Donate

དངོས་པོ་བེད་སྤྱོད་ཚད་དང་གད་སྙིགས་ཉུང་དུ་གཏོང་བ།

ཚད་ཡོད་པའི་སའི་གོ་ལའི་ཐོན་ཁུངས་ལ་བེད་སྤྱོད་ཐབས་མཁས་དང་ཚད་ལྡན་ཡོང་སླད། ང་ཚོས་ཇི་ལྟར་བྱས་ནས་དངོས་པོ་བེད་སྤྱོད་དང་གད་སྙིག་ཉུང་དུ་གཏང་དགོས་སམ། ལྷས་ཟླ་རེ་བཞིན་མེག་གྷན་གྱི་གཡས་གཡོན་དུ་གད་སྙིགས་གཙང་བཟོའི་སྣེ་ཁྲིད་གནང་གི་ཡོད། (དཔྱད་གཞི། འབྲེལ་གཏུག་དུས་དེབ་ཀྱི་ཟླ་རེའི་གསར་གནས) ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༡ ཉིན་གྱི་ལྷའི་གད་སྙིགས་གཙང་བཟོའི་སྐབས་ལམ་གཡས་ཡོན་གྱི་ཆུ་འགྲོའི་ཡུར་བ་དང་། ལམ་འོག་ཆུ་ཡུར་ (ལམ་ཁར་ཁེལ་བའི་ཆུ་དང་བཞའ་ཚན་ཡོད་སར་བཏབ་པའི་ཟམ་པ་ཆུང་ཆུང་ལྟ་བུ) རགས་སྐོར་སོགས་ནས་སྙིགས་རོ་མཁྲེགས་པོ་གཏོས་ཆེན་པོ་བསྒྲུགས་འདུག་པ་ལས་ཁ་ཤས་རྙིང་པ་དང་ཁ་ཤས་གསར་པ་རེད། གསར་པ་དེ་དག་དྷེ་ཝ་ལི་(Dewali) སྐབས་ཀྱི་ཤོག་སྦག་གི་ལྷག་རོ་དང་། ཐུགས་སྤྲོའི་ཆང་རག་གི་ཤེལ་དམ། བཟའ་བཅའ་ཕྱི་རོལ་ཏུ་འཁྱེར་དུས་ཀྱི་འཐུམ་བྱེད་དག་རེད། གཤེར་གཟུགས་ཀྱི་སྙིགས་རོ་གང་ཡང་བསྒྲུགས་མེད་ཅིང་། སྙིགས་རོ་ཁ་ཤས་ནི་ང་ཚོས་མི་སྙོམས་པ་དེ་འདྲ་རེད། དཔེར་ན། དེ་ཚོ་ཁ་ཤས་སྒེར་གྱི་ས་ཐོག་ར་བའི་ནང་ལོགས་དང་། གཡང་གཟར་སོགས་སུ་འདུག  གཡུག་པའམ་ལྷུང་ཡོང་བའི་རི་འཛེགས་རྒྱབ་ཁུག ངལ་གསོའི་གྱོན་ཆས་སོགས་སྙིགས་རོ་འདྲ་མིན་ཅི་རིགས་རེད། (ལྷའི་ངོ་དེབ་ཀྱི་པར་ལ་ལྟོས)

སྙིགས་རོ་གཙང་བཟོ་དེ་ནི་སྤྱི་ཚོགས་ཀྱི་བྱེད་སྒོའི་གོ་སྐབས་ཆེན་པོ་ཞིག་རེད།  ལྷའི་ལས་བྱེད་རྣམས་དང་། སློབ་མ། དང་བླངས་པ་སོགས་ཀྱིས་གཙང་བཟོ་གང་ལེགས་བྱས་རྗེས་གུང་ཚིགས་ཤིག་ཟ་བ་རེད། སྤྱི་ཚོགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་དེ་འདྲ་ནི་ཉུང་ཉུང་རེད་ལ། ལྷའི་ཁོར་ཡུག་གཙང་བཟོའི་སྐབས་གྱོན་རྒྱུའི་སྟོད་གོས་ཀྱིས་ཁྱབ་བསྒྲགས་ཅུང་ཙམ་འགྲོ་བཞིན་ཡོད་ཀྱང་དེས་མི་རྣམས་ལ་སེམས་ཤུགས་དེ་ཙམ་སྦྱིན་མི་ཐུབ། དྷ་སྟེང་གཙང་བཟོའི་ལས་འགུལ་ཁང་ (CUDP) ཞེས་པ་ས་གནས་ཀྱི་སྙིགས་རོ་སྟངས་འཛིན་ཁང་དེར་གད་སྙིགས་བླུག་སྣོད་སྟོང་པ་གཅིག་ཀྱང་ཡོད་མ་རེད། དེ་དག་རྒྱུན་དུ་གང་ནས་འདུག

ལྷའི་ཟླ་རེའི་གད་སྙིགས་གཙང་བཟོ་ཡིས་ས་གནས་ཀྱི་སྙིགས་རོ་སྟངས་འཛིན་གྱི་ཆ་ཤས་གལ་ཆེན་ཞིག་མཚོན་གྱི་ཡོད།

དངོས་པོའི་བེད་སྤྱོད་དང་སྙིགས་རོ་ཉུང་དུ་གཏོང་བར་ཚོགས་པ་འདིའི་རྒྱ་ཆེའི་བྱེད་སྒོ་ཡིས་ནུས་པ་ཇི་ཙམ་ཐོན་གྱི་རེད་དམ།

འཛམ་གླིང་འདིར་ཅ་དངོས་བེད་སྤྱོད་གཏོང་ཚད་ཆ་མི་སྙོམས་པ་ཞིག་ཁྱབ་བརྡལ་ཕྱིན་ཡོད། (Worldwatch Institute, Consumption) ལ་ལྟོས།

དཔེ་རིས་དང་པོ། ༢༠༡༣ ལོའི་ཆུའི་དཀའ་ངལ། དཔེ་རིས་ཀྱི་ཡོང་ཁུངས། (WRI Aquaduct. Gassert et al., 2013)

དཔེར་ན། ང་ཚོ་ཡོད་སའི་རྒྱ་གར་དུ་ཕྱི་ལོ་ ༢༠༡༣ ལོར་ཆུའི་སེམས་ཁྲལ་རྒྱ་ནག་ལས་ཆེ་བ་བྱུང་ཡོད། ཞིང་ལས་དང་། ནང་། བཟོ་གྲྭ་སོགས་ཆུ་བེད་སྤྱོད་གཏོང་མཁན་མཚམས་འཇོག་བྱེད་དགོས་བྱུང་བ་རྒྱ་ནག་ནང་བརྒྱ་ཆ་ ༢༠ ནས་ ༤༠  ཙམ་ཡིན་ཡང་། རྒྱ་གར་དུ་བརྒྱ་ཆའི་ ༤༠ ནས་ ༨༠ ཙམ་ཟིན་གྱི་ཡོད་འདུག བོད་དང་ཧི་མ་ཅལ་ཁུལ་དུ་ཆུའི་འབྱུང་ཁུངས་བཟང་བ་དང་། མི་འབོར་ཉུང་བའི་རྐྱེན་གྱིས་ཆུའི་སེམས་ཁྲལ་ཆུང་བ་ཡོད་པ་རེད།

དོན་དངོས་ཐོག་དངོས་པོ་མང་པོ་ཞིག་རྒྱུན་གནས་མིན་པའི་ཚད་དུ་ཡོད་པ་རེད། དཔྱད་གཞིའི་དཔེ་མཚོན། (Peak phosphorous and implications for India).

དེར་བརྟེན་ང་ཚོས་དངོས་པོ་རྣམས་བེད་སྤྱོད་གཏོང་མཁས་པོ་བྱེད་དགོས་པ་ལས་རྒྱུ་ཆ་རྫོགས་འགྲོ་ངེས་རེད།

ང་ཚོས་བེད་སྤྱོད་བཞིན་པའི་དངོས་པོ་མང་པོ་ཞིག་སྙིགས་རོ་རུ་གྱུར་འགྲོ། ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབས་རྣམས་ཀྱིས་སྙིང་རོ་མང་དུ་བཟོ་བཞིན་ཡོད་ལ། རྒྱ་ནག་གིས་རྒྱ་གར་ལས་མང་བ་བཟོ་བཞིན་ཡོད། (Which countries produce the most waste, World Economic Forum, August 2012) འདིར་གཟིགས།

དཔེ་རིས་གཉིས་པ། རྒྱུ་ཆ་དང་། སྙིགས་རོའི་ཚད་མི་འདྲ་བ་ཁག དཔེ་རིས་ཀྱི་ཡོང་ཁུངས། (Waste Hierarchy, Wikipedia)

སྙིག་རོག་དེ་དག་ལ་ཅི་ཞིག་འབྱུང་ངམ།

སྙིག་རོ་ལ་དགོངས་པ་བཞེས་སྟངས་དང་། དངོས་པོ་བེད་སྤྱོད་གཏོང་སྟངས་ཡག་ཤོས་ནི་དཔེ་མཚོན་རི་མོ་འདི་ལྟ་བུ་ཡིན།

སྔོན་འགོག (Prevention) ཁྱོད་ལ་རྒྱུ་ཆ་དེ་ངེས་པར་དུ་མཁོའམ་ཞེས་པའི་དྲི་བ་གལ་ཆེན་འདི་དྲིས། དཔེར་ན། ཕལ་ཆེར་ཁོང་གིས་བེད་སྤྱོད་མི་བྱེད་པའི་ལག་རྟགས་ཤིག་ཁྱོད་ཀྱིས་ཁོང་ལ་ཉོ་ལ་ལྟ་བུ། གོང་ཆེན་པོོ་ཅན་ཞིག་གམ་དགའ་མོས་ཆེན་པོ་བྱེད་པ་ཞིག་འབུལ་བ་གང་ལེགས་སམ། འདི་ནི་བཟོ་ལྟ་ཞིག་བཅོས་པའམ་དངོས་པོ་བེད་སྤྱོད་རྩ་བ་ནས་མི་གཏོང་བའི་འཆར་གཞི་འཐེན་པ་ཞིག་ཡིན།

ཉུང་དུ་གཏོང་བ། (Minimisation) ཁྱོད་ཀྱིས་དངོས་པོ་བེད་སྤྱོད་གཏོང་ཚད་དང་སྙིགས་རོ་ཉུང་དུ་ཇི་ལྟར་གཏང་ཐུབ་མིན་དྲི་བ་ཐོངས།

དཔེར་ན། ཁྱོད་ཀྱིས་གཟུགས་པོ་བཀྲུ་བར་དུས་ཡུན་ཇི་ཙམ་དགོས་སམ། (ཆུ་དང་གློག་བེད་སྤྱོད་གཏོང་བ་དང་། སྒོར་གྱི་འགྲོ་གྲོན་ཡང་དགོས་པ)

བསྐྱར་སྤྱོད།  (Reuse) དངོས་པོ་གཅིག་ལ་སྤྱོད་གོ་མང་པོ་ཡོད་པ་སོགས་ལ་བསམ་མནོ་ཐོངས། མི་ཞིག་ལ་སྙིགས་རོ་ཡིན་པ་དེ་མི་གཞན་ཞིག་ལ་བེད་སྤྱོད་ཡོད་སྲིད། དེ་ལྟར་སྤེལ་མའི་ལམ་ལུགས་ཤིག་ཕལ་ཆེར་ཡོང་སྲིད་པ་རེད། དཔེར་ན། རྒྱ་གར་པུ་ནེ་ (Pune) རུ་ (Volkswagen) ཞེས་པའི་བཟོ་ལས་ཀྱིས་རང་ཉིད་ཀྱི་ཆུ་སྙིགས་རྣམས་བསྐྱར་སྤྱོད་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་འདུག་པ་ལྟ་བུ་རེད། wastewater (How VW plans to achieve wastewater free production, Global manufacturing, 25/8/14) འདིར་གཟིགས།

བསྐྱར་བཟོ། (recyling) གཞི་རྩའི་རྒྱུ་ཆ་བསྐྱར་སྤྱོད་སྐོར་དྲི་བ་ཐོངས། དཔེར་ན། འགྱིག་གམ་ཤེལ་གྱི་ཆུའི་དམ་བེ་དེ་དག་ཕལ་ཆེར་བསྐྱར་བཟོས་བྱས་པ་ཡིན་གྱི་རེད། དེར་བརྟེན་འགྱིག་དང་ཤེལ་སྐྱར་སྤྱོད་བྱེད་རྒྱུ་ཡོད། འདི་དག་ལ་ (བསྐྱར་བཟོ་) བསྐྱར་སྤྱོད་བྱས་པ་ལས་ལྷག་པའི་ནུས་ཤུགས་ (གློག་དང་དང་རླངས་རྫས་ལྟ་བུ) བཀོལ་དགོས།

ནུས་ཤུགས་བསྐྱར་གསོ་ཅན། (Energy recovery) འདི་ནི་ཧ་ལམ་སྙིགས་རོ་ལས་ནུས་ཤུགས་ (རྒྱལ་ཁབ་ཁ་ཤས་ཀྱིས་གད་སྙིགས་ལ་རླངས་རྫས་བཟོ་བ་ལྟ་བུ) བསྐྲུན་པར་དམིགས་པའི་བསྐྱར་བཟོའི་གནས་སྟངས་ལྟ་བུར་མཐོང་།

(Energy Recovery from Waste, Science Direct, Vol 21, June 2017) དཔྱད་ཞིབ་ལྟར་ན། ད་ལྟའི་རྒྱ་གར་གྱི་གད་སྙིངས་ནུས་ཤུགས་སུ་སྒྱུར་བའི་བཟོ་ལས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་རེད།  

གད་སྙིགས་འདོར་བ། (Disposal) དེ་ནི་གཙོ་བོ་སྙིགས་ཟོམ་གྱི་ནང་དུ་རེད། སྙིགས་རོ་འདོར་རྒྱུའི་བོགས་མ་ལེན་མཁན་ཚོས་སྙིགས་རོ་རྣམས་བསྡུས་ཏེ་ཁྱེར་ནས་ས་ཁུག་སོགས་ལ་འདོར་བ་རེད། དཔེར་ན། མེག་ལོ་གྷན་ཇི་ཡི་དྷ་སྟེང་གཙང་བཟོ་ (CUDP) ཟེར་བ་ནི་མེག་ལོ་གྷན་ཇི་ཐེ་བས་དྷ་སའི་སྙིགས་རོ་འདོར་རྒྱུའི་བོགས་མ་ལེན་མཁན་ཞིག་ཡིན་པ་དང་། དེ་བཞིན་གད་སྙིག་སྟངས་འཛིན་ནི་བོད་དང་ཨམ་རི་སར་ (Amritsar) སོགས་སུ་ཡང་དོ་སྣང་བྱུང་།

པར། ༡ བོད་ཀྱི་སྙིཊ་འདྲེན་རླངས་འཁོར། གཞིས་ཀ་རྩེ། ༢༠༡༧ ཟླ་ ༨

པར། ༢ སྙིཊ་ཟོམ་དང་གད་པ། ཨམ་རི་སར། (Amritsar) ༢༠༡༧ ཟླ་ ༡

ཛ་ཛོར་བཟོ་བ། (Littering) ཛ་ཛོར་གྱི་སྐོར་དཔེ་རིས་སུ་མི་གསལ། དེ་ནི་བསམ་གཞིག་བྱེད་རིན་ཡོད་པའི་སྙིགས་རོ་འདོར་བ་ཞིག་མིན། མི་ཚང་མས་སྙིགས་ཟོམ་བེད་མི་སྤྱོད། དྷ་ཤོས་གཙང་བཟོ་ཁང་གིས་སྲང་ལམ་གད་ཕྱགས་བྱེད་མི་གད་པ་ ༡༥ གླས་འདུག་པ་དང་ལྷས་ཟླ་རེ་བཞིན་གཙང་མར་བཟོ་བཞིན་མཆིས། (དཔྱད་གཞི་ལྷའི་ངོ་དེབ་ཀྱི་འདྲ་པར)

སྙིགས་རོ་དང་ཐོན་ཁུངས་ཀྱི་དཔེ་མཚོན་རིས་མོ་དེ་ཡོ་རོབ་ལྟ་བུའི་ཡར་ཐོན་རྒྱབ་ཁབ་ཀྱིས་ ༡༩༧༥ ལོ་ནས་ཁས་བླངས་པ་དང་། དེའི་སྤྱོད་སྒོ་ཁག ཕྱི་ལོ་ ༢༠༠༨ ལོ་ནས་ཁྲིམས་མཐུན་བཟོས་ཟིན།  (EU Waste Framework Directive 2008/98/C)དེར་ལྟོས། གང་ལྟར་སྔོན་ཐོན་རྒྱལ་ཁབ་ཁག་གིས་སྙིགས་རོ་བཟོ་ཚད་མང་བ་ཡོད་པས་ན་དེ་དག་དགོས་ངེས་སུ་མཐོང་།

བོད་དང་ཧི་མ་ཅལ་ཁུལ་དུ་དཔེ་མཚོན་རི་མོ་འདི་བེད་སྤྱོད་དེ་ཙམ་བྱས་པའི་བདེན་དཔང་མཐོང་རྒྱུ་མེད། མེག་ལོ་གྷན་ཇི་ཡི་བདེན་དཔང་ནི་སྙིགས་རོ་དང་། དེ་དག་གཤོས་ཡོད་པ་རྣམས་ཏེ། དེ་དག་ཁ་ཤས་ནི་ལོགས་སུ་ཕྱེས་ཡོད་པ་(གད་སྙིགས་ལ་དབྱེ་བ་ཕྱེས་བཞག་ཡོད་པ་དེ་འདྲ་ཡིན་ནམ།) དག་རེད་ཅེས་སྙན་ཐོར་གསལ། (pers comm. Sonam, CUDP, October 2017) ལ་ལྟོས། མཚོན་དོན་དཔེ་རིས་འདི་དེ་རིང་ལས་ལྗང་ཙམ་གྱི་ཚད་དུ་སླེབས་པར་བྱེད་པ་ནི་ང་ཚོ་ཚང་མར་གོ་སྐབས་བཟང་པོར་མཐོང་།

ལྷའི་ཟླ་རེའི་ཁོར་ཡུག་གཙང་བཟོའི་སྐབས་གད་སྙིགས་མང་པོ་བསྒྲུགས་ཏེ་གཙང་བཟོ་ཁང་གིས་ལེན་བདེ་སར་དབོར་བ་སོགས་དྷ་སྟེང་གཙང་བཟོ་ཁང་ (CUDP) གིས་མ་མེག་གྷན་ཁུལ་གྱི་སྙིགས་རོ་སྟངས་འཛིན་གྱི་སྣེ་ཁྲིད་ལ་རོགས་བྱེད་བཞིན་ཡོད།

དགེ་བཤེས་ལྷག་རྡོར་ཀྱིས་ཉེ་ཆར་གྱི་བཀའ་སློབ་ཞིག་གི་ནང་། “གལ་ཏེ་ངོ་ཕྱི་དངོས་པོའི་རྗེས་སུ་འབྲངས་པ་ཡིན་ན། དེ་ནས་མྱུར་དར་གང་རུང་གིས་ངང་ནས་ཕྱའི་དངོས་པོ་འདི་དག་རྫོགས་འགྲོ་བ་དང་།  ང་ཚོས་འཛམ་གླིང་གི་ཐོན་ཁུངས་ཡོད་ཚད་སྟོང་པར་བཟོ་བགྱི་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོར་རྒྱུན་ཆད་མེད་པའི་རྒྱལ་ནང་གི་ཐོན་སྐྱེད་ཡོང་ཐབས་མེད། འོནཀྱང་ང་ཚོའི་ནང་གི་ཐོན་ཁུངས་ལ་ཚད་ཀང་ད་རྫོགས་དུས་རྩ་བ་ནས་མེད། དེར་བརྟེན་ང་ཚོ་མཉམ་དུ་ནང་གི་ཐོན་ཁུངས་ལ་འབད་དགོས།” ཅེས་གསུངས། (Paraphrased from Geshe Lakhdor’s teaching 17/10/17 on ’37 Practices of the Bodhisattvas’, Quoting HHDL) ལས། ཕྱི་དངོས་པོའི་ཐོན་ཁུངས་ལས་ནང་གི་ཐོན་ཁུངས་བེད་སྤྱོད་བྱེད་པ་ནི་དངོས་པོ་དང་། སྙིགས་རོ་བཀག་འགོག་གི་དཔེ་མཚོན་ཞིག་རེད། མེག་ལོ་དང་དེའི་ཉེ་འཁོར་མི་མང་གིས་རྒྱབ་སྐྱོར་མེད་པར་ལྷ་དང་དྷ་སྟེང་གཙང་བཟོ་ཁང་གཉིས་ཀྱིས་ཚད་མཐོའི་སྙིགས་རོ་དང་། དངོས་པོའི་ཚད་གཞིའི་མཚོན་དོན་དཔེ་རིས་ཀྱི་ཁྲིམས་རྩོད་ཞུ་གཏུགས་བྱེད་མི་ཐུབ། དེར་བརྟེན་ལྷས་གོ་རྟོག་སྤེལ་བའི་ལས་འགུལ་སྤེལ་གྱི་ཡོད་པའི་གཅིག་ནི་འཛམ་གླིང་ཁོར་ཡུག་ཉིན་མོར་གཙང་བཟོ་བྱེད་པར་འཛུལ་ཞུགས་བྱེད་པ་དེ་རེད། གཞན་པ་ཞིག་ནི་སློབ་ཕྲུག་ཚོ་དང་། ཁོང་ཚོའི་ཕ་མ་རྣམས་ཀྱི་གོམས་གཤིས་ལ་འགྱུར་བ་གཏང་རྒྱུར་སྐུལ་མ་བྱེད་པ་རེད། རྩོམ་ཡིག་འདིའི་དམིགས་ཡུལ་ཡང་གོ་རྟོག་གོང་འཕེལ་ཡོང་རྒྱུར་དམིགས་ཡོད། དངོས་པོ་བེད་སྤྱོད་དང་སྙིག་རོ་སྔོན་འགོག་སྐོར་ལ་སྐུ་ཉིད་ཀྱི་དགོངས་ཚུལ་དང་། ཕྱག་ལེན་གང་ཡོད་ལ་ཡིང་རང་ཞུ།

 

སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝེལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།

སེ་མཱོན་ (Simon) གྱིས་སྙིགས་རོའི་མཚོན་དོན་རི་མོ་དེ་ལོ་སུམ་ཅུའི་མང་ཆེ་བར་ལག་བསྟར་བྱས་པ་རེ། དཔེར་ན། ཁོང་གིས་ཨོ་སི་ཁྲོ་ལི་ཡར་ཡོད་པའི་གཏེལ་ལས་ཁང་དང་། བཟོ་གྲྭ་ཆེ་ཁག་ལ་དངོས་པོ་དང་། སྙིགས་རོ་ལས་ལྡོག་སྟེ་དེ་དག་མི་བྱེད་པའི་གན་རྒྱ་འཇོག་དགོས་སྐོར་གོ་བསྐོན་བློ་འགུག་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།

Previous Contact magazine and Facebook reports and photos on Lha mass clean-up

Worldwatch Institute, State of consumption

World Resources Institute, Water Stress

Peak phosphorous and the implications for India, Science Nordic, 8/9/14

Which countries produce the most waste, World Economic Forum, August 2012

How VW plans to achieve wastewater free production, Global manufacturing, 25/8/14)

Energy Recovery from Waste, Science Direct, Vol 21, June 2017)

EU Waste Framework Directive 2008/98/C

Geshe Lakdor, Director, Tibetan Library of Tibetan Works & Archives, Gangchen Kyishong, Dharamshala on ’37 Practices of the Bodhisattvas’, 17/10/17, Quoting HHDL

Clean Up the World campaign

ཐེངས་ 42250 བཀླགས་འདུག