Donate

དྲ་རྒྱའི་རྩོམ་སྒྲིག་འགན་འཛིན།

ངག་དབང་རབ་རྒྱས་ནི་ཕྱི་ལོ་ ༡༩༧༧ ལོར་བར་ཁམས་ཚ་བ་དཔའ་ཤོད་ཡུལ་དུ་སྐྱེས། ཆུང་དུས་རང་ཡུལ་གྱི་དགོན་དུ་ཆོས་སྒོར་ཞུགས་ཤིང་སྔ་ཕྱིར་རང་ཡུལ་གྱི་དགོན་དང་ལྷ་ས་སོགས་སུ་གཞུང་ལུགས་ལ་ཐོས་བསམ་ཅུང་ཟད་བྱས།ཕྱི་ལོ་ ༡༩༩༦ ལོར་བཙན་བྱོལ་དུ་འབྱོར་ཏེ་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དང་གཞན་ཡང་འབྲེལ་ཡོད་ཤེས་ཡོན་གྱི་རྭ་བ་སོགས་ནས་བོད་དབྱིན་དང༌། གློག་ཀླད་སོགས་ལ་སྦྱང་པ་མི་དམན་ཙམ་བྱས་ཤིང༌། ཕྱི་ལོ་ ༢༠༠༣ ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་གནང་སྐབས་ནས་བཟུང་དྭང་བླངས་ཀྱི་ངོ་བོའི་ཐོག་ནས་ལྡི་ལི་རུ་བོད་ཀྱི་བང་ཆེན་གསར་འགོད་པ་དང་འགྲེམས་སྤེལ་བ་གཅིག་ལྕོགས་དང༌། ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༢ ནས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དབུས་ལས་ཁང་ཏུ་ལོ་གཅིག་དང་ཕྱེད་ཙམ་རིང་གཙོ་བོ་འཛིན་སྐྱོང་དོ་དམ་པ་དང༌། བོད་ཀྱི་བང་ཆེན་གསར་འགོད་པ་སོགས་ཀྱིས་ལས་ཀ་བྱས།

དེ་བཞིན་ཕྱི་ལོ་ ༢༠༠༤ ནས་བཟུང་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པས་གཙོས་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འགའ་ཤས་དང་མཉམ་དུ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་ཞིབ་འཇུག་དང་ལས་འགུལ་སྤེལ་ཏེ་ཕྱི་ལོ་ ༢༠༠༦ ལོར་ྋགོང་ས་མཆོག་གིས་དུས་དབང་གནང་སྐབས་ཐེངས་དང་པོ་ཆེས་གཞི་རྒྱ་ཆེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་གོ་རྟོགས་ལས་འགུལ་གོ་སྒྲིག་ཞུས།

ཕྱི་ལོ་ ༢༠༠༦ ཟླ་ ༨ པ་ནས་ཡང་བསྐྱར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་ཞིག་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་པའི་གཞིས་ཆགས་དང༌། སློབ་གྲྭ། དགོན་སྡེ་སོགས་སུ་གོ་སྒྲིག་གིས་སྔ་ཕྱིར་བོད་རིགས་དང༌། ཧི་མ་ལ་ཡའི་མི་རིགས་སོགས་མི་གྲངས་འབུམ་གཅིག་ལྷག་ཙམ་ལ་གོ་རྟོགས་ལས་འགུལ་སྤེལ་ཡོད། ཕྱི་ལོ་ ༢༠༠༣ ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་དང་འབྲེལ་སྤྱི་ཚོགས་ཞབས་ཞུའི་ལས་ཀ་གང་མང་བྱས་ཤིང༌། ཕྱི་ལོ་༢༠༠༨ ལོ་ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་གྱི་ལས་ཁུར་བྱེད་བཞིན་ཡོད།

ཐེངས་ 42161 བཀླགས་འདུག