Donate

ཇཱ་མུ་ཀ་ཤི་སྨྲིར་ནང་ཆུ་ལོག་གི་གནོད་འཚེ་ཤུགས་ཆེ་བཏང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན། ཉེ་བའི་ཆར་བདུན་ཕྲག་གཅིག་ཙམ་རིང་ཆར་ཞོད་བཏུད་མར་འབབ་རྐྱེན། རྒྱ་གར་ནུབ་བྱང་ཇཱ་མུར་དང་ཀ་ཤི་སྨྲིར་(Jammu & Kashmir) མངའ་སྡེའི་ནང་ཆུ་ལོག་ཤུགས་ཆེ་རྒྱུག་ནས་གྲོང་སྡེ་མང་པོ་ཞིག་ཆུར་ནུབ་རྐྱེན། ཁྱོKashmirན་མི་གྲངས་ ༧༦༥༠༠ ཙམ་ཉེན་ཡོལ་གནས་སྤོ་བྱེད་དགོས་བྱུང་བ་མ་ཟད། ཁྱོན་མི་གྲངས་ ༡༥༠ ཙམ་འཆི་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་དེའི་ནང་སྤྱི་སྤྱོད་རླངས་འཁོར་ཞིག་ཆུས་འཁྱེར་རྐྱེན་མི་ ༣༢ རྐྱེན་འདས་ཕྱིན་ཡོད།

དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དུལྷཱ་ Chief Minister Omar Abdullah མཆོག་ལ་སེམས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། མགོན་པོ་གང་ཉིད་མཆོག་གིས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་བློ་ཕམ་ཆེན་པོ་མཛད་བཞིན་པ་དང་། ལྷག་པར་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་མཛད་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་མཛད།

ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཆུ་ལོག་ངལ་སེལ་གྱི་ཐེབས་རྩ་བརྒྱུད་ངལ་སེལ་མྱུར་སྐྱོབ་ཆེད་ཞལ་འདེབས་གསོལ་རས་སྩལ་འདུག

ཕྱོགས་མཚུངས་གསུང་འཕྲིན་ནང་མངའ་སྡེ་གཞུང་གིས་ཆུ་ལོག་ནང་ཚུད་པའི་ཡུལ་མི་རྣམས་སྐྱོབ་ཐབས་དང་གོད་ཆག་ཕོག་མི་རྣམས་ཀྱི་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་རྒྱ་ཆེ་གནང་བཞིན་པར་བསྔགས་བརྗོད་ཀྱང་མཛད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ས་གནས་སུ་ཕེབས་ཏེ། ཐེངས་འདིའི་ཆུ་ལོག་གནོད་སྐྱོན་རྒྱལ་ཡོངས་རང་བཞིན་གྱི་གོད་ཆག་ཅིག་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ཀ་ཤི་མིར་གཞུང་ལ་ཨ་སྒོར་དུང་ཕྱུར་ ༡.༦༦ གིས་རོགས་རམ་གནང་ཡོད་འདུག

མ་ཚད་ད་ཆ་རྒྱ་གར་གཞུང་གིས་དམག་མི་དང་། ཉེན་རྟོག་པ། མྱུར་སྐྱོབ་མི་སྣ་སོགས་ས་གནས་སུ་བཏང་ནས་མི་མང་རྣམས་མྱུར་སྐྱོབ་དང་། གྱོན་ཆས་དང་བཟའ་བཅའ་མཁོ་འདོན་སོགས་ལས་དོན་རྒྱ་ཆེ་བསྒྲུབས་དང་སྒྲུབ་བཞིན་པའི་གནས་ཚུལ་ཐོན་ཡོད།

 

 

ཐེངས་ 42290 བཀླགས་འདུག