Donate

བོད་བྱང་ཐང་གི་རྐྱང་གསོན་བཤུ་བྱེད་མཁན་གྱི་ལག་དམར་བ་འཛིན་བཟུང་།

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༣ ཉིན་བོད་ནང་གི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཚབས་ཆེ་ཐོན་གསལ་ལྟར་ན། རྒྱ་ནག་ཀྲེ་ཅང་ནས་ཡིན་པའི་རྒྱ་མི་འདིས་བོད་ནག་ཆུ་ས་ཁུལ་ཉི་མ་རྫོང་དུ་ཡོང་སྟེ།Chinese Man གཏེར་ཁ་ཕོན་ཆེ་བསྔོགས་འདོན་བྱས་ཡོད་པ་མ་ཟད་དེའི་ཞོར་ལ་ས་གནས་དེའི་གཡས་གཡོན་དུ་གནས་པའི་བོད་ཀྱི་རི་སྐྱེས་རྩ་ཆེའི་སྲོག་ཆགས་རྐྱང་ལ་མནར་གཅོད་ཆེན་པོ་བཏང་སྟེ། མི་སུ་འདྲ་ཞིག་གིས་མཐོང་ཡང་ཧ་ཅང་ཁོང་ཁྲོ་གཏིང་ནས་ལང་དགོས་པའི་བྱ་སྤྱོད་སྤེལ་མཁན་གཏེ་བོ་འདི་ཕྱི་ཚེས ༡༡ ཉིན་གྱི་དགོང་མོར་ས་གནས་དེ་གའི་ནགས་ཚལ་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་སྐོར་གྱི་གནས་ཚུལ་ཐོན་འདུག་པར་སོང་། བོད་མི་རྣམས་མ་ཟད་རྒྱ་ཆེའི་ཁོར་ཡུག་ལ་དོ་སྣང་དང་དོན་གཉེར་ཅན་ཚོར་ཧ་ཅང་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནས་སུ་གྱུར་དགོས་བཟོས་ཡོད། བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་ཁུངས་ཟེར་བས་ས་གནས་ཀྱི་ཚགས་པར་ཁང་གི་གསར་འགོད་པར་བཤད་རྒྱུར། མི་དེ་ནི་ཡུལ་ཕྱོགས་གཞན་ནས་ཡིན་པ་དང་བོད་དུ་ཁང་སའི་ལས་རིགས་དང་ཚོང་ལས་བྱེད་མཁན་ཞིག་ཡིན་པ་དང་། གྱོད་དོན་འདིར་ད་རུང་མུ་མཐུད་དུ་ཞིབ་གཅོད་བྱེད་དགོས་པས། ཞིབ་ཕྲ་གནས་ཚུལ་མང་པོ་ད་རུང་ཕྱི་བསྒྲགས་བྱེད་མི་བདེ། ཞེས་བརྗོད་འདུག
དེ་ཡང་མཐིང་མདོག་གི་གནམ་མཁའ་དང་སྤྲིན་དཀར་པོའི་འོག་ཏུ། བོད་བྱང་ཐང་ཆེན་མོའི་སྟེང་དུ་རྐྱང་ཞིག་དངངས་སྐྲག་ངང་ནས་ཡར་ལ་ལངས་བཞིན་ཡོད་པ་དང་། ལུས་ཕུང་དང་ས་ངོས་ནི་ཁྲག་དམར་གྱིས་ཁེངས་ནས་འདུག འོན་ཀྱང་དེའི་རྒྱབ་ཕྱོགས་སུ་མིག་ཤེལ་ནག་པོ་བརྒྱབ་པའི་སྐྱེས་པ་ཞིག་གི་ལག་གཉིས་ཁྲག་དམར་གྱིས་ཁེངས་ཡོད་པ་དང་། འཛེམ་ཟོན་གང་ཡང་མེད་པར་རྐྱང་དེ་གསོན་བཤུ་བྱས་ཏེ་མནར་གཅོད་བྱེད་བཞིན་ད་དུང་དཔའ་ཉམས་ལྟ་བུ་སྟོན་བཞིན་འདུག མི་མང་པོ་ཞིག་གིས་དེ་ལྟ་བུའི་ཀླ་ཀློའི་བ་བྱ་སྤྱོད་མཐོང་སྐབས་མི་དེའི་གྲས་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་ལྗིད་པོ་བཅོད་དགོས་པའི་བརྡ་འཕྲིན་སྤེལ་འདུག
ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པར། ཧྭ་ནུབ་གྲོང་ཁྱེར་ཚགས་པར་ཁང་གིས་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ལས་ཁུངས་ལ་འབྲེལ་གཏུགས་བྱེད་ཐུབ་པ་བྱུང་པས། དེ་ནས་ངོས་འཛིན་བྱས་པ་བརྒྱུད་ཤེས་གསལ། “རྐྱང་ལ་མནར་གཅོད་གཏོང་བའི་དོན་རྐྱེན་དེ་”ནི་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་བདག་སྐྱོང་ཁུལ་དུ་བྱུང་བ་དང་། ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༠ པའི་སྐབས་སུ་མི་དེ་ས་དེ་གའི་ནགས་ཚལ་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་སྐོར་དང་། མིག་སྔར་གྱོད་དོན་འདི་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་པའི་སྐོར་གྱི་གནས་ཚུལ་སྤེལ་འདུག

ཡོང་ཁུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

ཐེངས་ 42296 བཀླགས་འདུག