Donate

བོད་མི་ཚོས་མགོ་མང་གྲོང་རྡལ་ནང་ཁོར་ཡུག་གཙང་བཟོ་འགོ་བཙུགས་ཡོད་པ།

༄༅།། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་བོད་མདོ་སྨད་མཚོ་ལྷོ་མགོ་མང་གྲོང་རྡལ་ཁོངས་རྨ་བཞིའི་སྡེ་བ་དགུའི་སྡེ་མི་མང་ཚོགས་ཀྱིས་དང་བླངས་ཀྱི་ཐོག་ནས་དེ་རིང་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་མགོ་མང་གྲོང་རྡལ་ནང་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་འགོ་འཛུགས་བྱས་འདུག

ལོ་སྔ་མ་མཚོ་སྔོན་པོའི་ཉེ་འཁོར་གྱི་རྫོང་ཁག་བཞིའི་དངས་བླངས་མི་སྣ་བཞི་བཅུ་ལྷག་གིས་མཚོ་སྔོན་པོའི་མཐའི་ཁོར་ཡུག་གཙང་བཟོ་བྱས་སྐབས་ཀྱི་འདྲ་པར་༢༠༡༦

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། སྔར་དང་མི་འདྲ་བར་ས་གནས་དེའི་མི་དམངས་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཁྲོད་ཁོར་ཡུག་གཙང་བཟོའི་ཆེད་དམིགས་བསལ་ཚོགས་པ་བཙུགས་ཏེ། ས་གནས་ཀྱི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་རྗེས་གད་སྙིགས་གཙང་བཟོ་བྱེད་བཞིན་ཡོད་འདུག་པར་མ་ཟད། དགུན་དུས་གཞུང་ལམ་དུ་གངས་ཆགས་པ་དང་འཁྱགས་པ་མེད་པར་བཟོས་བ་སོགས་ཀྱི་ལས་འགུལ་སྣ་ཚོགས་ཞིག་སྤེལ་བཞིན་ཡོད་འདུག
ཡང་ཁོར་ཡུག་གཙང་བཟོའི་ལས་དོན་སྤེལ་མཁན་གྱི་འགོ་ཁྲིད་མི་སྣ་ཞིག་གིས་བརྗོད་པར་གཞིགས་ན། ས་གནས་ནང་རྒྱ་མིའི་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་མཚམས་འཇོག་ཡོང་ཐབས་བྱེད་དགོས་པར་མ་ཟད། མི་མང་མཉམ་ཞུགས་ཀྱི་ཁོར་ཡུག་གཙང་བཟོའི་ལས་དོན་འདིའི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ལན་འདེབས་བྱེད་དགོས་པ་སོགས་བརྗོད་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་དྲངས།

ཐེངས་ 42276 བཀླགས་འདུག