Donate

བོད་ཀྱི་རི་སྐྱེས་སྲོགས་ཆགས་ཀྱི་རི་མོ་འགྲན་བསྡུར་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ལོ་ལྟར་བྱེད་སྒོ་འདྲ་མིན་གྱི་ཐོག་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུ་མུས་བཞིན། ༢༠༡༩ ལོར་བོད་པའི་སློབ་གྲྭ་ཁག་གསུམ་ནང་བོད་ཀྱི་རི་སྐྱེས་སྲོགས་ཆགས་དེ་དག་རྒྱུས་ལོན་ཡོང་ཆེད་སྲོགས་ཆགས་རྣམས་ཀྱིོ་རི་མོ་འགྲན་བསྡུར་ཞིག་གི་ཐོག  ལྷ་ལས་བྱེད་དང་། དྭངས་བླངས་བ། སློབ་ཕྲུག་བཅས་མཉམ་རུབ་ཀྱིས་དམིགས་བསལ་ཁོར་ཡུག་གཙང་བཟོ་ལས་འགུལ་ཞིག་ཀྱང་སྤེལ་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

རི་མོའི་འགྲན་བསྡུར་དེའི་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་༡༡༢ ཙམ་གྱིས་ཆ་ཤས་བླངས་ཡོད་འདུག  དེ་ཚོའི་ནང་ནས་སློབ་ཕྲུག་རྩེ་ཕུད་གྲངས་༡༠ ལ་སློབ་ཕྲུག་རེར་བྱ་དགའ་ཧིན་སྒོར་༣༠༠༠ རེ་གནང་འདུག

རྩེ་ཕུད་བཅུའི་རི་སྐྱེས་སྲོགས་ཆགས་་ཀྱི་རི་མོ་རྣམས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ངོ་དེབ་དྲྭ་རྒྱའི་སྟེང་བཀོད་ཡོད་པ་རེད། འགྲན་བསྡུར་བྱ་དགའ་དངུལ་དམར་གྱི་མཐུན་འགྱུར་ནི། (Meltdown in Tibet) དཔེ་དེབ་ཀྱི་རྩོམ་པ་པོའམ་ཁོར་ཡུག་ཉམས་ཞིབ་པ་སྐུ་ཞབས་(Michael Buckley)  ལགས་ཀྱིས་གནང་ཡོད་འདུག

 

ཐེངས་ 427925 བཀླགས་འདུག