Donate

ཟླ་རེ་ཁོར་ཡུག་གཙང་བཟོ་ལས་འགུལ།

mess clean up༢༠༡༩ཟླ་༩ ཚེས་ ༢༡ ཉིན་འཛམ་གླིང་གཙང་བཟོ་ཉིན་མོ་དང་སྟབས་བསྟུན་ནས་མེག་ལོག་གཙང་བཟོ་རུ་ཁག་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་སློབ་ཕྲུག དྭངས་བླང་བ་བཅས་མཉམ་རུབ་ཐོག་སྦག་རུག་སྲང་ལམ་གཡས་གཡོན་ཤིང་ནགས་དང་། beforeཨམ་མདོ་གྲོང་གསེབ་ཅེས་འབོད་པའི་རྒྱ་གར་གྲོང་གསེབ་ཀྱི་སྟེང་ཕྱོགས་སུ་ཡོད་པའི་ཟམ་པ་འོག་མི་གཙང་བའི་འགྱིག་རིགས་སོགས་ཀྱི་སྙིགས་རོས་ཁེངས་ཡོད་པ་རྣམས་གཙང་སེལ་བྱས་ཡོད་པ་རེད།  སྤྱིར་གཙང་བཟོ་ལས་འགུལ་དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཁོར་ཡུག་གཙང་མ་ཡོང་ཆེད་ཟླ་རེ་ཁོར་ཡུག་གཙང་བཟོ་ལས་འགུལ་གྱི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་རེད། clupགོ་སྐབས་འདི་བརྒྱུད་ནས་གཙང་བཟོའི་ཉིན་མཉམ་ཞུགས་གནང་བའི་འབྲེལ་ཡོད་ཚང་མས་ཁུར་མཉམ་བཞེས་ཐོག་ང་ཚོའི་གཙང་བཟོ་ལས་གཞིར་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡིན།after

ཐེངས་ 427673 བཀླགས་འདུག