Donate

སའི་གོ་ལའི་ཉིན་མོ་སྲུང་བརྩི་དང་ཁོར་ཡུག་གཙང་བཟོའི་ལས་འགུལ།

༢༠༡༨ ཚེས་ ༢༡ གཟའ་སྤེན་པ་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས། དྷ་སྟེང་གཙང་བཟོ་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་དང་མཉམ་དུ་སའི་གོ་ལའི་ཉིན་མོ་སྲུང་རྩིའི་སླད་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་གོ་སྒྲིག་བྱས་པ་རེད།

སྐབས་དེར་ང་ཚོས་བོད་ཀྱི་ཟློས་གར་ཁང་གི་ལམ་ཟུར་དང་། སྐྱིད་རོང་གྲོང་གི་གཡས་གཡོན་ནས་གད་སྙིགས་གཏོས་ཆེན་པོ་བསྒྲུགས་ཏེ་སྙིགས་འདྲེན་རླངས་འཀོར་བརྒྱུད་ནས་གད་སྙིགས་བླུག་སར་དབོར་བ་རེད། རྗེས་ཕྱོགས་གད་སྙིགས་མང་དུ་གཡུགས་པས་སྙིགས་རོ་བླུག་ས་ལྟ་བུར་གྱུར་ཉེན་ཡོད་པའི་ས་ཁུལ་ཁག་ལ་དམིགས་ཏེ་གཙང་བཟོ་བྱ་རྒྱུ་ཡིན་པས་གལ་ཏེ་ཁྱེད་ཀྱིས་ས་གནས་དེའི་རིགས་མཐོང་ཐོས་བྱུང་ཚེ་ང་ཚོར་འབྲེལ་བ་གནང་རོགས། མཐར་ལྷའི་དང་བླངས་པ་རྣམས་དང་། སློབ་ཕྲུག ལས་བྱེད་སོགས་ང་ཚོའི་ཟླ་རེའི་གཙང་བཟོའི་ལས་འགུལ་ལ་འཛུལ་ཞུགས་གནང་ཁང་ཚང་མར་བཀའ་དྲིན་ཆེ་ཞུ། ཟླ་རེའི་ཁོར་ཡུག་གཙང་བཟོ་འདི་བཞིན་ང་ཚོས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་ནམ་ཡིན་ལ་གོ་སྒྲིག་བྱེད་བཞིན་ཡོད། དྷ་ས་གཙང་མ་དང་སྔོ་ལྗང་དུ་ཉར་ཕྱིར་ང་ཚོའི་ལས་འགུལ་ལ་འཛུལ་ཞུགས་གནང་རོགས།

 

ཐེངས་ 42687 བཀླགས་འདུག