Donate

ཁོར་ཡུག་གཙང་བཟོ་བྱས་ཏེ་འཁྲུངས་སྐར་སྲུང་གཙི་ཞུས།

རྫོང་སར་བཤད་གྲྭའི་དགེ་སློབ་ཡོངས་ཀྱི་གཙོས་ཉེ་འཁོར་བོད་མི་དང་རྒྱ་གར་ཡུལ་མི་ཚོས་ཁོར་ཡུག་ལ་གཙང་སྦྲ་བྱས་ཏེ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་བཞུགས་སྒར་དྷ་རམ་ས་ལའི་གཙོས་བོད་མིའི་འདུས་སྡོད་ཁུལ་གང་སར་༧གོང་ས་མཆོག་གི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་ཞུས་ཡོད་པ་ལྟར། འདི་གར་འཕགས་ཡུལ་རྫོང་སར་བཤད་གྲྭའི་ཁོར་ཡུག་གཙང་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་འཇམ་བཟང་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ༧གོང་ས་མཆོག་གིས་སྣོད་བཅུད་རྟེན་ཅིང་འབྲེལ་བའི་ཚུལ་རྣམས་བློར་ངེས་པའི་སྒོ་ ནས་རང་བྱུང་ཁམས་ཆེན་པོའི་ནུས་པའི་འབྱུང་གནས་རྣམས་གཅེས་པར་འཛིན་པའི་ཐབས་ཚུལ་འཇུག་ལྡོག་ལ་བླ་དོར་མ་འཛོལ་བའི་སྒོ་ནས་ལག་ལེན་དོན་འཁྱོལ་དགོས་པའི་ཐུགས་སྐུལ་གནང་བ་བཞིན། འཕགས་ཡུལ་རྫོང་སར་བཤད་གྲྭའི་དགེ་སློབ་ཡོངས་ཀྱིས་ལོ་ལྟར་ཕྱིའི་ཁོར་ཡུག་གཙང་བཟོ་བྱེད་བཞིན་ཡོད་ལ། འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། མགོན་པོ་གང་ཉིད་ཀྱི་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་རྒྱས་པ་དང་། ས་གནས་མང་ཚོགས་ལ་ཁོར་ཡུག་གཙང་ཉར་གྱི་གོ་རྟོགས་སྤེལ་ཆེད། བཤད་གྲྭའི་དགེ་སློབ་ཡོངས་ཀྱི་གཙོས་ཉེ་འཁོར་གཞིས་ཆགས་ཀྱི་བོད་མི་དང་རྒྱ་གར་ཡུལ་མི་མཉམ་རུབ་ཀྱིས། མི་ཚོགས་འགྲོ་འོང་ཆེ་བའི་གཞུང་ལམ་ཆེ་ཆུང་གི་གཡས་གཡོན་དང་ཉེ་འཁོར་གྱི་ཁོ་ར་ཁོར་ཡུག་གི་གད་སྙིགས་རྣམས་བསྒྲུགས་ཏེ་གཙང་སྦྲ་བཟོས་ཡོད་འདུག

13

3

4

6

7

9

11

14

15

16

17

8

བོད་ཀྱི་དུས་བབ་ལས་དྲངས། 

ཐེངས་ 42385 བཀླགས་འདུག