོས་པའི་གློག་མེ་དང་ཉིན་རེ་ཆུ་ཚོད་ཆུ་ཚོད་གཅིག་ཉི་མ་ནས་ས་གཞིར་འཕྲོས་པའི་ནུས་ཤུགས་གཉིས་དབར་ཚད་གཞི་གཅིག་མཚུངས་ཡིན།
རྒྱལ་ཁབ་སྐྱོ་པོ་དེ་དག་གནས་སྡོད་བྱེད་མཁན་འཛམ་གླིང་གི་མི་མང་ཆེ་བ་འཚོ་སྡོད་དང་འཚར་ལོངས་གི་ནུས་ཤུགས་ལ་འགལ་རྐྱེན་འཕྲད་བཞིན་ཡོད། ཉི་འོད་ནུས་པའི་གློག་ནུས་དེའི་ནུས་ཤུགས་ཀྱི་ནག་རྫས་དེ་ཙམ་ཤུགས་ཆེན་པོ་མེད།
རྒྱ་གར་གྱི་གསར་དུ་འདེམས་ཐོན་བྱུང་བའི་སྲིད་བློན་གསར་པ་ནཱ་རན་དྷར་མུ་དྷི་ (Narendra Modi) ལགས་ལས་ཁུངས་སུ་ཕེབས་པའི་ཉིན་དང་པོ་དེར། <<ཁོང་གིས་གོ་ལའི་ཚ་དྲོད་སྐོར་འཕྲུལ་དེབ་(E-book) ཅིག་བརྩམས་འདུག>> གསལ་བསྒྲགས་ཤིག་གི་ནང་ད་ལྟའི་ཆར་ཉི་འོད་ནུས་པའི་གློག་གི་འཕྲུལ་ཆས་མེད་མཁན་རྒྱ་གར་མི་མང་ས་ཡ་བཞི་བརྒྱ་ལ་ཉི་གློག་གི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ལུགས་ཧ་ལས་པའི་གནད་འགག་ཅན་ཞིག་གསུངས་འདུག
མུ་དྷི་ལ་རྒྱབ་སྐྱོར་བྱེད་མཁན། སྔོན་མ་རྒྱ་གར་གྱི་གློག་སྟངས་འཛིན་པ་སྐུ་ཞབས་རའོ་(S.L. Rao)ལགས་ཀྱིས་ཁོང་གིས་ལྟ་ཚུལ་དུ་ང་ཚོས་ལམ་ལུགས་ཆ་ཚང་མགྱོག་མྱུར་འགྱུར་བ་བཏང་ཚེ་གར་སྟེགས་ཤིག་གི་ཐོག་སླེབས་ཐུབ་རྒྱུའམ་ཡང་ན་མ་འོངས་པར་དེ་འགྱེལ་འགྲོ་རྒྱུའི་གནས་སྟངས་གང་རུང་ཞིག་ཆགས་སྲིད་གསུངས་ཡོད།
རྒྱ་གར་མ་ཚད་ཁྱིམ་མཚེས་བྷང་ལ་དྷེ་ཤའི་ (Bangladesh) ནང་ཧ་ལམ་སྐར་མ་རེའི་ནང་ཁང་ཐོག་ཉི་གློག་གི་འཕྲུལ་ཆས་མ་ལག་གཉིས་རེ་གསར་འཛུགས་བྱེད་བཞིན་ཡོད་པ་དང་། དེས་འཛམ་གླིང་ནང་ཉི་གློག་གི་ཁྲོམ་རྭ་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་གིན་ཡོད། ཨ་ཧྥི་རི་ཁ་ཤར་ནུབ་གཉིས་ཀའི་ནང་ཉི་འོད་ནུས་པའི་གློག་གི་ཤེལ་སྒོ་དེ་སྐད་ཅིག་ཉིད་དུ་དར་ཁྱབ་འགྲོ་རྒྱུ་སྔོན་དཔག་བྱེད་ཐུབ་ཀྱི་ཡོད།
དུས་རབས་ ༢༡ ལ་སླེབས་པ་དང་། ཕྱི་ལོ་ ༢༠༡༠ ནང་ལོ་རེར་འཛམ་གླིང་གིས་གློག་གི་ནུས་ཚད་གྷི་གྷ་ཝ་ཊི་(Gigawatt) གཅིག་ཅན་གྱི་ཉི་འོད་ནུས་པའི་གློག་གི་མ་ལག་གསར་འཛུགས་བྱ་རྒྱུའི་ལས་འཆར་དེར་ཁག་གཅིག་གིས་འཕྱ་ལད་རྒྱག་མྱོང་ཡོད།
དམིགས་ཡུལ་དེ་ལས་ལྡབ་ ༡༧ ཙམ་ཚད་ལས་བརྒལ་བ་དང་། ལོ་སྔོན་མར་ལྡབ་ ༣༩ ཙམ་ཚད་ལས་བརྒལ་ཡོད། འདི་ལོར་འཛམ་གླིང་གི་མྱུར་ཚད་བྷན་ཆི་མར་ཁི་ (Benchmark) ཐེངས་ ༥༥ ལས་བརྒལ་ཡོད། འདི་ལོ་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༧ སླེབས་དུས་ཉི་འོད་ནུས་པའི་གློག་ཤོང་ཚད་གྷི་གྷ་ཝ་ཊི་ (Gigawatt) ༧༠ ཅན་བཟོ་བསྐྲུན་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད།
མངའ་སྡེའི་ནང་རླུང་ཉུས་བེད་སྤྱོད་གཏོང་མཁན་གཞི་རྒྱ་ཆེ་ཤོས་ཨ་རིའི་མངའ་སྡེ་ཊེ་སཱ་སི་(Texas) ཡིན་ཞིང་། ནུས་ཤུགས་འཕེལ་རིམ་གྱི་འགྲོ་སྟངས་དེ་ལོ་རྒྱུས་རང་བཞིན་ཞིག་ཤེས་རྟོགས་ཐུབ་ཀྱི་མེད།
རླུང་ནུས་གློག་གི་རིན་གོང་ཡང་མར་ཆག་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ཨ་རིའི་ནང་བརྒྱ་ཆ་ ༤༣ མར་ཟགས་ཡོད་པ་རེད། དེས་གསར་དུ་ཐོན་སྐྱེད་བྱེད་བཞིན་པའི་རྡོ་སོལ་ལས་ཀྱང་གོང་ཆུང་བ་ཆགས་ཡོད།
རླུང་ནུས་གློག་གི་རིན་གོང་ཉི་ནུས་གློག་གི་རིན་གོང་ལྟར་ཆགས་མེད་ཀྱང་། ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་ཁྱོན་དུ་རླུང་གི་འཕེལ་རྒྱས་ལོ་འཁོར་ལས་འཆར་སྐབས་ལྟར་ན། ལོ་ངོ་བཅུ་ཕྲག་ནང་རླུང་ནུས་བེད་སྤྱོད་བྱེད་མཁན་ལྡབ་ ༧ འཕར་བས་མ་ཚད། ད་ཆ་འཛམ་གླིང་ཁྱོན་དུ་རླུང་ནུས་བེད་སྤྱོད་གཏོང་མཁན་ལྡབ་ ༡༠ ལ་འཕར་ཡོད།
འདས་པའི་ལོ་ལྔའི་རིང་ཨ་རིའི་ནང་གློག་ཁྱོན་ཡོངས་ཀྱི་སུམ་ཆ་གཅིག་རླུང་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ནས་ཨ་རིའི་ནང་རླུང་གློག་གསར་འཛུགས་བྱེད་ཚད་ལྡབ་ ༥ འཕར་ཡོད།
བེད་སྤྱོད་མཁན་ཚོའི་ཆེད་དུ་གནས་ཚུལ་བཟང་པོ་དེ་གང་མགྱོག་ཡར་རྒྱས་འགྲོ་རྒྱུ་མ་ཟད། ནག་རྫས་གཞིར་བཞག་པའི་གློག་གི་གོང་ཚད་མུ་མཐུད་ནས་འཕར་རྒྱུ་དང་། ཉི་གློག་གི་རིན་གོང་དེ་ཕྱི་ལོ་ ༢༠༡༠ ནས་ལོ་ལྟར་ཆ་སྙོམས་བརྒྱ་ཆ་ ༢༠ ཆུང་དུ་འགྲོ་བཞིན་ཡོད་པ་རེད།
ཨ་རིའི་དངུལ་རྩིས་ཉམས་ཞིབ་པ་ཐེ་བའི་ནུས་ཤུགས་ཀྱི་དཔལ་འབྱོར་རིག་པ་བ་ཁག་ཅིག་གིས། ལོ་ངོ་འགའ་ཤས་རྗེས་ནུས་ཤུགས་ཀྱི་དངུལ་གྱི་འཛའ་ཐང་མགྱོག་པོར་མར་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་པ་རེད།
གནས་ཚུལ་དེ་དག་ང་རང་ཐེ་བའི་མི་སུ་ཞིག་གིས་འབྱུང་ལ་ཉེ་བའི་འགྱུར་འགྲོས་ཀྱི་མྱུར་ཚད་དེར་ཧང་སང་གི་ཡོད་པ་རེད། དཔེ་མཚོན་ཞིག་འགྲེལ་བརྗོད་བྱེད་ན། ཆེས་ཐོག་མའི་སྐུད་ཡོད་ལག་ཐོག་ཁ་པར་དེ་དྲན་སོས་ཀྱི་འདུག་གམ། ངས་དྲན་སོས་ཀྱི་འདུག་ལ་འཕྲུལ་རིགས་གསར་པ་ཐོན་ཚེ་མངག་ཉོ་བྱེད་རྒྱུ་གོམས་གཤིས་ཡོད་མཁན་གྱི་ཚོང་མགྲོན་ཞིག་ཡིན།
ཕྱི་ལོ་ ༡༩༨༠ ཡི་ལོ་འགའ་སྔོན་དུ་ངས་ཐོན་རིམ་རྙིང་པའི་གྲས་ཀྱི་ཁ་པར་ཞིག་ཉོས་པ་ཡིན། ངས་དེ་དག་ཐོག་མར་ཉོས་སྐབས་ཆེན་པོ་ཞིག་དང་། ཐོན་རིམ་རྙིང་པའི་ལག་ཐོག་ཁ་པར་དེ་ཚོ་བེད་སྤྱོད་བྱེད་པར་སྤྲོ་སྣང་དང་། སྙིང་རྗེ་པོ་ཞིག་མཐོང་མྱོང་ཡོད། འོན་ཀྱང་ད་ཆ་དེ་དག་ཆོ་མེད་ཞིག་མཐོང་གི་ཡོད།
ཨེ་ཊི་ཊི་(AT&T ཨ་རིའི་རྒྱལ་སྤྱི་ཏར་འཕྲིན་མཉམ་ལས་) ཀྱིས་གོ་ལའི་ཁྲོམ་ར་དབང་སྒྱུར་བྱས་ཤིང་ཕྱི་ལོ་ ༢༠༠༠ ནང་ཁྲོམ་རྭར་བེད་སྤྱོད་བྱེད་མཁན་ཁྱོན་མི་གྲངས་ ༩༠༠་༠༠༠་བྱུང་ཡོད་པ་རེད།
ཁོང་ཚོས་ནོར་གཅིག་པུ་མ་ཡིན་པར། ཁོང་ཚོས་ལམ་ཕྱོགས་ནོར་བ་ཞིག་རེད། ཕྱི་ལོ་ ༢༠༠༠ ལོར་གན་རྒྱ་འཇོག་མཁན་ཁྱོན་མི་གྲངས་ས་ཡ་ ༡༠༩ བྱུང་ཡོད། ལོ་བཅུ་ཕྲག་༡དང་ཕྱེད་ཀ་ཙམ་གྱི་རྗེས་གོ་ལའི་ཁྱོན་དུ་ཁྱོན་མི་གྲངས་ཐེར་འབུམ་ ༦།༨ ལ་སླེབས་ཡོད་པ་རེད།
གནས་ཚུལ་དེ་དང་འདྲ་བ་འགྱུར་རྡོའི་བཟོ་ལས་ལ་མ་འཛུགས་བྱེད་མཁན་གྱིས་ངེས་པར་དུ་དོ་སྣང་སླེབས་ཀྱི་ཡོད་པ་རེད། ཟླ་བ་ ༨ ཙམ་གྱི་གོང་དུ་ཨེ་ཏེ་སོན་གློག་ལས་ལྟེ་གནས་ (Edison Electric Institute) ཀྱིས་སྐབས་ཤིག་ལ་ཁེངས་དྲེགས་ཆེ་བའི་སྐུད་ཡོད་ཁ་པར་(landline-telephone) གྱི་བཟོ་ཚོང་ཁང་དེའི་གནས་བབས་མགྱོག་པོར་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པར་ཚོད་དཔག་འགྲེལ་བརྗོད་བྱས་ཡོད།
བོད་ཀྱི་ཁོར་ཡུག་དྲ་རྒྱའི་ལག་བསྟར་རྩོམ་སྒྲིག་པས་བོད་སྒྱུར་བྱས།

མ་རྩོམ་འདི་ནས་གཟིགས་རོགས།   ཤེས་ཚད་ཀྱིས་རྐྱེན་པས་ནང་དོན་ཧེ་བག་ཡོད་ཚེ་དབྱིན་ཇིར་ཚད་འཛིན་རོགས།

ཐེངས་ 42352 བཀླགས་འདུག