Donate

འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།

༢༠༡༨ ཟླ་༦ ཚེས་ ༥ ཉིན་འཛམ་གླིང་ཁྱོན་ཡོངས་ལ་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་པར་ལྟར། འདི་གར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཀྱང་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་རྩི་ཆེད་སྐད་ཡིག་མི་འདྲ་བ་གཉིས་ཀྱི་ཐོག་ནས་༼འགྱིག་ཤོག་རིགས་ཀྱིས་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས་༽ཞེས་པའི་བརྗོད་གཞི་ཐོག་ཨིན་བོད་གཉིས་ཀྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས་ཞིག་ཟླ་ ༥ ཚེས་ ༢༤ ཉིན་སྤེལ་ཡོད་པ་དང་། འགྲན་བསྡུར་དེའི་ནང་མཉམ་ཞུགས་གནང་མཁན་བསྡོམས་པས་ཁྱོན་མི་གྲངས་ ༣༠ ཙམ་བྱུང་ཡོད་པ་རེད། རྩོམ་ཡིག་འགྲན་བསྡུར་པ་རྣམས་ཀྱི་གྲུབ་འབྲས་དང་གཟེངས་རྟགས་ཀྱི་བྱ་དགའ་དེ་ཟླ་ ༦ ཚེས་ ༡༥ ཉིན་ང་ཚོའི་ཚོགས་པའི་ངོ་དེབ་ཐོག་གསལ་བསྒྲགས་གནང་ཡོད། བྱ་དགའ་དེ་ཡང་བོད་ཡིག་གི་ཨང་རིམ་གསུམ་དང་ཨིན་ཇིའི་ཨང་རིམ་གསུམ་བཅས་ཁྱོན་མི་གྲངས་དྲུག་ལ་གནང་ཡོད་པ་རེད། བོད་ཡིག་གི་ཨང་རིམ་གསུམ་ནི་ཐུབ་བསྟན་འོད་ཟེར། བསྟན་འཛིན་དར་ལྡན། སེར་ཤུལ་རིན་ཆེན་དོན་འགྲུབ་བཅས་དང་། ཨིན་ཇིའི་ཨང་རིམ་གསུམ་ནི་བསྟན་འཛིན་ཡོན་ཏན། བློ་བཟང་དོན་འགྲུབ། ཨོ་རྒྱན་ལྷ་མོ་བཅས་ལ་ཐོབ་ཡོད་པ་དང་བྱ་དགའ་ཨང་དང་པོར་ལ་ཧིན་སྒོར་༧༠༠༠ ཨང་གཉིས་པར་ཧིན་སྒོར་༥༠༠༠ཨང་གསུམ་པར་ཧིན་སྒོར་༣༠༠༠ བཅས་གནང་ཡོད་པ་རེེད། དེ་དག་ཀྱང་རྡ་ས་ས་གནས་རང་ན་ཡོད་པའི་ཀུན་དགའ་གསོལ་མགྲོན་ཁང་དང་བོད་ཀྱི་ཐབ་ཚང་། པདྨ་ཐང་གསོལ་མགྲོན་ཁང་། རྡ་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡན་ལག་གསོལ་མགྲོན་ཁང་། རླུང་རྟ་འགྲིམ་འགྲུལ་ལས་ཁང་བཅས་ནས་ཁོར་གཡུ་སྲུང་སྐྱོབ་དེ་ཉིད་གལ་ཆེན་དོན་ཆེན་ལ་གཟིགས་ནས་ང་ཚོར་གཞོགས་འདེགས་དང་རྒྱབ་སྐྱོར་ལྷག་བསམ་ཟོལ་མེད་ཀྱིས་བྱ་དགའ་དངུལ་དམར་གྱི་སྦྱིན་བདག་གནང་ཡོད་པ་རེད།

 

ཐེངས་ 42197 བཀླགས་འདུག