དོམ་ལག་ནག་ཚོང་རྒྱག་མཁན་ཨུ་རུ་སུའི་མི་སེར་གཉིས་འཛིན་བཟུང་།
ཕྱི་ལོ་༢༠༡༣ཟླ་༦ཚེས་༡༨ཉིན་ Global Times གོ་ལའི་དུས་བབས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་ ༥ པའི་ཚེས་ ༢༢ ཉིན་ནང་སོག་གི་ 满洲里Manzhouli མན་ཀྲུའུ་ལི་གྲོང་ཁྱེར་གྱི་རྒྱ་ནག་གི་ས་མཚམས་ཞིབ་བཤེར་ཉེན་རྟོག་པས། འཆར་ཅན་གྱི་རླངས་འཁོར་ཞིག་སྔོག་བཤེར་བྱས་སྐབས། རླངས་འཁོར་དེའི་ནང་ཨུ་རུ་སུའི་མི་སེར་གཉིས་ཀྱིས། རླངས་འཁོར་ནང་དོམ་ལག་ ༢༡༣ བླུགས་ཡོད་པ་ཤེས་རྟོགས་བྱུང་ནས་ཁོ་གཉིས་འཛིན་བཟུང་བྱས་ཡོད་འདུག
ཉེན་རྟོག་པས་སྐབས་དེར་མི་དེ་གཉིས་ལ་བལྟས་དུས་ནས་དོགས་པ་ཞིག་སླེབས་བྱུང་ལ། སྔོག་བཤེར་སྐབས་ཁོང་གཉིས་ཀྱིས་དོམ་ལག་༢༡༣རླངས་འཁོར་གྱི་འཁོར་ལོ་དང་། གཞན་འཁོར་ལོ་རྙིང་པ་དེ་དག་ནང་བླུགས་འདུག་ཅེས་འགྲེལ་བརྗོད་བྱས་འདུག
དོམ་ལག་དེ་དག་ནི་ brown bear དོམ་རྒྱ་སྨུག་གམ་༼དོམ་སེར་༽ཁོ་ནའི་ལག་པ་ཡིན་འདུག་ལ། ཉེན་རྟོག་པས་དེ་མ་ཐག་ཉེས་ཅན་དེ་གཉིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། དོམ་སེར་ནི་རྒྱ་ནག་ནང་རྒྱལ་ཡོངས་བདག་མེད་སེམས་ཅན་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཡོད་འདུག
ཡང་ཉེན་རྟོག་པས་ཨུ་རུ་སུའི་ནང་དོམ་ལག་སྤྱི་རྒྱ་རེ་གོང་ཚད་རྒྱ་སྒོར་ ༢༠༠༠ དང་ ཨ་སྒོར་ ༦༣ ཡིན་འདུག་པ་དང་། རྒྱ་ནག་ནང་གོང་ཚད་དེ་ལས་ཀྱང་ལྡབ་ ༡༠ མཐོ་བ་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་དོམ་གྱི་ལུས་པོའི་ཆ་ཤས་གང་ཡང་རུང་བ་འཚོང་སྒྱུར་བྱ་རྒྱུར་བཀག་བསྡོམས་བྱས་ཡོད་པ་རེད་ཅེས་རྒྱ་ནག་གི་སེམས་ཅན་སྲུང་སྐྱོབ་ཀྱི་ཁྲིམས་འགྲེལ་བརྗོད་བྱས་འདུག
ཐེངས་ 42270 བཀླགས་འདུག