Donate

རྒྱུན་གནས་ལག་ལེན།

རྒྱུན་གནས་ཀྱི་སྐོར་ལ་འགྲེལ་བཤད་དང་ལག་ལེན་བྱས་ནས་མ་མཐར་ཡང་ལོ་སུམ་ཅུ་ཙམ་སོང་། ལག་ལེན་དེ་དག་ནི་དེ་རིང་གི་ལྷའི་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་དང་། འབྲེལ་གཏུག་དུས་དེབ་གཉིས་ཀྱི་ཀློག་པ་པོ་རྣམས་དང་ཅི་འདྲའི་འབྲེལ་བ་ཞིག་རེད་ཨང་། རྩོམ་ཡིག་འདིའི་ནང་རྒྱུན་གནས་ཞེས་པའི་ཐ་སྙད་ལ་འགྲེལ་བཤད་དང་། ལག་ལེན་གྱི་ཐོག་ནས་རྒྱུན་གནས་མཚོན་པར་བྱེད་པའི་ཁོར་ཡུག་སྐོར་གྱི་རྩོམ་ཡིག་དྲུག་པོའི་ནང་དོན་གནད་བསྡུས་བྱས་ཡོད། རྩོམ་ཡིག་འདི་དག་གིས་ཀློག་པ་པོ་དག་ལ་ཁོང་ཚོ་སོ་སོའི་ངོས་ནས་ཁོར་ཡུག་དང་། དེའི་རྒྱུན་གནས་སོགས་ལ་ག་རེ་བྱེད་ཐུབ་མིན་ལ་ཕྱིར་དྲན་བྱ་རྒྱུར་སྐུལ་བགྱིས་ཡོད།  རྒྱུན་གནས་ཞེས་པ་འདིར་འགྲེལ་བཤད་ཧ་ཅང་མང་པོ་ཡོད་ཅིང་། བྷི་རན་དྷི་ལན་ཌི་ (Brundtland) ཡིས་ཕྱི་ལོ་ ༡༩༨༧ ལོར་གསུངས་པའི་། “རྒྱུན་གནས་གོང་འཕེལ་ནི་མ་འོངས་པའི་མི་རབས་ཀྱི་ཁོང་ཚོའི་དགོས་མཁོ་དང་འཚམས་པའི་ནུས་སྟོབས་ཉེན་ཁར་མི་སྐྱེལ་བར་ད་ལྟའི་དགོས་མཁོར་འཚམས་པའི་གོང་འཕེལ་ཞིག་ཡིན།” ཞེས་པ་སྟེ་དེང་སང་ཡང་ལུང་འདྲེན་མང་དུ་བྱེད་བཞིན་པ་དེའམ། ཕྱི་ལོ་ ༡༩༩༠ ལོར། ༧གོང་ས་མཆོག་གིས་ “མི་རྣམས་དེ་རིང་འཚོ་བ་བཞིན། ང་ཚོས་མ་འོངས་པའི་མི་རབས་ལ་ངེས་པར་དུ་བསམ་མནོ་གཏང་དགོས། གཞན་པ་སུ་དང་འདྲ་བར་ཁོར་ཡུག་གཙང་མ་ཞིག་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། དེར་བརྟེན་འཛམ་གླིང་འདི་འཕྲོད་སྟེན་དང་བདེ་ཐང་ང་ཚོར་ཐོབ་པའི་སྐབས་ལས་ལེགས་ཙམ་ཞིག་གཞན་ལ་བརྒྱུད་སྤྲོད་བྱེད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཡང་བདེ་ཐང་ཅན་ཞིག་བྱེ་རྒྱུ་ནི་ང་ཚོའི་ལས་འགན་གྱི་ཆ་ཤས་ཤིག་རེད།” ཅེས་གསུངས་པ་ལྟར་རེད།

རང་གིས་ཉེ་སར་ལྟོས། ཁྱེད་རང་གི་གང་མཐོང་བ་དེའི་སྐོར་ལ་འདི་ནི་རྒྱུན་ནས་ཡིན་ནམ་ཞེས་པའི་དྲི་བ་དྲིས། དེ་ཧ་ལམ་སྡེ་ཚན་ཞིག་གི་བདག་སྐྱོང་ངམ། ཁ་པར་གསར་པ་ཞིག ཡང་ན་དྲ་བའི་འབྲེལ་མཐུད་དེ་འདྲ་ཡིན་སྲིད། ཁྱོད་ཀྱིས་ཅི་ཞིག་ཟ་བའམ་ཁྱོད་ཀྱིས་གང་འཐུང་བའི་ཆུ། ཁྱོད་ཀྱི་ནང་ངམ་ཡང་ན་དགོན་པ་སོགས་ནས་གཤོས་པའི་བཙོག་ཆུ་ལ་སོགས་ལས་སླ་མོ་ཞིག་མ་རེད།  སྒེར་པའི་དཔལ་འབྱོར་དང་། སྤྱི་པའི་ཁོར་ཡུག་གི་ཁེ་ཕན། རིན་གོན་སོགས་ལ་རྒྱུན་དུ་བསམ་མནོ་བཏང་ན་དགེ་མཚན་ཆེ།

འདྲ་རིས། ཚེ་སྲོག་གི་འཁོར་སྐྱོད་དཔྱད་ཞིབ། ཡོང་ཁུངས། (LIFE CYCLE)

གཤམ་གྱི་འདི་གསུམ་ཀ་སྟོབས་ལྡན་དུ་གནས་ཡོད་སར་རྒྱུན་གནས་ཞེས་པ་ཚད་མཐོ་ཤོས་སུ་སླེབས་ཡོད། དཔེར་ན།

  • རྒྱ་གར་གྱི་གངས་གཟིག་གཉེར་སྲུང་དགེ་རྩ་ (SLC-IT) ཚོགས་པས་འབྲོག་པ་རྣམས་ལ་སྒོ་ཕྱུགས་གངས་གཟིག་གི་འཕྲོག་བཅོམ་ལས་སྲུང་བྱེད་ལྕ་དྲ་ལྟ་བུ་སྤྲད་པ་དང་། ཡུལ་སྐོར་བ་ནང་དུ་གནས་སྡོད་ཀྱི་མཐུན་རྐྱེན་སྦྱར་བ་ “བོད་དང་ཧི་མ་ཅལ་ཁུལ་དུ་རྩ་ཆེན་དུ་གྱུར་བཞིན་པའི་གངས་གཟིག” ཞེས་པར་གཟིགས། གངས་གཟིག་རྣམས་ཀྱིས་སྒོ་ཕྱུགས་བཅོམ་འཕྲོག་བྱེད་པ་ལས་བདག་མེད་སེམས་ཅན་བཟའ་རྒྱུར་གདམ་ག་བྱེད་པ་དང་། འབྲོག་པ་རྣམས་ཀྱང་ཁོང་ཙོའི་སྒོ་ཕྱུགས་བདེ་འཇགས་ཡོད་པ་དང་། ཁོང་ཚོའི་ར་ལུག་དང་། ཡུལ་སྐོར་བ་རྣམས་ལས་ཡོང་འབབ་ལེགས་པར་སྤྲོ་སྣང་གིས་ཁེངས་ཡོད།
  • འཁྱགས་པའི་མཆོད་རྟེན་གྱིས་ནམ་དུས་ཀྱི་མཇུག་བར་དུ་ཆུ་ཉར་ཚགས་ཀྱིས་འབྲོག་པ་རྣམས་ཀྱིས་ལོ་ཏོག་འདེབས་པ་དང་། ཞིང་ཁར་ཆུ་འདྲེན་པ་སོགས་ལ་རོགས་འདེགས་དང་། ལོ་ཐོག་ཚོང་བསྒྱུར་ལས་ཡོང་འབབ་འཕར་སྣོན་བྱེད་པ་སོགས་ལ་མཐུན་འགྱུར་བྱེད་ཀྱི་ཡོད། “གནམ་གཤིས་འགྱུར་ལྡོག་གི་གནས་བབ་དང་བྱ་འགུལ།” ཞེས་པའི་རྩོམ་ཡིག་ལ་ལྟོས།
  • མཆོག་གྱུར་གྱི་ས་རྣམས་སྲུང་སྐྱོབ་བྱས་པ་ལས་གཤིན་རྒྱུ་ལེགས་ཤིང་སྲ་བརྟན་ཅན་གྱི་ས་ཆ་བསྐྲུན་ཏེ་ཁོར་ཡུག་དང་། དཔལ་འབྱོར་ལ་ཕན་ཐོག་ཆེན་པོ་ཡོང་ཐུབ། བྱེད་ཐབས་འདིས་ས་ཉིལ་ནས་དཀའ་ངལ་འཕྲད་བཞིན་པའི་ཞིང་པ་རྣམས་ལ་དམིགས་བསལ་ཕབ་ཐོག་བྱེད་ཐུབ། “ང་ཚོའི་གཤིན་རྒྱུའམ་ས་སྲུང་སྐྱོང་བྱེད་པ་ཞེས་པ།” ཞེས་པའི་རྩོམ་ལ་གཟིགས།
  • རྡོ་སྣུམ་མེར་སྲེག་མཁན་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གླ་བ་ལས་རྐང་ཐང་དུ་ཕྱིན་ན་ཁོར་ཡུག་ཉམ་ཆག་གི་ཤུག་རྐྱེན་ཆུང་དུ་གཏང་ཐུབ་པ་དང་། ཧ་ལམ་མི་དེའི་འཕྲོད་བསྟེན་ཡང་བཟང་བ་ཡོད་ངེས་རེད། “གནམ་གཤིས་འགྱུར་ལྡོག་གི་གནས་བབ་དང་བྱ་འགུལ” ཞེས་པའི་རྩོམ་ལ་གཟིགས།
  • མེག་ལོར་ན་རླངས་འཁོར་སོགས་ལ་དུང་བརྡ་གཏང་མི་ཆོག་པ་བལ་ཡུལ་ལྟ་བུར་ (བལ་ཡུལ་གྱི་ཀཱ་ཐ་མན་ཌུར་རླངས་འཀོར་གྱི་དུང་བརྡ་ནི་སྲིད་པའི་དཔལ་ཡོན་མ་དར་བའི་ངང་ཚུལ་དུ་ངོས་འཛིན་པ་རེད། ཀཱ་ཐ་མན་ཌུ་ཇི་ལྟར་ལྷིང་འཇག་པ་རེད་དམ། ཕྱི་ལོ་ ༢༠༡༧ཟླ་ ༡༠ ཚེས་ ༢༥ ཚོད་འཛིན་པ་ཞེས་པར་གཟིགས) བཟོ་བར་འགྲོ་གྲོན་གང་ཡང་མི་དགོས་ཤིང་། དུང་བརྡ་བཏང་ཚེ་ཉེན་ཆད་བཅད་ན་དེ་ལས་སྒོར་མོ་ཡང་བྱུང་སྲིད་ཅིང་། སྐད་ཅོལ་ཆེ་བའི་ཁོར་ཡུག་དེར་ཕན་ཐོག་ཡོང་བ་དང་། མི་ཚང་མའི་ཆེད་དུ་གསང་ལམ་དེ་བདེ་སྐྱིད་སྔར་ལྷག་ཡོད་པར་བཟོ་ཐུབ། མཚམས་རེེར་ནུས་སྟོབས་གཉིས་ནི་ཉམ་ཐག་གིས་གུན་གསབ་ཡིན་སྲིད། དེར་བརྟེན་སྤྱི་ཡོངས་ཀྱི་རྒྱུན་གནས་ནུས་སྟོབས་ཀྱིས་མ་འོངས་པའི་མི་རབས་ལ་ཕན་པ་བསྒྲུབ་ཐུབ།
  • དཔེར་ན། ལྷའི་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་དང་། དེས་ཆུ་མཁོ་སྤྲོད་བྱེད་པ་ལྟ་བུ། དེ་དག་གིས་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་འཐུང་ཆུ་གཙང་མ་བསྐྲུན་ནས་མི་སྣམས་བདེ་ཐང་དང་། སློབ་མ་རྣམས་ཀྱང་འཛིན་གྲྭར་གང་ལེགས་ཡོང་ཐུབ་པར་བྱེད་ཀྱི་ཡོད། “ང་ཚོའི་ཆུའི་སྤུས་ཚད་ལེགས་སུ་གཏོང་བ།” ཞེས་པའི་ང་ཚོའི་རྩོམ་ཡིག་ལ་བལྟོས།
  • སྙིག་རོ་བསྐྱར་སྤྱོད་དམ་བསྐྱར་བསྐྲུན་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཡོད་སྲིད་མོད། འོན་ཀྱང་ས་ཉེལ་བའི་དཀའ་ངལ་ལ་འགྲོ་གྲོན་གཏོང་བ་ལས་ཕལ་ཆེར་ཆུང་བ་ཡིན་ངེས་རེད། དེར་མ་ཟད་ཁོར་ཡུག་ལ་ཕན་ཐོག་ཡོད་ཅིང་། གད་སྙིག་ཉུང་བ་དང་། ས་ཉེལ་ཚད་ཉུང་བ། ཧ་ལམ་མི་རྣམས་ཀྱང་སྐྱིད་དུ་འཇུག་སྲིད། “བཅའ་དངོས་བེད་སྤྱོད་ཉུང་དུ་བཏང་ནས་སྙིག་རོ་ཉུང་དུ་གཏོང་བ།” ཞེས་པའི་ངེས་ཀྱི་རྩོམ་ལ་གཟིགས་རོགས།
  • ཆུ་སྐྱ་བོ་གཙང་བཟོ། ལ་འགྲོ་གྲོན་གཏང་དགོས་མོད་འོན་ཀྱང་ཁོར་ཡུག་ལ་ཕན་ཐོག་ཆེ་ཞིང་། གཤམ་གྱི་ཆུ་བོའི་འབབ་རྒྱུན་གྱི་མི་རྣམས་བདེ་ཐང་ཡོང་བར་ཡང་ཕན་ངེས་རེད། “ཆུའི་སྤུས་ཚད་ལེགས་སུ་བཏོང་བ།” ཞེས་རྩོམ་ཡིག་ལ་གཟིགས།
  • དཔེ་མཚོན་འདི་དག་ཁ་ཤས་ཕན་ཚུན་མཛའ་མཐུན་གྱི་འབྲེལ་བ་དང་། འབྲེལ་བའི་ནང་གི་རང་དབང་སོགས་ལ་རག་ལས་པ་རེད། མཛའ་འབྲེལ་གྱི་ནང་བསལ་ཚུལ་འདི་དག་ནི་ཧ་ལམ་ཆོས་ཕྱོགས་དང་། ལྟ་གྲུབ། ཡང་ན་སྤྱོད་ལམ་གྱི་གནས་ཚད་ནས་རེད། དེ་ཚོ་དེང་སང་ཉིན་རེ་ནས་ཉིན་རེར་དངོས་སུ་ལག་ལེན་བྱེད་བཞིན་པ། དཔེར་ན། ཀཱ་ཐ་མན་ཌུར་རླངས་འཁོར་གྱི་དུང་བརྡ་བཀག་པ་ལྟ་བུ་རེད། དེ་འདྲ་ནི་མེག་ལོར་དུ་ཡང་གལ་ཏེ་འཁྲིམས་འཛིན་པ་ཚོས་ཁས་ལེན་བྱས་ན་ལག་ལེན་བསྟར་ཆོག་པ་རེད།

རང་དབང་ནི་ཐབས་ལམ་མམ་སྒྲིག་སྲོལ་དང་མཐུན་པའི་འགྲོ་སྟངས་ཤིག་རེད། ཐབས་ལྡན་གྱི་རང་དབང་ལ་མི་ཚེའི་སྐྱེ་འཁོར་གྱི་གོ་རྟོག་དགོས། གོམ་པ་རེ་རེ་བཞིན་གྱི་ཐབས་ལམ་ལ་འཇོན་ནུས་མེད་པ་ནི་ཕལ་ཆེར་དཔལ་འབྱོར་དང་། ཁོར་ཡུག་གིས་ཡིན། སྙིག་རོ་བཀག་འགོག་དང་། ཆུ་སྐྱ་བོ་གཙང་བཟོ་སོགས་ནི་དཀའ་མོ་ཡིན་ཡང་ལག་ལེན་བྱེད་ཆོག ལམ་ལུགས་ཀྱིས་ནུས་པ་མ་འདང་བ་སོགས་ལ་གོང་གི་དཔེ་མཚོན་འདི་བདག་སེམས་ཅན་གྱི་ཆེད་དུ་རྩ་ས་བཟོས་པས་གངས་གཟིག་གི་གནོད་འཚེར་ཕན་པ་སོགས་ཀྱི་ཐབས་ལམ་ལྟ་བུ་ཡང་སྤྱད་ཆོག སྣོད་བཅུད་ལ་དཔྱད་ཞིབ་བྱས་པ་བརྒྱུད་ནས་ཁྱོད་ཀྱིས་ལོངས་ཇི་ཙམ་སྤྱོད་བཞིན་ཡོད་པ་ཤེས་ཐུབ་ཅིང་། དེས་ཁྱོད་ཀྱིས་བེད་སྤྱོད་ཉུང་དུ་གཏོང་བར་རོགས་བྱེད་ཐུབ། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དང་བྱ་འགུལ་སྐོར་རྒྱ་གར་གྱི་དཔྱད་ཞིབ་ལ་ལྟོས།

ལོ་རེའི་བཞིན་ཕྱི་ཟླ་དྲུག་པའི་ཚེས་ལྔ་སྟེ་འཛམ་གླིང་ཁོར་ཡུག་ཉིན་མོར་བསམ་ཚུལ་འདི་དག་དང་། རྒྱུན་གནས་ལག་ལེན་སོགས་ལ་ཕྱིར་དྲན་བྱེད་པའི་གོ་སྐབས་ཤིག་ཡོང་གི་ཡོད།

ཕྱི་ལོ་ ༢༠༡༧ ལོར་ལྷས་མི་དང་རང་འབྱུང་ཁམས་འབྲེལ་མཐུད་བྱེད་པ་ཞེས་པའི་བརྗོད་གཞིའི་འོག་བྱ་དགའ་ཡོད་པའི་རྩོམ་ཡིག་འགྲན་སྡུར་ཤིག་སྤེལ་བ་རེད། བརྗོ་བཞི་དེ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཞི་ཞིག་བཏོན་པ་དང་འདྲ་པོ་ཡོད་ལ་རྩོམ་ལེགས་དེ་འདྲ་བྱུང་ཡོད། བྱ་དགའ་ཐོབ་པའི་རྩོམ་གསུམ་བོད་ཀྱི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བར་བཀོད་ཡོད་ལ། དེ་དག་མང་ཆེ་བའི་རྒྱ་ཆེ་བའི་གཞུང་ལུགས་ཀྱི་ལྟ་སྟངས་ཐོག་ནས་ལག་ལེན་བཟང་པོ་དང་ངན་པ་ཟེར་བ་གང་ཞིག་ཡིན་མིན་སྐོར་རེད།

༢༠༡༨ ལོའི་རྩོམ་ཡིག་འགྲན་སྡུར་ཆེད།

རྩོམ་ཡིག་དང་པར་རིས་སོགས་ཀྱི་ལམ་ནས་རྒྱུན་གནས་ལག་ལེན་བཟང་ངན་གྱི་དཔེ་མཚོན། འགྲན་སྡུར་འདིར་སློབ་ཕྲུག་དང་། མི་རྒན་པ་སོགས་ཀྱིས་ཆ་ཤས་ལེན་ཆོག བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བར་བཀོད་ཟིན་པའི་ཉེ་ཆར་གྱི་རྩོམ་ཡིག་རྣམས་ཀྱིས་ཕན་ཐོག་ཡོད་སྲིད།

ལྷས་མཉམ་སྦྲེལ་རྒྱལ་ཚོགས་དང་ལྷན་དུ་ ༢༠༡༨ ལོའི་ཁོར་ཡུག་ཉིན་མོར་ཐོ་འགོད་ཀྱིས་་་་་་??? ཞེས་པའམ་་་་་་??? ཞེས་པའི་འོག་མཛད་སྒོའི་སྤྲོ་ཚོགས་ཤིག་བྱེད་པ།

ལྷས་མཉམ་འསྦྲེལ་རྒྱལ་ཚོགས་དང་ལྷན་དུ་ ༢༠༡༨ ལོའི་ཁོར་ཡུག་ཉིན་མོར་ཐོ་འགོད་ཀྱིས་་་་་་??? ཞེས་པའི་འོག་སྤྲོ་ཚོགས་ཀྱི་མཛད་སྒོ་ཞིག་འཚོགས་ཏེ་ལག་ལེན་བཟང་ངན་གྱི་སྐོར་ནས་དཔྱད་རྩོམ་འབྲི་མཁན་རྣམས་ལ་བྱ་དགའ་དཔེར་ན་ ༢༠༡༧ ལོར་མི་རྣམས་རང་བྱུང་ཁམས་དང་འབྲེལ་མཐུད་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་བྲིས་ཏེ་བྱ་དགའ་གནང་བ་ལྟ་བུ། (འདི་དག་ནི་གཙོ་བོར་ ༢༠༡༨ ལོའི་ཁོར་ཡུག་སྐོར་གྱི་རྩོམ་ཡིག་འགྲན་སྡུར་གྱི་ཆེད་དུ་དམིགས་པ་ཞིག་རེད། འོན་ཀྱང་བརྗོད་གཞི་ད་ལྟ་གཞི་ནས་འདེམས་རྒྱུ་ཡིན་སྟབས་བདམས་ཟིན་མཚམས་འདིར་དགོད་ངེས་ཡིན)

རྒྱུན་གནས་ཀྱི་སྐོར་ལ་བསམ་གཞིག་དང་ལག་ལེན་བྱས་པས་ང་ཚོ་ཙམ་མ་ཟད་མ་འོངས་པའི་མི་རབས་རྗེས་མ་རྣམས་ལ་ཡང་ཕན་ཐོག་ཡོད་དོ།།

སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝེལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།

དཔྱད་གཞིའི་ཡིག་ཆ།

Brundlandt report, 1987

HH Dalai Lama, 1990

The car horn is uncivilized: how Kathmandu streets went quiet, The Guardian, 24/10/17)

Global Footprint Network eco-footprint calaculator

World Environment Day

TNECN, 12/6/17

Contact articles above

ཐེངས་ 427938 བཀླགས་འདུག