གུན་གསབ་གང་ཡང་མེད་པའི་ཐོག་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱས།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཆགས་ཡོད་པའི་སྙེ་མོ་ཁུལ་དུ་འབྲོག་པའི་ཁྱིམ་ཚང་རྣམས་ལ་ལོ་གཅིག་གི་རྗེས་ལའང་ས་གཞིའི་གུན་གསབ་མ་སྤྲད་པས་སྲི་གཞུང་ལ་ཞི་རྒོལ་བྱས་ཡོད་འདུག བོད་གནས་ལྟ་ཞིབ་ཁང་གིས་དངོས་ཡོད་གནས་ཚུལ་ར་སྤྲོད་དང་བཅས་ཏེ་བརྗོད་པར་གཞིགས་ན། ཕྱི་ལོ་༢༠༡༧ ལོའི་ལོ་དཀྱིལ་ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པའི་ཁྱིམ་ཚང་དྲུག་ཅུ་ཙམ་གྱི་ས་གཞི་བཙན་གྱིས་འཕྲོག་ཡོད་པ་དང་།རྒྱ་གཞུང་གིས་འབྲོག་ས་དེ་སྒོ་ཕྱུགས་འཚོ་ས་རྩྭ་རྭ་ཞིག་ཏུ་བསྒྱར་གྱི་ཡོད་ཚུལ་བརྗོད་ཡོད་པ་རེད།། ཁྱིམ་ཚང་དེ་རྣམས་ཀྱིས་ས་ཆ་བཙན་འཕྲོག་བྱས་པ་དག་གི་གུན་གསབ་རགས་རྒྱུའི་ད་དུང་རེ་སྒུག་བྱེད་བཞིན་པ་རེད་འདུག་ནའང་གུན་གསབ་སོགས་གང་ཡང་སྤྲད་མེད་པའི་ཁར། རྒྱ་གཞུང་གིས་འབྲོག་ས་དེ་ཉིད་བཙན་འཕྲོག་བྱས་པའི་རྗེས་ས་ཆ་དེ་དག་ལ་དོ་འཁུར་གང་ཡང་མ་བྱེད་པའི་ཉེར་ལེན་གྱིས་ད་ལྟའི་ཆར་ས་ཆ་དེ་བེད་མེད་ཀྱི་རྩྭ་ཐང་ལྟ་བུ་འགྱུར་ཡོད་པ་རེད་འདུག བོད་མི་ཚོའི་ས་ཆ་དེ་གཞུང་བཞེས་བྱས་དགོས་པའི་གནད་དོན་དང་ཀུན་སློང་ངེས་གཏན་སུས་ཀྱང་ཤེས་ཀྱི་མེད་རུང་གཏེར་ཁ་སྔོག་འདོན་བྱེད་ས་ཞིག་ཏུ་འགྱུར་སྲིད་པའི་སེམས་ཁྲལ་འོག་གནས་ཡོད་འདུག འབྲོག་ས་དེ་བཙན་འཕྲོག་བྱས་པ་ནས་བཟུང་སྒོ་ཟོག་སེམས་ཅན་དང་ར་ལུག་སྟོང་ཚོ་མང་པོ་ཡོད་ཙང་རྩྭ་ས་སོགས་མ་འདང་བའི་རྐྱེན་གྱིས་སྒོ་ཟོག་སེམས་ཅན་དང་ར་ལུག་བརྒྱ་ཕྲག་ལས་རྒལ་བ་ལྟོགས་ཤི་ཐེབས་པས།
འབྲོག་པ་རྣམས་དངངས་སྐྲག་དང་ཉེ་ཁའི་གནས་སུ་ལྷུང་ཡོད་པ་རེད། ཁུལ་དེའི་འབྲོག་པའི་ཡུལ་མི་རྣམས་ཀྱིས་སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་རྣམས་ཁུལ་དེར་ལྟ་སྐོར་ཡོང་བའི་སྐབས་དང་བསྟུན་ནས་ཞི་བའི་ཐོག་ནས་རེ་བསྐུལ་ཞུས་ཡོད་ཀྱང་མཐོ་རིམ་འགོ་ཁྲིད་ཁག་དང་ས་ཁུལ་དེ་གའི་འགོ་ཁྲིད་རྣམས་ཀྱིས་ཁོ་ཚོར་བརྗོད་དོན།
ཁྱོད་ཚོ་ཞི་འཇམ་ངང་སྡོད་དགོས་པ་ལས་གནས་ཚུལ་འདྲ་མིན་རིགས་བྱུང་ཚེ་བཙོནའཇུག་གི་ཉེ་ཆད་གཏང་གི་ཡིན་ཞེས་འཇིགས་སྐུལ་ཀྱང་བྱས་ཡོད་འདུག
ཡུལ་མི་ཚོས་ས་དེར་གུན་གསབ་གནང་རོགས་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ས་ཆ་དེ་རྒྱ་ནག་གུང་ཁྲན་ཏང་གི་ཡིན་པས་གུན་གསབ་གང་ཡང་སྤྲད་རྒྱུ་མིན་ཞེས་བརྗོད་འདུག
བོད་ནས་གསང་བའི་ཐོག་བརྙན་ཐུང་ཞིག་འབྱོར་བའི་ནང་ཡུལ་མི་ཚོས་སྨེ་ངག་གིས་གནད་དོན་དེར་ཞིབ་འཇུག་བྱ་དགོས་པའི་འབོད་བསྐུལ་ཞུ་བཞིན་འདུག https://www.freetibet.org/files/farm%20land%20grab%20sml%20vert.mp4བོད་ནང་ལྟ་བུ་ལ་མཚོན་ན་ཡུལ་སྐོར་བ་དང་ཡར་རྒྱས་སོགས་ཁ་ལ་འཁྱེར་ནས་ ས་ཆ་བཙན་འཕྲོག་བྱས་པ་དེ་རྒྱུན་གཏན་གྱི་གནད་དོན་ཞིག་ཡིན་པ་དང་། དེ་ནི་བོད་ས་ཡོངས་ལ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། ས་ཆ་བཙན་འཕྲོག་བྱེད་ཡུལ་གྱི་མི་སེར་ལ་གུན་གསབ་མ་སྤྲད་པ་དང་། གལ་སྲིད་སྤྲད་ནའང་ཉུང་ཉུང་ཞིག་ལས་སྤྲད་ཀྱི་མེད་པས་ཡུལ་མི་ཚོ་འཚོ་རྟེན་གཙོས་པའི་དཀའ་ངལ་མང་དག་ཞིག་ནང་ལྷུང་བཞིན་ཡོད་པ་བོད་གནས་བལྟ་ཞིབ་ཁང་ནས་གསལ་སྟོན་དང་བདེན་པ་ར་སྤྲོད་གནང་འདུག
Information supplied by Tibet Watch.
https://www.freetibet.org/news-media/na/nomads-left-without-compensation-after-land-grab
རྒྱ་གཞུང་གི་བོད་ཀྱི་འབྲོག་པའི་འཚོ་བ་དང་ཁོར་ཡུག་རྩ་གཏོར་དེ་བཞིན་བོད་མིའི་སེམས་ནང་རྨ་ཁ་བཟོ་བའི་ལས་གཞི་སྤེལ་དང་སྤེལ་མུས་རེད་འདུག
རྩོམ་སྒྲིག་པས་བོད་བསྒྱུར་བྱས།
ཐེངས་ 42386 བཀླགས་འདུག