Donate

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་འཛམ་གླིང་ཁོར་ཡུག་ཉིན་མོར་སྐད་ཡིག་གཉིས་ཀྱི་ཐོག་ནས་རྩོམ་ཡིག་འགྲན་བསྡུར་ཞིག་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༨ ཟླ་༦ ཚེས་༥འཛམ་གླིང་ཁོར་ཡུག་གི་ཉིན་དང་སྟབས་བསྟུན་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་༼འགྱིག་ཤོག་རིགས་ཀྱི་ཁོར་ཡུག་ལ་འབགས་བཙོག་མེད་པ་བཟོ་ཐབས༽་ཞེས་པའི་བརྗོད་གཞི་ཐོག་ནས་ཨིན་བོད་གཉིས་ཀྱི་སྐད་ཡིག་ཐོག་ནས་རྩོམ་ཡིག་འགྲན་བསྡུར་ཞིག་གནང་ཡོད་པ་དང་འགྲན་བསྡུར་དེའི་ནང་མཉམ་ཞུགས་གནང་མཁན་ཁྱོན་མི་གྲངས་༢༩ཙམ་བྱུང་ཡོད་ཅིང་། དེའི་ནང་ནས་བོད་ཡིག་གི་ཐོག་ནས་རྩོམ་པ་པོ་རྩེ་ཕུད་གསུམ་དང་ཨིན་ཇིའི་ཐོག་ནས་རྩོམ་པ་པོ་རྩེ་ཕུད་གསུམ་ལ་གྲུབ་འབྲས་ལེགས་གསོན་གྱི་བྱ་དགའ་ཐོབ་ཡོད་པའི་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད། དེ་བཞིན་དེ་གར་བཞུགས་སྒར་ས་གནས་སུ་མཉུག་མར་གནས་པའི་གསོལ་མགྲོན་ཁང་དང་འགྲིམས་འགྲུལ་ལས་ཁང་ལྷག་བསམ་ཅན་དང་རྒྱུན་དུ་ཚོགས་སྡེ་ཁག་གི་ལས་འགུལ་ལ་མཉམ་ཞུགས་དང་གཞོགས་འདེགས་གནང་མཁན་ཁག་ཅིག་ནས་སྐབས་དོན་གྱི་ལས་འགུལ་དེར་རྒྱབ་སྐྱོར་ཚོན་ཆེད་དུ་བྱ་དགའི་གསོལ་རས་དེའི་སྦྱིན་བདག་གནང་ཡོད་པ་རེད། གོ་སྐབས་དེ་རྒྱུད་ནས་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགསགནང་མཁན་དང་མཐུན་འགྱུར་གྱི་རོགས་རམ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་དང་འབྱུང་འགྱུར་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་ལྷག་དོན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཁག་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། གཤམ་དུ་མཁས་བཙུན་བཟང་གསུམ་གྱི་རྩོམ་པ་པོ་རྩེ་ཕུད་རྣམས་དང་གཏོང་ཕོད་ཅན་གྱི་སྦྱིན་བདག་དེ་བཞིན་བློ་དཀར་གཞུང་དྲང་གི་ཟུར་དཔང་ངམ་བརྒྱ་ཆ་འབུལ་མཁན་རྣམས་ཀྱི་མཚན་བཅས་བཀོད་ཡོད།

བོད་ཡིག་རྩེ་ཕུད་གསུམ།
༡༽ འཕྲིན་ལས་འོད་ཟེར། ཨང་དང་པོ། སྒོར་༧༠༠༠
༢༽ བསྟན་འཛིན་དར་ལྡན། ཨང་གཉིས་པ། སྒོར་༥༠༠༠
༣༽ སེར་ཤུལ་རིན་ཆེན་དོན་འགྲུབ། ཨང་གསུམ་པ། སྒོར་༣༠༠༠

བརྒྱ་ཆ་སྤྲོད་མཁན་གྱི་མཚན།
༡༽དགྲ་ལྷ། བཙུན་དགོན་དགེ་ལྡན་ཆོས་གླིང་གི་བོད་དགེ།
༢༽དཀོན་མཆོག་བསྟན་འཛིན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཆོས་དང་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ཉམས་ཞིབ་འཇུག་པ།
༣༽བློ་བཟང་དམ་ཆོས། ལྷ་སྤྱི་ཚོགས་ཚོགས་ཞབས་ཞུ་ཁང་གི་དྲྭ་རྒྱའི་རྩོམ་སྒྲིག་པ་དང་ཁོར་ཡུག་ཉམས་ཞིབ་པ།
༼དང་པོ།༽བོད་རྩོམ་གྱི་ལེགས་གསོལ་བྱ་དགའི་སྦྱིན་བདག་གི་མཚན་གཤམ་གསལ།
༡༽ཨང་དང་པོའི་སྦྱིན་བདག། སྐུ་སྲུང་ཀུན་དགའ་ལགས། (Kunga Guest House) ཧིན་སྒོར་༧༠༠༠
༢༽ཨང་གཉིས་པའི་སྦྱིན་བདག། བོད་ཀྱི་ཐབ་ཚང་། (Tibet Kitchen) ཧིན་སྒོར་༥༠༠༠
༣༽ཨང་གསུམ་པའི་སྦྱིན་མབདག། རྒྱུད་སྨད་གྲྭ་ཚང་གི་ཟ་ཁང་།( Shangrila Hotel) ཧིན་སྒོར་༣༠༠༠

ཨིན་ཇི་རྩེ་ཕུད་གསུམ།
༡༽ བསྟན་འཛིན་ཡོན་ཏན་འཛིན་སྣང། ཨང་དང་པོ། སྒོར་༧༠༠༠
༢༽ བློ་བཟང་དོན་འགྲུབ། ཨང་གཉིས་པ། སྒོར་༥༠༠༠
༣༽ དབུ་རྒྱན་ལྷ་མོ། ཨང་གསུམ་པ། སྒོར་༣༠༠༠

བརྒྱ་ཆ་སྤྲོད་མཁན་གྱི་མཚན།
༡༽ཛམ་ལྷ་བསྟན་པ་རྒྱལ་མཚན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ།
༢༽ཚེ་དབང་རིན་འཛིན། བོད་ཀྱི་ཐེབས་རྩའི་འགན་འཛིན་གཞོན་པ་ཟུར་པ།
༣༽འབྲུག་བསྟན་སྐྱིད། བོད་མིའི་སྒྲིག་འཛུགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད།
༼གཉིས་པ།༽ཨིན་རྩོམ་གྱི་ལེགས་གསོལ་བྱ་དགའི་སྦྱིན་བདག་གི་མཚན་གཤམ་གསལ།
ཨང་དང་པོའི་སྦྱིན་བདག། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་། ཧིན་སྒོར་༧༠༠༠
ཨང་གཉིས་པའི་སྦྱིན་བདག། པདྨ་ཐང་གསོལ་མགྲོན་ཁང་།(Pema Thang Guest House ཧིན་སྒོར་༥༠༠༠
༼༣༽ཨང་གསུམ་པའི་སྦྱིན་བདག། རླུང་རྟ་འགྲིམས་འགྲུལ་ལས་ཁང་། (Wind Horse Tours & Travel) ཧིན་སྒོར་༣༠༠༠

 

བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བའི་རྩོམ་པ་པོས།

 

ཐེངས་ 42431 བཀླགས་འདུག