རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གཅན་གཟན་དང་རི་དྭགས་རིགས་མང་བ།
ཉེ་བའི་ལོ་ཤས་ནང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་གཅན་གཟན་དང་རི་དྭགས་རིགས་ཀྱི་རྗེས་ཤུལ་ཡང་ཡང་མཐོང་རྒྱུ་ཡོད་ཅིང་། ཉེ་དུས་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ཐོག་ནས་མངོན་པར། རྫ་ཆུའི་འབྱུང་ཡུལ་ས་ཁུལ་ཁོ་ནར་གསའ་དང་། གཟིག གཡི་སོགས་རྩ་ཆེའི་གཅན་གཟན་རིགས་བཅུ་ལྷག་མཐོང་རྒྱུ་ཡོད་པ་དང་། ཆེད་ལས་མཁས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དེ་རྒྱ་ནག་དང་། བོད་མཐོ་སྒང་གི་ས་ཁུལ་ཡོངས་ཀྱི་ནང་ནས་གཅན་གཟན་དང་རི་དྭགས་རིགས་མང་ཤོས་འཚོ་སྡོད་བྱེད་སའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད་སྐོར་གནས་ཚུལ་ཡོང་ཁུངས་ཁག་ཏུ་བཀོད་འདུག
ཐེངས་ 42586 བཀླགས་འདུག