ཇོ་མོ་གླང་མའི་ཉེ་འཁོར་གྱི་འཁྱགས་རོམ་ཞུ་བ་ལས་ཚེ་སྲོག་གི་གཤེད་མར་གྱུར་པའི་མཚོ་གྲུབ་སྲིད་པ།
རོབས་རྩིས་ལྟར་ན་རྒྱུ་སྐར་འདིའི་སྟེང་གི་འཁྱགས་རོམ་ ༡༩༨‚༠༠༠ ལས་སུམ་ཆའི་གཅིག་ལས་མང་བ་ཧི་མ་ལ་ཡར་གནས་ཡོད། འོན་ཀྱང་། མཐའ་ན་འཛམ་གླིག་གི་རི་རྩེ་མཐོ་ཤོས་བཅུ་ལས་དགུའི་རྟེན་གཞིར་གྱུར་པའི་གྲང་ངར་ཅན་གྱི་འཁྱག་པ་དང་གངས་ཀྱི་ཁྱོན་ཆེན་པོ་དེ་ཡང་གནམ་གཤིས་འགྱུར་ལྡོག་གིས་འཇིག་ཉེན་ལ་གྱར་འདུག

