Donate

བོད་ས་གང་སར་ནས་རི་དྭགས་ཀྱི་སྲོག་སྐྱོབ་པར་འབད་བཞིན་འདུག

བོད་ཀྱི་བང་ཆེན་གསར་ཁང་གི་གནས་ཚུལ་སྤེལ་བར་ལྟ་ན། ཉེ་ཆར་བོད་ཡུལ་ཤུལ་ཁུལ་གྱི་རྫ་སྟོད་དང་འབྲི་སྟོད་ཆུ་དམར་ལེབ་བཅས་ལ་ཁ་བ་ཕོན་ཆེན་བབས་ཏེ་རི་དྭགས་གཙོས་བྱས་པའི་བྱ་བྱིའུ་དང་སྒོ་ཟོག་སེམས་ཅན་མང་པོ་ཞིག་འཁྱག་ལྟོགས་གཉིས་ཀྱིས་ཤི་ཡི་ཡོད་འདུག་ལ། བོད་མི་ཚོས་གཟན་རྩྭ་བསྐྱལ་ནས་སྲོག་བསྐྱབས་ཡོད་འདུག

སྐབས་དེར་རྫ་རྫོགས་ཆེན་དགོན་པའི་༧བླ་མ་ཀརྨ་འགྱུར་མེད་དང་དགེ་རྒྱལ་གཟི་རུ་དགོན་གྱི་མཁན་ཆེན་གཉིས་ཀྱིས་དབུ་ཁྲིད་པའི་དགེ་འདུན་པ་རྣམས་ཀྱིས་གཟན་རྩྭ་ཟོག་འདྲེན་རླངས་འཁོར་མང་པོ་ཞིག་ཉོས་ཤིང་། ཁ་བའི་ནང་དུ་དཀའ་ཚེགས་ལ་མ་འཛེམས་པར་རི་ལུང་བརྒལ་ཏེ་གཟན་རྩྭ་རི་ལ་བསྐྱལ་ནས་བདག་མེད་རི་དྭགས་རྣམས་ཀྱི་སྲོག་སྐྱབས་ཡོད་པ་དང་། དེ་རྗེས་མི་སྒེར་གྱིས་གཟན་རྩྭ་སྐྱེལ་མཁན་འགའ་ཤས་བྱུང་ཡོད་པ་དང་ད་ལྟའི་ཆར་ཡང་ཡུལ་ཤུལ་ཁུལ་གྱི་བོད་མི་གཙོས་པའི་བོད་མི་མང་པོ་ཞིག་གིས་དང་བླངས་ཀྱིས་རང་རེའི་རི་དྭགས་རྣམས་ལ་གཟན་རྩྭ་བསྐྱལ་ཏེ་སྲོག་སྐྱོབ་པའི་

photo by:tibetanreview

བྱ་བར་གཉེར་བཞིན་ཡོད་འདུག་ལ། བོད་དབུས་ཕྱོགས་ནས་ས་ཐག་རིང་བས་གཟན་རྩྭ་མི་འཕྲོད་ཀྱང་མི་ཁག་ཅིག་གིས་དྲྭ་ཐོག་ནས་དངུལ་བསྡུ་རུབ་བྱས་ཏེ་གཟན་རྩྭ་ཉོ་བྱེད་བསྐུར་དང་སྐུར་བཞིན་ཡོད་ཟེར། ད་ཐེངས་ཀྱི་གངས་དེས་རི་དྭགས་ཙམ་མིན་པར་སྒོ་ཟོག་མང་པོ་ཤི་ཡོད་པར་རྗོད་ཀྱི་འདུག

རྒྱ་གཞུང་གིས་རི་སྐྱེས་སྲོག་ཆགས་ནི་རྩ་ཆེའི་རིག་དངོས་ཤིག་བརྩི་ཡི་ཡོད་པར་ཤོད་ཀྱི་ཡོད་ཀྱང་ད་སྐབས་སྡེབས་ཤི་ཐེབས་བཞིན་པའི་རི་དྭགས་དང་སྒོ་ཟོག་ཤི་མཁན་རྣམས་ལ་ཇུས་གཏོགས་བྱེད་མཁན་ཡོད་སྐད་མི་འདུག །

photo by:tibetanreview

 

ཐེངས་ 4214226 བཀླགས་འདུག