Donate

ས་མཐོའི་རྩྭ་ཐང་དང་སྤང་ལྗོངས།

བོད་སྟོད་རྒྱུད་ཀྱི་བྱང་ཐང་ས་ཁུལ་ནས་ཤར་ཕྱོགས་ཀྱི་མཐའི་བར་གྱི་ས་མཐོའི་རྩྭ་ཐང་ས་ཁུལ་འདི་ནི་རྒྱ་མཚོའི་ངོས་ལས་སྤྱི་སྙོམ་མཐོ་ཚད་མི་ཊར་ ༤༥ ༠༠ ཡི་སར་ཆགས་ཡོད། དེ་ནི་ཧ་ལམ་བོད་ཀྱི་ས་ཁྱོན་གྱི་བརྒྱ་ཆ་༧༠ ཙམ་ཟིན་གྱི་ཡོད། ས་མཐོའ་ིབྱེ་ཐང་དང་སྤང་ལྗོངས། རི་སྐྱེས་ཀྱི་ཤིང་ཕྲན་དང་རྩི་ཤིང་སོགས་ཀྱིས་སྒོ་ཟོག་གནག་ཕྱུགས་སོགས་རྒྱུན་ཉར་ཐུབ་པའི་མཐུན་རྐྱེན་བསྐྲུན་པ་དང་། གྲངས་འབོར་ཤིན་ཏུ་ཆེ་བའི་རི་སྐྱེས་སྲོགས་ཆགས་སྣ་ཚོགས་ལའང་འཚོ་གནས་ཀྱི་དགོས་མཁོ་བསྐྲུན་གྱི་ཡོད།བོད་མཐོ་སྒང་གི་ཆེས་ཡོངས་ཁྱབ་ཀྱི་སྐྱེ་ཁམས་མ་ལག་ཡིན་པའི་རི་རྒྱུད་རྩྭ་ཐང་གིས་ཁྱོན་ཡོངས་ཀྱི་ས་ཁྱོན་བརྒྱ་ཆ་ ༦༠ ཙམ་ཟིན་གྱི་ཡོད་ཅིང་། འདིས་སྐྱེ་ལྡན་ཀར་བོན་ཧ་ཅང་འབོར་ཆེན་པོ་ཞིག་ཉར་སྲུང་བྱས་ཡོད།

བོད་མཐོ་སྒང་གི་རྩྭ་ཐང་བདག་སྲུང་བྱས་པ་དེས་སར་གནས་སྐྱེ་ལྡན་ཀར་བོན་གྱི་ཁྱོན་འབོར་ཏུན་ས་ཡ་ ༧༤ ༠༠ ཙམ་ཡིན། རི་མཐོ་སའི་རྩ་ཐང་གི་ས་ཞག་ (top soil) ནི་གཉོད་ཆུང་སྐྱེ་ལྡན་ཀར་བོན་གྱིས་ཤིན་ཏུ་ཕྱུག་པ་ཞིག་ཡིན་མོད། སྐྱེ་དངོས་རྩྭ་ཤིང་གི་ཁེབ་གཡོག་ལ་འགྱུར་བ་ཐེབས་པའི་རྐྱེན་གྱིས་གཉོད་ཆུང་སྐྱེ་ལྡན་ཀར་བོན་འབོར་ཆེན་ཞིག་རླུང་ཁམས་སུ་འཆོར་སྲིད། དཔེར་ན་རི་མཐོའི་སྤང་ལྗོངས་ལ་ཉམས་ཆག་ཚབས་ཆེན་བྱུང་བའི་རྐྱེན་གྱིས་གཉོད་ཆུང་སྐྱེ་ལྡན་ཀར་བོན་གྱི་བརྒྱ་ཆ་ ༩༢ ཙམ་ཉུང་དུ་ཕྱིན་པ་བཞིན་ནོ།༼སྐབས་འདིར་ཇེ་ཉུང་དུ་འགྲོ་བ་ཞེས་པ་གཉོད་ཆུང་སྐྱེ་ལྡན་ནག་རྫས་ཁག་རྒྱུ་རྐྱེན་འགའི་དབང་གིས་རླུང་ཁམས་སུ་གློད་གཏོང་བྱས་ཏེ་ས་ཐོག་ཏུ་ཉར་ཚགས་བྱས་པའི་གྲངས་འབོར་ཉུང་དུ་ཕྱིན་པར་གོ་བ་ཡིན།༽ འདི་ལྟར་ལས་སླ་པོར་རླུང་ཁམས་ནང་གློད་གཏོང་བྱས་པའི་གཉོད་ཆུང་སྐྱེ་ལྡན་ནག་རྫས་ཀྱིས་སྐྱེ་ལྡན་ཀར་བོན་ཁྱོན་འབོར་གྱི་བརྒྱ་ཆ་ ༣༤ ནས་ ༥༤ བར་ཟིན་གྱི་ཡོད།

སྐུ་ཞབས་ཅིན་ (Jin H. J) དང་ཁོང་གི་ལས་རོགས་ཚོས་ཕྱི་ལོ་༢༠༠༠ ལོར་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་ལ་ཉམས་ཞིབ་བྱས་པ་ལྟར་ན། འཁྱགས་པ་སོབ་པའི་ནམ་དུས་སུ་མཐོ་སའི་སྤང་ལྗོངས་མི་ཊར་གྲུ་བཞི་མ་རེ་རེས་ཉིན་རེར་ནག་རྫས་འབར་རླངས་མི་ལི་གྷ་རམ་(mg/m)2 ༡༨༤ ༠ ནས་ ༣༠༥༠ ཙམ་རྔུབ་འཐེན་བྱེད་ཀྱིན་ཡོད་པ་བཤད་ཡོད།

བོད་མཐོ་སྒང་གི་གྲང་བའི་རང་བཞིན་ཅན་གྱི་འདམ་ས་དང་ན་སྤང་གིས་ཨར་ཊིཀ་ས་ཁུལ་གྱི་གཤེར་ས་དང་ཧ་ལམ་གཅིག་མཚུངས་སུ་མི་ཊར་གྲུ་བཞི་མ་རེ་རེས་སྐྱེ་ལྡན་ཀར་བོན་ཀི་ལོ་ ༡༤ .༤ (kg/m)2 ཉར་སྲུང་བྱས་ཡོད་ཅིང་། ཚ་བའི་ཡུལ་གྱི་རྒྱ་ཆེའི་རྩྭ་ཐང་ལ་ལྟོས་ནས་བཤད་ན་བོད་མཐོ་སྒང་གིས་ཉར་སྲུང་བྱས་པའི་སྐྱེ་ལྡན་ཀར་བོན་གྱི་ཁྱོན་འབོར་ནི་ཧ་ཅང་ཆེན་པོ་ཡིན། བོད་མཐོ་སྒང་གི་སྐྱེ་ལྡན་འདུས་ཕུང་ཁག་གི་ནང་ཉར་ཚགས་བྱས་པའི་ཀར་བོན་ཁྱོན་འབོར་ཏུན་ས་ཡ་ ༡༨༧ ༠ ཟིན་ཡོད་པའི་ཚོད་རྩིས་བྱས་ཡོད་ཅིང་། གྲངས་འབོར་འདི་ནི་ཀར་བོན་ཏུན་ས་ཡ་ ༡༨༧ ༠ དང་དོ་མཉམ་ཡིན་པ་དང་། རྒྱ་ནག་གི་རྩྭ་ཐང་ཁག་གི་སྐྱེ་ལྡན་འདུས་ཕུང་ཁྱོན་འབོར་གྱི་བརྒྱ་ཆ་ ༥༦ ལས་བརྒལ་གྱི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42267 བཀླགས་འདུག