Donate

འབྲོག་པའི་རྩྭ་ས་ཕྲོགས་ཏེ་གཏེར་ཁ་སྔོག་འདོན་བྱས།

ཟླ་འདིའི་ཚེས་ ༣ ཉིན་རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས། མཚོ་སྔོན་ཞིང་ཆེན་སྒ་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་། དཀར་ཆེན་རུ་ཁག་གི་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་ས་བཙན་འཕྲོག་བྱས་ཏེ། རྡོ་ནག་དང་གསེར་གྱི་གཏེར་ཁ་སྔོག་འདོན་ལས་གཞི་མགོ་འཛུགས་བྱས་ཡོད་འདུག

In Tibet Nomade Areaལས་གཞི་འདི་ལོ་གཉིས་གོང་ནས་མགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས་འབྲོག་པ་བློ་གྲོས་རྒྱལ་མཚན་ལགས་ཀྱི་ས་ཆའི་ཐོག་ནས་གཏེར་ཁ་སྔོག་འདོན་བྱེད་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དང་། སྐབས་དེར་ས་བདག་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གོང་རིམ་ལ་ཞུ་གཏུག་ཡང་ཡང་བྱས་ཀྱང་། གཏེར་འདོན་ཚན་པ་དེ་དང་སྲིད་གཞུང་བར་ལག་འབྲེལ་བྱས་ཡོད་སྟབས། ཁོང་གི་ཞུ་གཏུག་ལ་དོན་འབྲས་མ་སོན་པར་ཉེ་ལམ་རྒྱ་ནག་ནས་ཆེད་ལས་ལག་རྩལ་མི་སྣ་དང་། ས་དོང་བརྐོ་སྤྱད་འཕྲུལ་འཁོར་། ས་རྡོ་དབོར་འདྲེན་བྱེད་སྤྱད་རླངས་འཁོར་སོགས་བསླེབས་ཏེ་ལས་གཞི་མགོ་འཛུགས་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་ནག་གི་གཏེར་འདོན་ཚན་པ་དང་། བོད་ཁུལ་གྱི་ས་གནས་སྲིད་གཞུང་གི་མགོ་ཁྲིད་བར་ལྐོག་འབྲེལ་བྱས་ཏེ། ཡུལ་ཤུལ་གྱི་ས་ཁུལ་གཞན་མང་པོ་ཞིག་ཏུའང་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་པའི་མཚོ་དང་གནས་རི་རྩ་ཆེན་སོགས་ཀྱི་ཉེ་འཁོར་ནས་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་གཏོར་སྐྱོན་དང་། མི་ཕྱུགས་དང་སྲོག་ཆགས་གཞན་མང་པོའི་བདེ་ཐང་ཚེ་སྲོག་ལའང་ཉེན་ཁ་བཟོ་བཞིན་ཡོད་སྐོར་བརྗོད་སོང་།

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42555 བཀླགས་འདུག