རྩྭ་ཐང་ཉམས་རྒུད་དུ་ཕྱིན་པའི་རྐྱེན་གྱིས་ནག་རྫས་སིམ་འཇོག་གི་ནུས་པ་ཤོར་སྟངས།
བོད་མཐོ་སྒང་ཐོག་གཏན་ཆགས་འཁྱགས་རིམ་ཉམས་རྒུད་ཀྱི་དབང་ལས་དྲོད་ཚད་འཕར་བའི་གནས་སྟངས་འདི་ནི། གནམ་གཤིས་ཚ་དྲོད་འཕེལ་བའི་རྐྱེན་གྱི་འགྱུར་ལྡོག་མང་པོའི་ཁྲོད་ཀྱི་གཅིག་ཡིན་པར་ངོས་འཛིན་བྱས་ཡོད། གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འདིས་རྩ་ཐང་དང་། ནེའུ་གསེང་། སྤང་ལྗོངས་རྣམས་ཀྱིས་ས་འོག་གི་ཀར་བོན་གློད་གཏོང་བྱེད་རྒྱུར་ཤུགས་རྐྱེན་བྱེད་ཀྱི་ཡོད། ཝང་དང་ཁོང་གི་ལས་རོགས་ཚོས་ཕྱི་ལོ་ ༡༩༨༠ ནས་ ༢༠༠༠ བར་རྩ་ཐང་གི་སྔོ་རྩའི་ཁེབས་གཡོག་ལ་འགྱུར་ལྡོག་ཤུགས་ཆེན་བྱུང་བ་འདིས་སེན་ཊི་མི་ཊར་ ༣༠ བར་གྱི་ས་འོག་གི་ཀར་བོན་ཏུན་ས་ཡ་༡.༨ རླུང་ཁམས་ནང་ཤོར་བའི་རྒྱུ་རྐྱེན་བྱས་ཡོད་ཅིང་། ཀར་བོན་ཤོར་བའི་འབོར་ཚད་འདིས་གཉོད་ཆུང་སྐྱེ་ལྡན་ནག་རྫས་ཀྱི་བརྒྱ་ཆ་ ༦༥ ཟིན་གྱི་ཡོད་པའི་སྙན་ཐོ་བཏོན་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
ཐེངས་ 42308 བཀླགས་འདུག