Donate

ཁམས་ནང་ཆེན་རྨེ་སྟོད་རུ་ཆེན་གྱི་བོར་རྐང་སྡེ་བའི་ཁོར་ཡུག་གཙང་བཟོའི་ལས་འགུལ།

ཁམས་ནང་ཆེན་རྨེ་སྟོད་རུ་ཆེན་གྱི་བོར་རྐང་སྡེ་བའི་ཁོར་ཡུག་གཅེས་སྐྱོང་མཐུན་ཚོགས་ཀྱིས་སྣེ་ཁྲིད་པའི་ཁོར་ཡུག་གཙང་སེལ་ཐེངས་དང་པོ་སྤེལ་འདུག་ཅིང་། སྐབས་དེར་གད་སྙིགས་ཤིས་ཏུ་གཏོས་ཆེན་པོ་བསྒྲུགས་ཏེ་དོས་སྐྱེལ་རླངས་འཁོར་ཆེ་བ་དེ་གསུམ་གྱི་ནང་དུ་གད་སྙིགས་མེ་སྲེག་གཏོང་སར་དབོར་ནས་མེར་བསྲེགས་པ་རེད།

གད་སྙིགས་བསྒྲུགས་ཏེ་དོས་སྐྱེལ་རླངས་འཁོར་ནང་བླུག་བཞིན་པ།

དེ་རིང་ནི་རང་གཞན་ཀུན་གྱི་བུ་རབས་ཚ་རྒྱུད་དང་། རང་མི་རིགས། འདོར་ན་སྲོག་ལྡན་གྱི་འགྲོ་བ་ཡོད་དོ་ཅོག་གི་སྲོག་འཚོ་བ་དང་། ཡུན་རིང་དུ་བརྟན་ཞིང་ཡུན་རིང་དུ་གནས་དགོས་ན་ཁོར་ཡུག་གཙང་སྦྲ་དང་གད་སྙིགས་གཙང་སེལ་སོགས་ཀྱི་ལས་ལ་ཁ་ཙམ་མིན་པར་ལག་ལེན་གྱིས་བྱ་འགུལ་རེ་མ་འཆུགས་ཞེས་འབོད་སྐུལ་ཞུ་བ་ཡིན་ཞེས་འབྲོག~རྩམ་ཟན་ལགས་ཀྱིས་གསུངས་སོང་།

གད་སྙིགས་སྒྲུག་བཞིན་པ།


ཐེངས་ 42192 བཀླགས་འདུག