ཁྱེད་ཀྱི་གྲོང་ཁྱེར་སྔོ་ལྗང་དང་གཙང་མ་ཉར་རོགས།
ཁྱེད་ཀྱི་གྲོང་ཁྱེར་སྔོ་ལྗང་དང་གཙང་མ་ཉར་རོགས།
ཁྱེད་ཀྱི་ཆ་ཤས་ལེན་དགོས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཛམ་གླིང་ཁོར་ཡུག་ཉིན་མོར་འགྲེམས་སྤེལ་བྱས།
གད་སྙིགས་གང་སར་མ་གཡུག་རོགས་གནང་།
རྒྱུ་ཚན་མང་པོའི་སྒོ་ནས་ཁྱེད་ཀྱིས་གད་སྙིགས་གང་སར་གཡུག་ན་གནོད་ཚབས་ཆེ།
>འགྱིག་རིགས་དང་ལྕགས་རིགས་ཤེལ་སོགས་ལས་བཟོས་པའི་དམ་བི་དང་། ཁུག་མ། འཐུམ་སྒྲིལ། ཕོར་པ་སོགས་ས་འོག་ཏུ་རུལ་ནས་རྩ་མེད་འགྲོ་
མི་ཐུབ།
>དངོས་པོ་དེ་རིགས་ཀྱི་རྒྱུ་ཆ་རྫས་སྦྱོར་རྣམས་རླུང་གིས་འཁྱེར་བ་དང་ས་འོག་ཆུའི་ནང་འཐིམས་ཚེ་
མིའི་འཕྲོད་བསྟེན་ལ་གནོད་ཚབ་ཤིན་ཏུ་ཆེ།
ཁྱེད་ཀྱིས་གད་སྙིགས་རྣམས་ཆེད་འཛུགས་བྱས་པའི་གད་སྙིགས་བླུགས་སྣོད་ནང་གཡུག་པ་དང་ཡང་ན་
གད་སྙིགས་བསྡུ་རུབ་བྱེད་སར་བསྐྱལ་རོགས། ཁྱེད་ཀྱིས་གད་སྙིགས་རྣམས་ས་ཆ་གང་དུ་གཡུག་
དགོས་མིན་དང་།ཡང་ན་དུད་ཚང་རེ་རེ་བཞིན་བརྒྱུད་ནས་གད་སྙིགས་བསྡུ་རུབ་བྱེད་མཁན་ཡོད་
མེད་ས་གནས་འབྲེལ་ཡོད་ལས་ཁུངས་ལ་བཀའ་འདྲི་ཞུ་དགོས།
གད་སྙིགས་མེ་སྲེག་མ་གཏོང་རོགས། དེ་ནི་ཁྲིམས་འགལ་ཞིག་རེད།
ཁྱེད་ཀྱིས་གད་སྙིགས་མེ་སྲེགས་གཏོང་སྐབས་གནོད་ཚབས་ཆེ་བའི་འབག་བཙོག་རང་བྱུང་རླུང་ཁམས་དང་འདྲེས་འགྲོ་བ་དང་། འགྱིག་གི་རིགས་དཔེར་ན། ཆུ་སྣོད་དམ་བེ་དང་། ཞོག་ཁོག་ལྟིག་ཧྲུག་དང་ཏན་ཤིང་བག་ལེབ་སོགས་ཀྱི་སྒྲིལ་ཤོགའགྱིག་གི་ཁུག་སྣོད་སོགས་དང་དེ་བཞིན་ཧ་ཡང་སོགས་མེ་སྲེག་བཏང་ཚེ་དེ་དག་གི་དུག་རླངས་ནི་གནོད་ཚབས་ཆེ་བའི་རྫས་འགྱུར་ཞིག་ཡིན་པས་རླུང་དང་ཆུའི་ནང་ཁྱབ་ནས་ཟས་རིགས་དང་འདྲེས་ཚེ་སྐྱེ་དངོས་དང་སེམས་ཅན་ལ་གནོད་ཚབས་ཤིན་ཏུ་ཆེ།
དུག་རླང་དེ་དག་ནི་འགྲོ་བ་མིའི་བདེ་ཐང་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་པར་འབྲེལ་བ་མང་པོ་ཡོད།
དཔེར་ན་དུག་རླང་དེ་དག་གིས་སྦྲུམ་སྲིང་གི་བདེ་ཐང་གནོད་སྐྱོན་གཏོང་བ་དང་ནུས་རྫས་འཕེལ་རྒྱས་ལ་འགོག་རྐྱེན་སྤྲོད་པ། སྐྲན་ནད་ཀྱི་རྒྱུར་འགྱུར་བ་བཅས་བྱེད་ཀྱི་ཡོད།
གསལ་བཤད་བྱེད་མི་དགོས་པ་ཞིག་ནི། གད་སྙིགས་མེ་སྲེག་གཏོང་བ་ནི་ཁྲིམས་འགལ་ཡིན།
གད་སྙིགས་མེ་སྲེག་གཏོང་ན།=རང་བྱུང་རླུང་གི་སྤུས་ཀ་ཉམས་པ་དང་འཕྲོད་བསྟེན་ལ་གནོད་ཚབ་ཆེ།
ཁྱེད་རང་ཉིད་ཀྱི་གད་སྙིགས་ཉུང་དུ་གཏོང་ཐབས་བྱེད་དགོས།
>འགྱིག་གི་ཆུ་སྣོད་རྣམས་བསྐྱར་ནས་བསྐྱར་དུ་བེད་སྤྱོད་བྱེད་དགོས།
>འགྱིག་ཤོག་དང་། ཁུག་སྣོད། སྒྲིལ་ཤོག་སོགས་བསྐྱར་སྤྱོད་བྱེད་དགོས།
>ས་གནས་ལས་ཁུངས་ལ་འབྲེལ་བ་བྱེད་
ནས་ཁྱེད་རང་གི་གྲོང་ཁྱེར་ནང་གད་སྙིགས་བསྐྱར་བཅོས་བྱེད་པའི་མཐུན་རྐྱེན་ཡོད་མེད་བཀའ་འདྲི་
ཞུ་དགོས།
>ཐུམ་སྒྲིལ་བྱེད་སྐབས་དང་འགྱིག་ཤོག་དང་ཤོག་བུ་ལ་སོགས་པའི་གད་སྙིགས་གང་ཉུང་ཉུང་བེད་སྤྱོད་བྱེད་རྒྱུར་འབད་དགོས།
ཉུང་སྤྱོད། བསྐྱར་སྤྱོད། བསྐྱར་བཟོ།
ངེས་པར་དུ་ཆུ་ལ་གཅེས་སྤྲས་བྱེད་དགོས།
>ངོ་གདོང་དང་སྣོད་ཆས་སོགས་བཀྲུ་སྐབས་དང་ཞལ་ལག་བཟོ་སྐབས་སོགས་ངེས་པར་དུ་ཆུ་ཀ་
ལའི་མགོ་བཀག་དགོས།
>ཆུ་བེད་སྤྱོད་མི་བྱེད་པའི་སྐབས་ཀ་ལ་གློད་ནས་འཇོག་མི་རུང་།
>གལ་སྲིད་ཀ་ལར་གས་ཆགས་དང་ཨི་ཁུང་སོགས་ཡོད་ཚེ་མགྱོག་མྱུར་བཟོ་བཅོས་རྒྱག་དགོས།
རང་ཁྱིམ་ནང་གློག་ངེས་པར་དུ་གྲོན་ཆུང་བྱེད་དགོས།
>དགོས་མཁོ་མེད་དུས་གློག་སྤར་ནས་འཇོག་མི་རུང་།
>བེད་སྤྱོད་མི་བྱེད་སྐབས་གློག་ཆས་ཀྱི་རྩ་བ་བཀོག་ནས་བཞག་དགོས།
>རྒྱུན་དུ་གློག་ཆས་ཚད་ལྡན་རིགས་ཉོ་དགོས།
བོད་ནང་གི་ཁོར་ཡུག་གནད་དོན།
>དུག་རླངས་ཕྱིར་ཤོར་རྗེས་ཁྱག་རོམ་བཞུས་ཚད་མཐོ་བ།
>གཞི་རྒྱ་ཆེ་བའི་ཤིང་ནགས་གཅོད་འབྲེག་རྐྱེན་པས་ས་གཤིས་ཉམས་པ་དང་ཆུ་ལོག་འབྱུང་བ།
>གསེར་དང་།ཟངས།ལྕགས།ཧ་ཡངས་སོགས་ཀྱི་གཏེར་ཁ་སྔོག་འདོན་ལ་བཀག་སྡོམ་མེད་པ།
>ཚུལ་མིན་གྱི་རྡུལ་ཕྲན་སྙིགས་རོ་གཡུག་པས་ས་ཆུ་གཉིས་ལ་འབག་བཙོག་ཐེབས་ནས་མི་ཕྱུགས་གཉིས་ཀར་སྐྲན་ནད་ཀྱི་ཉེན་ཚབས་ཆེ་བ།
>རྨ་ཆུ་དང་།འབྲི་ཆུ།རྒྱལ་མོ་རྔུལ་ཆུ།ཡར་ཀླུང་གཙང་པོ་སོགས་ཀྱི་ཆུ་འགོར་ཆུ་མཛོད་བརྒྱབ་པ།
>རྩྭ་ཐང་བྱེ་ཐང་དུ་འགྱུར་བ།བརླན་བཤེར་ཅན་གྱི་ས་ཁྱོན་ཇེ་ཆུང་དུ་ཕྱིན་པ་དང་།མཚོ་དང་མཚེའུ་རྣམས་སྐམ་པ།
>སྐྱེ་དངོས་སྲོགས་ཆགས་རིགས་མང་པོ་རྩ་སྟོང་ཕྱིན་པ།
>དཔྱད་ཞིབ་ཀྱི་ནུས་ཤུགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ཞན་པ།
ཐེངས་ 42654 བཀླགས་འདུག