Donate

ཁོར་ཡུག་དང་གནམ་གཤིས་འགྱུར་འགྲོས་རྐྱེན་པས་བོད་ནང་གི་ས་ཁུལ་ཁག་འགའ་ལ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་འདུག།།

བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་མངའ་འོག་ཏུ་ཡོད་པའི་བོད་རིགས་འབྲོག་ཁུལ་དུ་ཟླ་འདིའི་སྤྱི་ཚེས་༦་ཉིན་གྱི་དགུང་དྲོར་གློ་བུར་དུ་དྲག་ཆར་བབས་སྟེ་ཆུ་ལོག་བྱུང་ནས་འགྲོ་ལམ་ཆུས་ཁེངས་བ་དང་། ལམ་ལས་བ་མང་པོ་ཞིག་གི་སྡོད་གུར་དང་ཟ་མ་སོགས་ཆུས་ཁྱེར་ཡོད་པ་དང་། སྤྱི་ཚེས་༩་ཉིན་འདམ་རྙོག་ནང་དམངས་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་རླངས་འཁོར་ཕར་ཚུར་ཐར་ཙམ་བྱུང་བ་ལས་ཐད་ཀར་འགྲོ་ཐུབ་ཀྱི་མེད་པ་རེད་ལ་ད་བར་ཆུ་ལོག་དེའི་རྐྱེན་པས་མིའི་སྲོག་ལ་གནོད་པ་འདྲ་བྱུང་མེད་པ་བརྗོད་འདུག
དེ་བཞིན་སྡེ་དགེ་སོགས་ས་གནས་ཁག་གཅིག་ལ་ཆུ་ལོག་བྱུང་བ་མ་ཟད། རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཡུན་རིང་ཆར་པ་ཤུགས་ཆེན་བབ་ཀྱི་ཡོད་པར་བརྟེན། རྐ་ཆུ་རྒྱས་ཏེ་སྦྲ་ཆེན་ཡུལ་ཚོའི་རུ་ཆེན་གཉིས་པའི་སྦྲ་གུར་ཡུལ་སྐོར་ལྟེ་བ་སོགས་སུ་ཆུ་ལོག་རྒྱུག་སྟེ་ཛ་དྲག་གིས་ཅ་དངོས་རྣམས་དབོར་འདྲེན་བྱེད་དགོས་བྱུང་ཡོད་འདུག།

བོད་ཀྱི་དུས་བབས་སྟེང་དུ་བཀོད་པར་ལྟར་ན།  རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཡུན་རིང་ཆར་པ་ཤུགས་ཆེན་བབ་ཀྱི་ཡོད་པར་བརྟེན། རྐ་ཆུ་རྒྱས་ཏེ་སྦྲ་ཆེན་ཡུལ་ཚོའི་རུ་ཆེན་གཉིས་པའི་སྦྲ་གུར་ཡུལ་སྐོར་ལྟེ་བ་སོགས་སུ་ཆུ་ལོག་རྒྱུག་སྟེ་ཛ་དྲག་གིས་ཅ་དངོས་རྣམས་དབོར་འདྲེན་བྱེད་དགོས་ཁེལ་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་མི་ཕྱུག་ལ་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག་ལ། སྦྲ་གུར་ཡུལ་སྐོར་གྱི་ལྟེ་བ་དེར་ཁྱོན་སྦྲ་གུར་ ༦༠ ལྷག་ཡོད་འདུག དེ་བཞིན་ཁྱུང་མཆུ་རྫོང་གི་ཉེ་འགྲམ་དུ་ཡོད་པའི་མཛོད་དགེ་རྫོང་ཁོངས་སུའང་དྲག་ཆར་འབབ་ཀྱི་ཡོད་པས། རྨེ་ཆུ་རྒྱས་ཏེ་རྫོང་ཐོག་ལ་ཆུ་ལོག་རྒྱུག་ཉེན་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག།

གང་ལྟར་ཡང་བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་གི་ནང་འབྱུང་བའི་གནོད་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད་འདུག།

 

ཐེངས་ 42311 བཀླགས་འདུག