Donate

སླར་ཡང་རི་ཉིལ་གྱིས་འབྲི་ཆུ་དང་ཡང་ཀླུང་གཙང་པོ་ཚབ་ཆེན་འགག་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག། ཆུ་རགས་དང་ཆུ་མཛོད་རྒྱག་པ་སོགས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བའི་ཉེར་ལེན་གྱིས་འདས་མ་ད་གསུམ་ལ་རི་ཉིལ་དང་ཆུ་ལོག་གིས་མཚོན་པའི་འབྱུང་བཞིའི་གནོད་པས་བོད་ཀྱི་ཡུལ་མི་ཚོ་ཙམ་དུ་མ་ཟད་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་དང་། འཇིགས་སྣང་། དངངས་སྐྲག་གི་གནས་སུ་ལྷུང་བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་།བཞིན་ཡོད་པ་རེད་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།   ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། རེས་གཟའ་ཕུར་བུ་ཉིན་རྒྱ་གར་གྱི་ANIགསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། སྨན་གླིང་རྫོང་གི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཕྱི་ཟླ་༡༠ ཚེས་༢༩ ཉིན་ས་རུད་ཐེབས་ནས་གཙང་ཆུ་འགག་སྟེ་ཆུ་འཁྱིལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་ལ་སྐབས་བབ་ཀྱི་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་Ji Rong གིས་གསུང་འདུག

དེ་ནི་ཉེ་སྔོན་ཕྱི་ཟླ་བཅུ་བའི་ཚེས་༡༧ཉིན་ས་རུད་ཀྱི་དོན་རྐྱེན་བྱུང་ཡུལ་དེ་ཡིན་པ་དང་ད་རེས་ཡང་བསྐྱར་ས་རུད་ཐེབས་ནས་གཙང་ཆུ་འགག་པ་དང་། རྒྱ་ནག་གི་ཆུའི་ཐོན་ཁུངས་ལས་ཁང་གིས་པེ་ཅིན་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་ལ་ས་རུད་ཀྱི་གནས་སྟངས་ཀྱི་རིམ་པ་རྣམས་ཆུ་ཚོད་རེ་རེའི་ནང་མཁོ་སྤྲོད་བྱེད་བཞིན་ཡོད་སྐོར་དང་།  རྒྱ་ནག་གིས་གནས་ཚུལ་དེར་གཟབ་ནན་ཐོག་དོ་སྣང་བྱེད་བཞིན་ཡོད་ལུགས་བཤད་ཡོད་པ་རེད་།

ཉེ་ཆར་ཕྱི་ཟླ་བཅུ་བའི་ཚེས་༡༧ཉིན་ས་རུད་ཐེབས་ནས་གཙང་ཆུ་འགག་སྟེ་ཆུ་འཁྱིལ་བའི་རྐྱེན་གྱིས་ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཡོང་རྒྱུའི་ཉེན་ཁ་བྱུང་ཡོད་པའི་དབང་གིས་རྒྱ་གར་ལ་བློ་འཚབ་ཆེན་པོ་བྱུང་ཡོད་པ་རེད། རྒྱ་ནག་དང་རྒྱ་གར་གཉིས་དབར་ཆུའི་གནས་ཚུལ་མཉམ་སྤྱོད་ཀྱི་གྲོས་མཐུན་ད་ལོ་བསྐྱར་དུ་བཞག་ཡོད་པ་དང་། གྲོས་མཐུན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཆུ་ལོག་གི་སྐབས་སུ་གཙང་ཆུའི་གནས་ཚུལ་རིགས་རྒྱ་གར་ལ་མཁོ་སྤྲོད་བྱ་རྒྱུར་མོས་མཐུན་བྱས་ཡོད་སྟབས། ད་ཆ་ས་ཉིལ་ནས་ཡར་ཀླུང་གཙང་པོ་འགག་པའི་གནས་ཚུལ་རྒྱ་ནག་གིས་རྒྱ་གར་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད།

བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་།

ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་པད་དགེ་གྲོང་ཚོའི་འབྲི་ཆུའི་གཡས་གཡོན་རྒྱུད་དུ་ཡང་བསྐྱར་རི་ཉིལ་བྱུང་སྟེ་འབྲི་ཆུའི་བཞུར་རྒྱུན་ཚབས་ཆེན་འགག་ཡོད་འདུག
 ༢༠༡༨ ཟླ་ ༡༡ ཚེས་ ༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་སུ། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས ༡༡ ཉིན་རི་ཉིལ་བྱུང་སའི་ཆབ་མདོ་འཇོ་མདའ་རྫོང་སྤོ་ལོ་པད་དགེ་གྲོང་ཚོའི་འབྲི་ཆུའི་རྒྱུད་དུ་ཡང་བསྐྱར་རི་ཉིལ་བྱུང་སྟེ། འབྲི་ཆུའི་སྟོད་ཕྱོགས་ཀྱི་བཞུར་རྒྱུན་འགག་ཡོད་པ་མ་ཟད། ཆུ་འཁྱིལ་བའི་མཐོ་ཚད་ཆུ་ཚོད་རེར་ཆ་སྙོམས་རྨིད་ ༡ རེ་མཐོ་རུ་འགྲོ་ཡི་ཡོད་འདུག

འབྲེལ་ཡོད་ཅིག་གིས་འདི་གར་བཏང་བའི་གནས་ཚུལ་ནང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་་ཡུལ་ཚོའི་ཁོངས་ཀྱི་འབྲི་ཆུའི་གཡས་གཡོན་དུ་གློ་བུར་རི་ཉིལ་ཤུགས་ཆེན་པོ་བྱུང་བས། ཆུ་ཁ་རྒྱས་ཤུགས་ཆེ་བ་དང་ཆུ་ལམ་གཙོ་བོ་འགག་ནས་འདུག་ལ། རི་ཉིལ་བྱུང་ནས་ཆུ་འགག་པ་དེ་ཁ་སྔོན་ལས་ལྡབ་གཉིས་འགྱུར་གྱིས་ཆེ་བ་ཡོད་སྐོར་བརྗོད་བྱུང་།

ཡང་འདི་གར་བརྙན་ཞིག་འབྱོར་བའི་ནང་མི་ཞིག་གིས་ཉེ་སྔོན་བྱུང་སའི་འབྲི་ཆུའི་རྒྱུད་དུ་རི་ཉིལ་འདི་འདྲ་ཆེན་པོ་ཞིག་བྱུང་འདུག འབྲི་ཆུའི་ཐག་ཉེར་ཡོད་པའི་དགོན་སྡེ་ཁག་དང་གྲོང་ཁྱེར་གྱི་མི་དམངས་ཚོས་ཡིད་གཟབ་བྱ་དགོས་པ་དང་། རི་ཉིལ་བྱུང་བའི་གནས་ཚུལ་ལ་བལྟས་ན་འབྲི་ཆུ་མུ་མཐུད་ཡུན་རིང་ལ་འགག་རྒྱུ་ཡིན་པ་འདྲ་འདུག ཅེས་བརྗོད་འདུག

ཐེངས་འདིར་འབྲི་ཆུའི་རྒྱུད་དུ་རི་ཉིལ་བྱུང་བའི་དོན་རྐྱེན་ཐེངས་གཉིས་པ་དེ་ཡིན་པ་དང་། ཉེ་སྔོན་རི་ཉིལ་བྱུང་བའི་སྐབས་ཉེ་འགྲམ་གྱི་ཁང་པ་མནན་པ་མ་ཟད། འབྲི་ཆུའི་བཞུར་རྒྱུན་ཤུགས་ཆེན་འགག་པ་སོགས་ཀྱིས་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་སོགས་ལ་ཉེན་ཁ་འཕྲད་སྲིད་སྟབས། ཡུལ་མི་ ༤༠༠ ཙམ་དང་། སྤོ་ལོ་གྲོང་སྡེའི་དགེ་ལས་སློབ་ཕྲུག་བཅས་ས་གནས་གཞན་ལ་གནས་སྐབས་རིང་གནས་སྤོར་བྱེད་བཅུག་ཡོད་པ་དང་། རྗེས་སུ་རྒྱ་ནག་གཞུང་གིས་སྦྲ་གུར་ནང་ཡོད་པའི་ཡུལ་མི་ཚོ་ཕྱིར་རང་ཁྱིམ་དུ་ལོག་ཡོད་སྐོར་བརྗོད་ཡོད་ན་ཡང་། ཡུལ་མི་ཚོས་བཏང་བའི་བརྙན་དང་པར་སོགས་ཀྱི་ནང་མུ་མཐུད་སྦྲ་གུར་ནང་བསྡད་ཡོད་པ་མ་ཟད། འདི་གར་འབྱོར་བའི་ཡུལ་དངོས་ཀྱི་བརྙན་ཐུང་ནང་གནས་སྤོར་ཡུལ་མི་རྣམས་ལ་དམག་གུར་ལྗང་སེར་ཕུབ་ནས་གུར་རེ་རེའི་སྒང་ལ་རྒྱ་ནག་གི་རྒྱལ་དར་དམར་པོ་རེ་སྒྲེང་འཛུགས་བྱེད་དུ་བཅུག་ཡོད་པ་མཐོང་རྒྱུ་ཡོད་པ་རེད།

དེ་བཞིན་ཉེ་སྔོན་རི་ཉིལ་བྱུང་སའི་ཉིང་ཁྲི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འགག་པའི་ཐད། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཆུ་འགག་པ་ནམ་རྒྱུན་ལྟར་ཆགས་ཡོད་སྐོར་བསྒྲགས་ཡོད་ན་ཡང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན། བོད་རང་སྐྱོང་ལྗོངས་ཉེན་སེལ་མདུན་ཕྱོགས་བཀོད་འདོམས་ཁང་ཟེར་བས་ཚོགས་འདུ་ཚོགས་ཏེ། ཉེན་ཁའི་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་གང་ཐུབ་གང་ལེགས་བྱས་ནས། ངེས་པར་དུ་མཐོང་ཆེན་པོས་བསམ་གཞིགས་ཚགས་ཚུད་པོའི་ངང་ཕུགས་ལ་དམིགས་ཏེ། གནས་ཚུལ་སྡུག་ཤོས་ལ་བསམ་གཞིགས་ཐུབ་པ་དང་གྲ་སྒྲིག་ཨང་གསར་ཐུབ་པ་བྱས་ནས། ནུས་པ་ལྡན་པ་དང་གོ་རིམ་ལྡན་པའི་ངང་འཕྲལ་དུ་ཉེན་སེལ་ལས་དོན་ཁག་ལ་མཐུན་སྦྱོར་སྐུལ་སྤེལ་གཏོང་དགོས་པ། ཉེན་སེལ་འགན་སྲུང་དཔུང་ཁག་བཙུགས་ཏེ་བྱ་སྤྱོད་མྱུར་པོས་ཆུ་མ་ཤོར་གོང་ནས་རགས་རྒྱག་ཐུབ་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་འགན་སྲུང་ཧུར་ཐག་བྱེད་དགོས་སྐོར་བརྗོད་འདུག

 

ཐེངས་ 42291 བཀླགས་འདུག